ཡོངས་འཛིན་རིག་མཛོད། >སློབ་གསོ། >གཞན་དག

མིང་བཏགས།

མིང་བཏགས་ནི་དང་ཐོག་ལས་གནས་ཀྱི་མིང་ཡིན་ལ། གཞུང་ལུགས་ཀྱི་སྟེང་ནས་ཆེད་ལས་ལག་རྩལ་མི་སྣའི་ཆེད་ལས་ལག་རྩལ་གྱི་ཆུ་ཚད་དང་། ནུས་པ། གྲུབ་འབྲས་བཅས་ཀྱི་རིམ་པའི་མིང་དང་། ཆེད་ལས་ལག་རྩལ་མི་སྣའི་ལག་རྩལ་ཆུ་ཚད་དང་བྱ་བའི་ནུས་པའི་མཚོན་རྟགས་མཚོན་བྱེད་ཀྱང་ཡིན། སྤྱི་ཚོགས་འཕེལ་འགྱུར་གྱིས་དགོས་མཁོ་དང་བསྟུན་ནས། རིམ་བཞིན་ཆེད་ལས་ལག་རྩལ་མི་སྣའི་ཆུ་ཚད་ཀྱི་དཔྱད་འཇོག་དང་གདན་ཞུས་ལས་བསྐོས་གཉིས་དགར་དགོས་པའི་ངོས་ཐད་དུ་དཔྱད་འཇོག་དང་གདན་ཞུས་གཉིས་དགར་བ་ཟེར་ལ། མིང་བཏགས་ཀྱི་གོ་དོན་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་། གདན་ཞུས་ལས་བསྐོས་ཀྱི་ལས་གནས་ཀྱི་མིང་ལ་ཆེད་ལས་ལག་རྩལ་གོ་གནས་ཟེར་ལ་བསྡུས་ན་གོ་གནས་ཟེར་ལ། ཆེད་ལས་ལག་རྩལ་མི་སྣའི་ཆུ་ཚད་ནི་ཆེད་ལས་ལག་རྩལ་གོ་གནས་ལས་བསྐོས་ཐོབ་ཐང་ལས་མངོན་དགོས་ལ་བསྡུས་ན་མིང་བཏགས་ཟེར། རིག་གཞུང་གིས་ངོས་ནས་རིམ་པ་མི་འདྲ་བའི་རང་བཞིན་དང་། ཆེད་ལས་ལག་རྩལ་གྱི་ངོས་ནས་ལས་གནས་ཀྱི་རང་བཞིན་ཡོད་ལ། ཆེད་ལས་ལག་རྩལ་མི་སྣར་ཆེད་ལས་ལག་རྩལ་མིང་བཏགས་གང་ཞིག་ལྡན་ན་རིག་གཞུང་ཆུ་ཚད་དམ་ལས་གནས་ཅི་ཞིག་བསྒྲུབས་པ་སོགས་མངོན་པས་ཚད་ངེས་ཅན་གྱི་ཐོབ་ཐང་མངོན་ཡོད།

རིགས་དབྱེ།  

སློབ་གྲྭའི་དམ་ཚིག

དགེ་སློབ་ཡོངས་ཀྱིས་མཉམ་དུ་བརྩི་སྲུང་བྱེད་དགོས་པའི་རྩ་བའི་སྤྱོད་ལམ་དང་ཀུན་སྤྱོད་ཀྱི་ཚད་གཞི་ཡིན། དེ་ནི་སློབ་གྲྭ་ཞིག་གི་སློབ་སྒྲུབ་དགོངས་གཞི་དང་སློབ་བཅོས་སྙིང་སྟོབས་དང་། སློབ་རའི་རིག་གནས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོའང་ཡིན་པར་མ་ཟད། སློབ་གྲྭ་ཞིག་གི་ཁྲིད་སྲོལ་དང་སློབ་སྲོལ། སློབ་གྲྭའི་སྲོལ་གསུམ་གྱི་གཅིག་བསྡུས་ཀྱི་མངོན་ཐབས་ཀྱང་ཡིན་ལ། སློབ་ཆེན་རིག་གནས་སྙིང་སྟོབས་ཀྱི་ནང་སྙིང་ཡང་ཡིན།

