ལས་རིགས་ལག་རྩལ་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་རིགས་ལག་རྩལ་སློབ་གྲྭ།
ལས་རིགས་ལག་རྩལ་སློབ་གྲྭ་ནི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ལག་ཅིག་ཡིན་ཞིང་། དེ་ནི་ལས་རིགས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཆུ་ཚད་མཐོ་རུ་གཏོང་བ་གཙོ་བོར་འཛིན་པའི་སློབ་གྲྭ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གཉེར་བྱེད་སྟངས་ཀྱི་ཐོན་རྫས་ཡིན། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས་ཚོང་རའི་ལས་ཞུགས་འགྲན་རྩོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་། ལག་རྩལ་དཔྱད་ཞིབ་བྱས་པ་བརྒྱུད་དེ་ཚད་ལྡན་དུ་གྱུར་ཚེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་ལས་རིགས་ཐོབ་ཐང་དཔང་ཡིག་དང་འབྲིང་རིམ་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཐོབ་ཐང་གནང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
职业技术学校
ཕྱི་ཡིག་གི་མིང་།
vocational technology school
ཁོངས་གཏོགས་རིག་ཚན།
སློབ་གསོ།
ཉེར་སྤྱོད་ཁྱབ་ཁོངས།
སློབ་གྲྭའི་རིགས་དབྱེ།
1 ངོ་སྤྲོད།

ལས་རིགས་ལག་རྩལ་སློབ་གྲྭ་ནི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ལག་ཅིག་ཡིན་ཞིང་།  དེ་ནི་ལས་རིགས་ལག་རྩལ་གསོ་སྦྱོང་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཆུ་ཚད་མཐོ་རུ་གཏོང་བ་གཙོ་བོར་འཛིན་པའི་སློབ་གྲྭ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གཉེར་བྱེད་སྟངས་ཀྱི་ཐོན་རྫས་ཡིན།  ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས་ཚོང་རའི་ལས་ཞུགས་འགྲན་རྩོད་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ་དང་།  ལག་རྩལ་དཔྱད་ཞིབ་བྱས་པ་བརྒྱུད་དེ་ཚད་ལྡན་དུ་གྱུར་ཚེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་ལས་རིགས་ཐོབ་ཐང་དཔང་ཡིག་དང་འབྲིང་རིམ་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཐོབ་ཐང་གནང་བ་ཡིན།

2 ལོ་རྒྱུས་འཕེལ་རིམ།

བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སུ་ལས་རིགས་ལག་རྩལ་གསོ་སྦྱོང་གི་བྱ་བ་གཉེར་མཁན་གྱི་སྡེ་ཁག་སྐོར་ཞིག་གི་མིང་ལ་ལག་རྩལ་སློབ་གྲྭ་དང་ཡང་ན་ལས་རིགས་སློབ་གྲྭ་ཞེས་འབོད་པ་ཡིན།  དེའི་རྗེས་སུ།  སློབ་གྲྭ་མང་ཆེ་ཤོས་ཤིག་མཉམ་དུ་བསྲེས་ནས་མིང་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞེས་ཐོགས།  དུས་རབས་འདིའི་དུས་མགོ་ནས་བཟུང་།  འབྲིང་རིམ་ལས་རིགས་སློབ་གྲྭ་ཁ་གྱེས་ནས་ལ་ལ་ཞིག་སློབ་འབྲིང་དུ་གྱུར་བ་དང་།  ལ་ལ་ཞིག་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དུ་གྱུར།  ལ་ལ་ཞིག་སྒེར་གཉེར་ཁེ་ལས་ལ་གནང་བ་རེད། 

3 གསོ་སྐྱོང་བྱེད་ཕྱོགས།

ལས་རིགས་ལག་རྩལ་སློབ་གྲྭར་དམིགས་སའི་རང་བཞིན་ཡོད་པ་དང་།  དོན་དངོས་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་པར་ཧ་ཅང་དོ་སྣང་བྱས་ནས་སློབ་མའི་ལག་རྩལ་མཐོ་རུ་གཏོང་བ་ཡིན།  རྒྱལ་ཁབ་ལ་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་ཧ་ཅང་མཁོ་བ་དང་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཧ་ཅང་དོ་སྣང་བྱེད་པ་ཡིན།  དེ་བས་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་རྣམས་ཀྱི་གླ་ཕོགས་ཀྱང་གཞན་དང་བསྡུར་ན་ཅུང་མཐོ་བ་ཡིན་ལ།  ལྷག་པར་དུ་ཉམས་མྱོང་ཡོད་པའི་ལག་རྩལ་པ་རྣམས་ལ་མཚོན་ན་དེ་བས་ཀྱང་མཐོ་བ་དང་།  ཁེ་ལས་ལ་རྒྱུན་དུ་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་ཧ་ཅང་མཁོ་བ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།