སློབ་གྲྭའི་ལུས་རྩལ་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་གྲྭའི་ལུས་རྩལ་སློབ་གསོ།
སློབ་གྲྭའི་ལུས་རྩལ་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི་ལུས་རྩལ་སློབ་གསོ་དར་བའི་རྨང་གཞིའང་ཡིན། སློབ་གྲྭའི་སློབ་གསོའི་དམིགས་ཡུལ་དང་འོས་འགན། སློབ་མའི་ན་ཚོད་སོགས་གཞི་རྩ་བྱས་ནས་ཐག་བཅད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学校体育
ཕྱི་ཡིག་གི་མིང་།
physical education
1 སློབ་གསོའི་ནང་དོན།

མཆོང་རྒྱུག་འཕེན་གསུམ་ནི་མཆོང་ལྡིང་གི་སྐོར་ལ་མཐོ་མཆོང་་དང་རྒྱང་མཆོང་། གོམ་གསུམ་རྒྱང་མཆོང་དང་། འགྲན་རྒྱུག་ལ་ཐུང་རྒྱུག་དང་འབྲིང་རྒྱུག རིང་རྒྱུག ཤུགས་མཐུད་འགྲན་རྒྱུགས། འགོམ་རྒྱུག་བཅས་འདུ། གཡུག་འཕེན་ལ་ལྕགས་གོང་གཡུག་པ། མདུང་ཐུང་གཡུག་པ། ལྕགས་གོར་གཡུག་པ་བཅས་ཡོད་ལ།  འདི་ནི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ཡིན།

ལུས་སྦྱོང་ལ་ཐག་མཆོང་དང་། འཛེགས་བརྒལ། དཔྱང་འདེགས་ལུས་སྦྱོང་། ཤེད་ཤུགས་ལུས་སྦྱོང་། རྩལ་ཤིང་ཡ་མ། རྩལ་ཤིང་ཆ་མ་བཅས་ཡོད་ལ། དེ་དག་ལོ་ཚད་མི་འདྲ་བ་དང་བདེ་ཐང་གི་གནས་ཚུལ་མི་འདྲ་བ་སོ་སོར་མཐུན། སློ་ལོ་ལ་སླེ་སྤོལ་དང་བསྟར་སྤོལ། རྐང་སྤོལ། ཕིང་ཕང་སྤོ་ལོ་བཅས་བྱིས་པ་དང་ན་གཞོན་དགའ་བའི་ནང་དོན་ཡིན། དྲག་རྩལ་ནི་རང་རྒྱལ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིགས་ཤིག་ཡིན། རོལ་རྩེད་ལ་རྩལ་སྦྱང་ཅན་གྱི་རོལ་རྩེད་དང་འགྲན་སྡུར་ཅན་གྱི་རོལ་རྩེད་གཉིས་འདུ་ལ། གོང་གསལ་གྱི་ནང་དོན་དག་དང་ཟུང་འབྲེལ་དམ་པོ་བྱས་ནས་སྤེལ་དགོས། ཆུ་རྩེད་ལ་གན་རྐྱལ་དང་སྦལ་རྐྱལ། རང་མོས་རྐྱལ་ཚུལ་སོགས་ཡོད་ལ། གཙོ་བོ་དྲོད་ཚད་མི་འདྲ་བ་དང་ཟབ་ཚད་མི་འདྲ་བའི་ཆུར་རྐྱལ་ནས་ལུས་ཕུང་སྦྱོང་བརྡར་བྱེད་པ་ཡིན། རང་བྱུང་རྒྱུ་རྐྱེན་གྱི་སྦྱོང་བརྡར་ནི་ཉི་འོད་དང་མཁའ་རླུང་། རྩྭ་ཐང་དང་ནགས་ཚལ། ཆུ་དང་གཙང་བོ་སོགས་རང་བྱུང་ཁམས་ཀྱི་ཆ་རྐྱེན་བཟང་བོ་སྤྱད་ནས་སློབ་མའི་ལུས་ཕུང་བདེ་ཐང་དུ་གཏོང་བ་བཅས་ཡིན།

2 སློབ་གསོའི་རེ་འདུན།

སློབ་མས་ལུས་ཕུང་གི་གནས་སོ་སོ་སྦྱོང་བརྡར་བྱས་ནས་དབང་པོ་ཀུན་བདེ་ཐང་ངང་འཕེལ་རྒྱས་བྱ་བ་ཕྱོངས་ཡོངས་རང་བཞིན་ཡིན།

ལུས་རྩལ་སྦྱོང་བརྡར་གྱི་དཀའ་སླ་དང་དུས་ཡུན་གྱི་ཚད་དེ་སློབ་མའི་ན་ཚོད་དང་ལུས་ཕུང་གི་གནས་ཚུལ་སོགས་ལ་གཞིགས་ནས་ཐག་གཅོད་བྱ་བ་ཚད་མཐུན་རང་བཞིན་ཡིན།

ནང་དོན་དང་དུས་ཡུན་གྱི་ཚད་དེ་བཀོད་སྒྲིག་བྱ་སྐབས་སློབ་མའི་ཁྱད་པར་ལ་གཞིགས་པ་ཁྱད་པར་རང་བཞིན་ཡིན།

ལུས་རྩལ་སྦྱོང་བརྡར་བྱ་སྐབས་བར་མ་ཆད་པ་རྒྱུན་འཁྱོངས་རང་བཞིན་ཡིན།

སྦྱོང་བརྡར་གྱི་དུས་ཡུན་རིང་ཐུང་དང་སྦྱོང་བརྡར་གྱི་ཆེ་ཆུང་། དཀའ་སླ་སོགས་གོ་རིམ་ལྡན་པ་ནི་གོ་རིམ་རང་བཞིན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-25

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།