རིགས་དབྱེ།  

སྡུད་ལེན་བརྡ་ཐོ།

མཐོ་རིམ་སློབ་གྲྭའི་སློབ་མ་སྡུད་ལེན་དང་ཞིང་ཆེན་སློབ་གསོ་གཙོ་འགན་སྡེ་ཁག་གིས་ཆོག་མཆན་ཐོབ་ནས་སྡུད་ལེན་བྱས་པའི་སློབ་མ། དེ་ཡང་མཐོ་རིམ་སློབ་གྲྭའི་གཅིག་གྱུར་སྒོས་འཐད་པ་བྱུང་ནས་སློབ་མ་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱས་ཆོག་པའི་བརྡ་ཐོ་ཡི་གེ་ཡིན་ལ། ཁྲིམས་ལུགས་ཀྱི་ནུས་པ་ཡོད། སྡུད་ལེན་བརྡ་ཐོའི་སྟེང་དུ་སྤྱིར་བཏང་དུ་སྡུད་ལེན་སློབ་མའི་རུས་མིང་དང་། ཐོབ་ཐང་དཔང་རྟགས་ཀྱི་ཨང་གྲངས། མཐོ་རྒྱུགས་རྒྱུགས་ལེན་ཨང་རྟགས། སྡུད་ལེན་སྡུད་ཐེངས། རིག་ཚན་དབྱེ་བ། མིང་ཐོ་འགོད་པའི་དུས་ཚོད། སྡུད་ལེན་མཐོ་རིམ་སློབ་གྲྭའི་གཞུང་ཐེམ་བཅས་འགོད་དགོས། ད་དུང་སློབ་གྲྭ་འདི་ནི་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་ནས་མཐོ་རིམ་བསླབས་རིམ་སློབ་གསོ་སློབ་སྡུད་ཐོབ་ཐང་ཡོད་པའི་མཐོ་རིམ་དཀྱིས་མའི་སློབ་གྲྭ་ཞེས་པའི་ཡི་གེ་འགོད་དགོས།

རིགས་དབྱེ།  

ཁ་རྒྱུགས།

ཁ་རྒྱུགས་ནི་རྩ་འཛུགས་བྱེད་མཁན་གྱིས་སེམས་རྣལ་མས་འཆར་འགོད་བྱས་ཏེ། གནས་གཏན་གྱི་ཁོར་ཡུག་འོག་རྒྱུགས་དཔོན་གྱིས་རྒྱུགས་སྤྲོད་མཁན་ལ་ཕན་ཚུན་ཁ་གཏད་དེ་འབྲེལ་འདྲིས་དང་ལྟ་ཞིབ་ནི་བྱེད་ཐབས་གཙོ་བོ་ཡིན་ལ། ཕྱོགས་ཡོངས་ནས་རྒྱུགས་སྤྲོད་མཁན་གྱི་ཤེས་བྱ་དང་ནུས་པ། ཉམས་མྱོང་སོགས་འབྲེལ་ཡོད་ཀྱི་སྤུས་ཚད་རྒྱུགས་ལེན་གྱི་བྱ་འགུལ་ཡིན། ཁ་རྒྱུགས་ནི་ལས་ཁུངས་ཀྱིས་ལས་མི་འདེམས་པའི་བྱེད་ཐབས་གཙོ་བོ་ཡིན། ཁ་རྒྱུགས་ཀྱིས་ལས་ཁུངས་དང་རྒྱུགས་སྤྲོད་མི་སྣར་འབྲེལ་འདྲིས་ཀྱི་གོ་སྐབས་བསྐྲུན་ཏེ། ལས་ཁུངས་དང་རྒྱུགས་ལེན་མཁན་བར་དུ་འབྲེལ་འདྲིས་རྒྱུས་ལོན་བྱས་ཏེ། ཕྱོགས་གཉིས་ཀས་ཡང་དག་པའི་སྒོ་ནས་བསྡུ་ལེན་བྱེད་མིན་དང་ལས་ཁུངས་སུ་འགྲོ་མིན་ལ་ཐག་གཅོད་ཀྱི་གོ་སྐབས་སྟེར་ཐུབ།

