ཡོངས་འཛིན་རིག་མཛོད། >སློབ་གསོ། >མི་རིགས་སློབ་གསོ།

མི་རིགས་སློབ་གསོ།

མི་རིགས་སློབ་གསོ་ནི་གྲངས་ཉུང་མི་རིགས་སློབ་གསོའི་བསྡུས་མིང་ཡིན། དེ་ནི་རྒྱ་རིགས་ལས་གཞན་པའི་གྲངས་ཉུང་མི་རིགས55ཡི་ལག་བསྟར་བྱས་པའི་མི་རིགས་སློབ་གསོ་ཡིན་ལ། དེ་ནི་ཀྲུང་གོ་ཡོངས་ཀྱི་སློབ་གསོའི་གྲུབ་ཆ་གཙོ་བོའི་ཁག་ཅིག་ཡིན། 2015ལོའི་ཟླ8པར《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་ཐག་གཅོད》ཁྱབ་བསྒྲགས་བྱས་པའི་རེ་བ་ལས་ཁྲིམས་ལུགས་ཀྱི་གཞི་རྩ་ཡོད་ལ། སྒྲིག་སྲོལ་བརྩི་སྲུང་དང་དངོས་ཡོད་ལ་བསྟུན་པ། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་གྱུར་སྐད་ཡིག་གི་སློབ་གསོ་ཁྱབ་བརྡལ་དུ་གཏོང་དགོས་ལ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་ཡིག་ལ་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས། གྲངས་ཉུང་མི་རིགས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རྒྱལ་ཁབ་གཅིག་གྱུར་སྐད་ཡིག་ལ་རྒྱུས་ལོན་ཟབ་མོ་དང་བཀོལ་སྤྱོད་བྱེད་པར་ཐོགས་པ་མེད་དགོས། རྒྱལ་ཁབ་གཅིག་གྱུར་སྐད་ཡིག་སློབ་གསོའི་རྨང་གཞི་ཞན་པའི་ས་ཁུལ་ནས་སློབ་སྔོན་སློབ་གསོའི་རིམ་པའི་རྩ་བར་ལོ་གཉིས་ཀྱི་སྐད་གཉིས་སློབ་གསོའི་ཁྱབ་བརྡལ་དང་འོས་འགན་སློབ་གསོར་སྐད་གཉིས་སློབ་གསོ་ཁྱབ་བརྡལ་གཏོང་དགོས།

རིགས་དབྱེ།  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཉེ་རབས་བོད་ཁུལ་ན་སྙན་གྲགས་ཅུང་ཆེ་བའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན་ལ། འདིར་སློབ་གསོའི་ཁ་ཕྱོགས་དང་དམིགས་ཡུལ། སློབ་གསོའི་རིན་ཐང་གི་ལྟ་བ། སློབ་གྲྭའི་ལོ་རྒྱུས་དང་ད་ལྟའི་གྲུབ་འབྲས། སློབ་མའི་ཁྱབ་ཁོངས་དང་སློབ་མ་བསྡུ་སྟངས་བཅས་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

གྲངས་ཉུང་མི་རིགས་ཀྱི་སློབ་གསོ།

མི་རིགས་མང་བའི་རྒྱལ་ཁབ་ནང་མི་འབོར་གྱིས་གྲངས་ཉུང་མི་རིགས་ལ་ལག་བསྟར་བྱེད་པའི་སློབ་གསོ་སྟེ། བསྡུས་མིང་ལ་མི་རིགས་སློབ་གསོ་ཟེར་ཞིང་། ཀྲུང་གོར་རྒྱ་རིགས་ཕུད་པའི་མི་རིགས་གཞན་དག་ལ་ལག་བསྟར་བྱེད་པའི་སློབ་གསོ་ལ་ཟེར།

རིགས་དབྱེ།  

མི་རིགས་སློབ་གསོ།  བརྡ་འགྲེལ 3 ཡོད།