རིགས་དབྱེ།  

སློབ་རའི་རིག་གནས།

སློབ་རའི་རིག་གནས་ནི་སློབ་མ་གྲུབ་ཆ་གཙོ་བོ་དང་སློབ་གསེང་རིག་གནས་བྱ་འགུལ་ནི་ནང་དོན་གཙོ་བོ། སློབ་རའི་རིག་གནས་འཛུགས་སྐྲུན་ནི་སློབ་གླིང་ས་གནས་གཙོ་བོ་དང་དེ་སློབ་གླིང་གི་འགོ་ཁྲིད་དང་དགེ་བཟོ་བ་ནང་དུ་འདུས་བའི་སློབ་རའི་སེམས་ཤུགས་ཁྱད་ཆོས་གཙོ་བོ་ཡིན་པའི་ཚོགས་པ་རང་བཞིན་གྱི་རིག་གནས་ཞིག་ཡིན།

རིགས་དབྱེ།  

རྒྱུགས་མཛོད།

སློབ་གསོའི་ཚད་འཇལ་གཞུང་ལུགས་ངེས་ཅན་ཞིག་གཞིར་བཟུང་ནས་རྩིས་འཁོར་མ་ལག་ཁྲོད་མངོན་འགྱུར་བྱས་པའི་བསླབ་ཚན་རྒྱུགས་གཞི་ཕྱོགས་བསྡུས་དང་། དེ་ནི་སློབ་ཁྲིད་དཔེ་དབྱིབས་གྱི་རྨང་གཞིའི་སྟེང་སྒྲིག་འཛུགས་བྱས་པའི་སློབ་གསོའི་ཚད་འཇལ་ལག་ཆ་ཞིག་ཡིན།

རིགས་དབྱེ།  

ཚེ་གང་སློབ་གསོ།

ཚེ་གང་སློབ་གསོ་ནི་མི་རྣམས་ཀྱིས་མི་ཚེའི་བརྒྱུད་རིམ་སོ་སོ་ནས་མྱངས་པའི་སློབ་གསོའི་བསྡུས་མིང་ཡིན་ལ། མི་ཡིས་རིགས་མི་གཅིག་པའི་སློབ་གསོ་མྱངས་པའི་གཅིག་གྱུར་གྱི་བསྡུས་མིང་ཡིན། དེ་ལ་སློབ་གསོའི་མ་ལག་གི་རིམ་པ་སོ་སོ་དང་རྣམ་པ་སོ་སོ། ད་དུང་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ། ཚད་ལྡན་སློབ་གསོ་དང་ཚད་ལྡན་མ་ཡིན་པའི་སློབ་གསོ། མི་རེ་རེར་ཆེས་བཟང་བོའི་ཤེས་བྱ་དང་ལག་རྩལ་གྱི་དགོས་མཁོ་སྐོང་དང་། ཚེ་གང་སློབ་གསོའི་བསམ་བློ་ནི་རྒྱལ་ཁབ་མང་བོའི་སློབ་གསོའི་བཅོས་སྒྱུར་གྱི་མཛུབ་སྟོན་ཁ་ཕྱོགས་སུ་གྱུར་ཡོད།

རིགས་དབྱེ།  

མཐོ་རྒྱུགས།

མཐོ་རིམ་དཀྱུས་མའི་སློབ་གྲྭར་སློབ་མ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞིའི་བསྡུས་མིང་ཡིན་ལ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ(ཞང་ཀང་། ཨའོ་མོན། ཐེ་ཝན་བཅས་ཕུད)ཀྱི་སློབ་ཆེན་འགྲིམས་པར་ཧ་ཅང་གཙོ་ཆེ་བའི་རྒྱུགས་ལེན་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྩ་འཛུགས་བྱེད་པའམ་རང་བདག་རྒྱུགས་གཞི་བསྒྲིག་པའི་ཞིང་ཆེན་རིམ་པའི་རྒྱུགས་ལེན་གླིང་ནས་རྒྱུགས་གཞི་བསྒྲིག་པ་ཡིན་ལ། ལོ་རེའི་ཟླ6བའི་ཚེས7-8ཉིན་ནི་རྒྱུགས་ལེན་ཉིན་མོ་ཡིན་ལ། ཞིང་ཆེན་ཁག་ཅིག་གི་རྒྱུགས་ལེན་ཉིན་གསུམ་ཡིན། 2015ལོ་ནས་བཟུང་། མཐོ་རྒྱུགས་ཁྲོད་ཀྱི་ལུས་རྩལ་ཁྱད་ཆོས་ཅན་གྱི་སློབ་མ་སོགས་སྣ་དྲུག་གི་སྐར་མ་སྣོན་པ་མེད་པར་བཟོས།

རིགས་དབྱེ།  

སློབ་ཁྲིད་དངོས་སྦྱོང་།

དགེ་རྒན་གྱི་མཛུབ་སྟོན་འོག་ཏུ། སློབ་མར་ལག་རྩལ་རྨང་གཞིའམ་ཆེད་ལས་རྨང་གཞིའི་བསླབ་ཚན་གྱི་ཤེས་བྱ་དང་དངོས་ཡོད་འབྲེལ་བར་བྱས་ཏེ་བཀོལ་སྤྱོད་དང་། ཚོར་སྣང་གི་ཤེས་རྟོགས་ཇེ་མཐོར་གཏོང་བ་དང་གཞུང་ལུགས་བདེན་བཤེར་བྱེད་པ། ལག་རྩལ་ཇེ་མཐོར་གཏོང་བ། ཆེད་ལས་དང་འབྲེལ་བ་ཡོད་པའི་རྩ་བའི་བཀོལ་སྤྱོད་བྱེད་ཐབས་དང་ཐོན་སྐྱེད་ངལ་རྩོལ་རྒྱུས་ལོན་བྱས་ཏེ་བསམ་བློ་སློབ་གསོའི་ལག་ལེན་སློབ་ཁྲིད་རྣམ་པ་ཡིན་ལ། རྒྱུན་དུ་སློབ་གྲྭའི་དངོས་སྦྱོང་ལྟེ་གནས་སུ་སྤེལ་བ་ཡིན།

རིགས་དབྱེ།  

ལག་ལེན་སློབ་ཁྲིད།

གཞུང་ལུགས་ཤེས་བྱ་སྲ་བརྟན་དང་གཞུང་ལུགས་ཤེས་བྱའི་གཏིང་ཟབ་འཇུག་པར་ནུས་པ་ཐོན་པའི་བརྒྱུད་ལམ་ཡིན་ལ། དེ་ནི་གསར་གཏོད་ཀྱི་འདུ་ཤེས་དང་སྤུས་ཚད་མཐོ་བའི་བཟོ་སྐྲུན་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པའི་གོ་རིམ་གཙོ་བོ་ཞིག་ཡིན་པ་དང་། གཞུང་ལུགས་ལག་ལེན་དང་འབྲེལ་ཏེ་སློབ་མའི་ཚན་རིག་གི་བྱེད་ཐབས་རྒྱུས་ལོན་དང་ལག་པ་འགུལ་བའི་ནུས་པ་སྦྱོང་བརྡར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། སློབ་མའི་སྤུས་ཚད་མཐོར་འདེགས་དང་ཡང་དག་པའི་རིན་ཐང་ལྟ་ཚུལ་གྲུབ་པར་ཕན་ཐོགས་ཆེན་པོ་ཡོད།

རིགས་དབྱེ།  

ལས་མཁོའི་དཔེ་དེབ།

ལས་མཁོའི་དཔེ་དེབ་ནི་ཅུང་ཆ་ཚང་བའི་དཔྱད་ཡིག་མཉམ་བསྡུས་ཀྱིས་གསལ་བྱེད་ཀྱི་གོ་རིམ་མམ་ཡང་ན། རིགས་དབྱེའི་རྣམ་པ། བརྗོད་གཞི། ལོ་ཚིགས། ས་གནས་སོགས་ངེས་གཏན་གྱི་ཐབས་ཤེས་ལས་རིམ་སྒྲིག་བྱས་ནས་དོགས་གནད་དང་དཀའ་གནད་འཕྲད་སྐབས་རྩད་འཚོལ་བྱེད་པར་སྤྱོད་པའི་དཔེ་དེབ་ལ་ཟེར།

རིགས་དབྱེ།  

ཁ་ཏ།

ཁ་ཏ་ཞེས་པ་ནི་ཕ་རོལ་པོའི་སེམས་པའམ་བྱ་སྤྱོད་ལ་འགྱུར་བ་གཏོང་དུ་འཇུག་པའི་སྐད་ཆའི་ཐོག་ནས་སྤེལ་རེས་བྱེད་ཚུལ་ཞིག་ཡིན།

རིགས་དབྱེ།  

དཔེ་ཀློག་གི་ཕན་ནུས།

དཔེ་ཀློག་ནི་མི་ཞིག་གི་མི་ཚེའི་ཧྲིལ་བོའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན། དཔེ་ཀློག་ལ་བརྟེན་ནས་ཤེས་བྱ་མང་པོ་སློབ་ཐུབ་པ་དང་། གྲོགས་པོ་མང་པོ་བསྒྲིགས་ཐུབ་པ། མིག་རྒྱང་སྐྱེད་ཐུབ་པ། རང་ཉིད་ཀྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་འདུག

རིགས་དབྱེ།  

སློབ་ཁྲིད་གྲ་སྒྲིག

སློབ་ཁྲིད་གྲ་སྒྲིག་ནི་སློབ་ཁྲིད་ཀྱི་མགོ་རྩོམ་པའི་གནད་འགག་གལ་ཆེན་ཞིག་ཡིན་ལ། སློབ་ཁྲིད་བཟང་པོ་ཞིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་སློབ་ཁྲིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ཁག་ཐེག་གཙོ་བོའང་ཡིན། དེའི་ཕྱིར་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ཏེ། སློབ་ཁྲིད་རྩ་གནད་ལ་རྒྱུས་ལོན་བྱེད་པ་དང་། སློབ་གཞི་ཁོང་དུ་ཆུད་པ། སློབ་མའི་གནས་ཚུལ་དངོས་དང་བསྟུན་ནས་སློབ་ཁྲིད་འཆར་གཞི་འགོད་དགོས།

རིགས་དབྱེ།  

སློབ་དཔོན་བསྟེན་ནས་ཤེས་པའི་ཡོན་ཏན་གྱི་ཁྱད་ཆོས་བརྒྱད།

ནང་བའི་གཞུང་དུ་བསྟན་པའི་སློབ་དཔོན་བསྟེན་ཚུལ་ལས་རང་རྒྱུད་ལ་འབྱོར་བའི་ཤེས་པའི་ཡོན་ཏན་ལ་ཁྱད་ཆོས་བརྒྱད་ཡོད་དེའོ།།

རིགས་དབྱེ།  

ལམ་ལུགས་དང་སྒྲིག་གཞི།

ལམ་ལུགས་དང་སྒྲིག་གཞི་ནི་སློབ་ཆེན་སློབ་གསོའི་མ་ལག་ཁྲོད་ཀྱི་སྤྱི་ཚོགས་དང་ཐད་ཀར་འབྲེལ་བའི་རིམ་པ་ཞིག་ཡིན་ཞིང་། སྤྱི་ཚོགས་ཁྲོད་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་ཅིང་སློབ་ཆེན་སློབ་གསོའི་འཕེལ་རྒྱས་དེ་རྒྱལ་ཇུས་ཆེན་པོ་ཞིག་ཏུ་བཞག་ནས་སྤེལ་གྱིན་ཡོད། ཡིན་ནའང་ང་ཚོས་ཤེས་དགོས་པ་ནི། སློབ་ཆེན་བཅོས་སྒྱུར་ཞེས་པ་དང་འཇོན་ནུས་ལྡན་པའི་མི་སྣ་ནང་འདྲེན། རྒྱལ་སྤྱི་དང་མཐུད་སྦྲེལ་དང་། 985དང211ལས་གྲྭ། འཛམ་གླིང་གི་རིམ་པ་དང་བོའི་སློབ་ཆེན་དུ་འཛུགས་སྐྲུན་བྱེད་དགོས་ཞེས་པ་སོགས་གང་ཞིག་ཡིན་རུང་། དེའི་ཤུགས་སུ་ཀྲུང་གོའི་སློབ་གསོའི་ཆུ་ཚད་དམའ་བ་གསལ་བཤད་བྱེད་བཞིན་ཡོད་པ་རེད།

རིགས་དབྱེ།  

ཤར་ཕྱོགས་གསར་བའི་ཁྱིམ་ཚང་སློབ་གསོ་ཞིབ་འཇུག་དང་མཛུབ་སྟོན་ལྟེ་གནས།

ཤར་ཕྱོགས་གསར་བའི་ཁྱིམ་ཚང་སློབ་གསོ་ཞིབ་འཇུག་དང་མཛུབ་སྟོན་ལྟེ་གནས་ནི་སྤྱི་ལོ2008ལོའི་ཟླ10པར་པེ་ཅིང་དུ་བཙུགས། ལྟེ་གནས་ནི་ཤར་ཕྱོགས་གསར་བའི་སློབ་གསོ་ཚན་རྩལ་ཚོགས་པར་གཏོགས་ཤིང་། སྤྱི་ཚོགས་དང་སྤྱི་དམངས་ཀྱིས་རང་ཚུགས་ངང་འཁོར་སྐྱོད་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སྡེ་ཁག་ཏུ་གཏོགས། ལྟེ་གནས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འདུ་ཤེས་བཅངས་ནས། སྤུས་ཚད་མཐོ་བའི་ཁྱིམ་ཚང་སློབ་གསོའི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ནས། སྔོན་ཐོན་གྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་བྱེད་ཐབས་དྲིལ་བསྒྲགས་སམ་ཁྱབ་གདལ་དུ་བཏང་སྟེ། ཀྲུང་གོའི་ཁྱིམ་ཚང་སློབ་གསོ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

རིགས་དབྱེ།  

ཕྱག་འཇུས་གནང་བ།

《ཕྱག་འཇུས་གནང་བ》ནི་རྩོམ་པ་པོ་ཚེ་འབར་གྱིས་བརྩམས་ཤིང་། དེར་རིགས་རུས་མཆོག་དམན་སྨྲ་བའི་ལྟ་ཚུལ་ངན་པར་རྒོལ་རྡུང་བཏང་ཡོད།

རིགས་དབྱེ།  

ཕུལ་དུ་བྱུང་བའི་ཚན་རིག་པ་ཀྲུའུ་ཁི་ཀྲིན།

《ཕུལ་དུ་བྱུང་བའི་ཚན་རིག་པ་ཀྲུའུ་ཁི་ཀྲིན》ཞེས་པ་ནི་རྩོམ་པ་པོ་པེའུ་ཡེ་དང་པོའུ་ཧྲིན་གཉིས་ཀྱིས་བརྩམས་པའི་སློབ་ཚན་ཞིག་ཡིན།

རིགས་དབྱེ།  

རྩྭ་ཐང་དྲན་གླུ།

《རྩྭ་ཐང་དྲན་གླུ》ནི་དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་ཤིང་། བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ཁོངས་སུ་གཏོགས་སོ༎

རིགས་དབྱེ།  

ནགས་རྫོང་ཡུལ་ཆོས།

《ནགས་རྫོང་ཡུལ་ཆོས》ནི་སྤྱི་ལོ2009ལོར་ཝུའུ་ཧན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དཔེ་དེབ་ཅིག་ཡིན་ལ། སི་ཕན་གྱི་རྩོམ་པ་པོ་ཀཱ་ལཱ་ཞི་ཨན་གྱིས་བརྩམས།

རིགས་དབྱེ།  

མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་པ།

མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་པ་ནི་དྲག་རྩལ་རིག་ཚན་གྱི་ཆེད་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་རྨང་གཞིའི་ཐོག་ཀྲུང་གོའི་དྲག་རྩལ་གཙོ་བོར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་ལུས་རྩལ་དང་སྲོལ་རྒྱུན་ལུས་གསོའི་ལུས་རྩལ་ཚུད་པའི་ཕྱོགས་བསྡུས་རང་བཞིན་གྱི་གསར་དར་རིག་ཚན་ཞིག་ཡིན་ལ། ཧྲང་ཧའེ་ལུས་རྩལ་སློབ་གླིང་དེ་སློབ་གསོ་པུའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ལུས་རྩལ་རིག་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཆེད་ལས་ཚད་ལྡན་ཞིབ་བཟོ་བྱས་པའི་སྣེ་ཁྲིད་ཚན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་པའི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པ་དང་འབུམ་རམས་ཐོབ་ཟིན་སྐོར་སྐྱོད་ས་ཚིགས་འབའ་ཞིག་ཡིན།

རིགས་དབྱེ།  

སློབ་ཁོངས།

སློབ་ཁོངས་ནི་སློབ་མ་ཞིག་སློབ་གྲྭ་ག་གེ་མོའི་བཅའ་ཁྲིམས་སྟེང་གི་ཐོབ་ཐང་ཞིག་ཡིན་ཞིང་། སློབ་མའི་མིང་ཐོ་འགོད་བྱེད་ཀྱི་འབྲི་དེབ་དང་། སློབ་གྲྭ་ག་གེ་མོའི་སློབ་མའི་ཐོབ་ཐང་ལ་ཟེར། སྤྱི་ལོ2013ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་ཁོངས་ཆ་འཕྲིན་དོ་དམ་མ་ལག་རགས་ཙམ་བཙུགས་ཡོད།

རིགས་དབྱེ།  

སློབ་མཚམས་འཇོག་པ།

སློབ་མཚམས་འཇོག་པ་ཞེས་པ་ནི་སློབ་མ་རྒྱུ་རྐྱེན་གཞན་པའི་དབང་གིས་མུ་མཐུད་དུ་སློབ་སྦྱོང་བྱེད་མི་ཐུབ་པར་སློབ་གྲྭའི་མོས་མཐུན་བྱུང་བ་བརྒྱུད་སློབ་ཁོངས་སོར་འཇོག་བྱས་ཏེ་སློབ་སྦྱོང་བྱེད་མཚམས་འཇོག་པ་ལ་ཟེར།

རིགས་དབྱེ།  

SQ3R

SQ3Rལྟ་ཀློག་བྱེད་ཐབས་ནི། ལྟ་ཀློག་ནུས་པ་མཐོར་འདེགས་བྱེད་ཐབས་ཤིག་ཡིན་ལ། ཨ་རིའི་ཨའེ་ཧི་ཧྭ་སློབ་ཆེན(The University of Iowa)གྱི་སེམས་ཁམས་རིག་པའི་སློབ་དཔོན་ཆེན་མོ་ལའོ་པེན་སིན(F. P. Robinson)གྱིས་བཏོན་པའི་ནུས་ཕྱོད་ལྡན་པའི་སྒོ་ནས་ལྟ་ཀློག་བྱེད་ཐབས་ཤིག་ཡིན། SQ3Rལྟ་ཀློག་བྱེད་ཐབས་ནི་དབྱིན་ཡིག་གི་ཐ་སྙད་ལྔའི་གསལ་བྱེད་དང་པོ་བསྡུས་ཏེ་གྲུབ་པ་ཞིག་ཡིན་ཞིང་། དེ་དག་ནི་ལྟ་བཤེར(Survey)དང་། དྲི་བ་འདོན་པ(Question)དང་། ཞིབ་ཀློག(Read)དང་། ཕྱིར་དྲན(Recite)དང་། བསྐྱར་སྦྱོང(Review)བཅས་སོ།།

རིགས་དབྱེ།  

ཁང་ནའེ་ཨེར་ཟིན་བྲིས་རྒྱུད་ཁོངས།

ཁང་ནའེ་ཨེར་ཟིན་བྲིས་རྒྱུད་ཁོངས་ནི། ཝོ་ཨེར་ཐུ·པའོ་ཁུ་སོགས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སློབ་མར་ནུས་ཕྱོད་ལྡན་པའི་ངང་ཟིན་བྲིས་འབྲི་རྒྱུར་ཕན་བདེ་སྐྲུན་པ་དེ་ཡིན། ཁང་ནའེ་ཨེར་ཟིན་བྲིས་རྒྱུད་ཁོངས་ཁྲོད་ཤོག་ངོས་གཅིག་ཁག་གསུམ་དུ་བགོས་ཡོད་པ་སྟེ། གཡོན་ཕྱོགས་ཀྱི་བཞི་ཆའི་གཅིག་ཡས་མས(ཁུངས་སྣེའི་སྒྲོམ)དང་འོག་གི་ལྔ་ཆའི་གཅིག་ཡས་མས་ཀྱི་བར་སྟོང་།(སྤྱི་སྡོམ)གཡས་ཀྱི་བར་སྟོང་ཆེ་ཤོས(མ་ཟིན)བཅས་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སློབ་གསོ།

སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སློབ་གསོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་རྣམ་པའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སློབ་གསོ་ཞིག་ཡིན།

རིགས་དབྱེ།  

རིག་ཚན་སློབ་གསོ་རིག་པ།

《རིག་ཚན་སློབ་གསོ་རིག་པ》ཞེས་པ་ནི་སྤྱི་ལོ2002ལོའི་ཟླ2པའི་ཚེས1ཉིན་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ཐའོ་པུན་ཡིན།

རིགས་དབྱེ།  

སློབ་གསོ་རིག་པའི་མ་ལག

སློབ་གསོ་རིག་པའི་ཁོངས་གཏོགས་ཀྱི་ཡན་ལག་རིག་ཚན་སོ་སོའི་སྤྱི་བསྡོམས་ལ་ཟེར།

རིགས་དབྱེ།  

སྤྱོད་བཟང་འདུན་ཆེའི་མི་སྣ།

སྤྱོད་བཟང་འདུན་ཆེའི་མི་སྣ་ནི་རྒྱའི་གཏམ་དཔེ་ཞིག་ཡིན་ལ། སྒྲ་སྦྱོར་ནིrén rén zhì shìཞེས་པ་དེ་ཡིན། མ་གཞི་བྱམས་བརྩེ་ལྡན་པ་དང་། དྲང་བདེན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་མི་དང་། རྒྱལ་གཅེས་གསར་བརྗེའི་བྱ་གཞག་གི་ཆེད་དུ་ནུས་ཤུགས་འདོན་མཁན་གྱི་མི་ལ་ཟེར་བ་ཡིན།《ཁུང་ཙིའི་གསུང་སྒྲོས•ཝེ་ལིང་ཀུང》ལས་དྲངས།

རིགས་དབྱེ།  

གཞན་དག  བརྡ་འགྲེལ 189 ཡོད།