ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོའི་ལས་དོན་དང་སྐད་དང་ཡི་གེའི་བྱ་བ་གཙོ་བོ་གཉེར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཅིག་ཡིན། སློབ་གསོ་པུའུ་ཡིས་ཐད་ཀར་དུ་སློབ་གསོའི་ཕྱོགས་ཀྱི་ཚོགས་པ་དང་རྩ་འཛུགས་བཅོ་ལྔ་ལྷག་ལ་དོ་དམ་བྱེད་པ་ཡིན། སྤྱི་ལོ1985ལོ་ནས་སྤྱི་ལོ1998ལོར་སློབ་གསོ་པུའུ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་ཟེར། སློབ་གསོ་པུའུ་ནི་སྤྱིར་བཏང་གི་སྲིད་འཛིན་དོ་དམ་སྡེ་ཁག་དང་གཅིག་མཚུངས་མིན་ཏེ། དེ་ནི་སྲིད་འཛིན་དོ་དམ་སྡེ་ཁག་ཡིན་པར་མ་ཟད་རྒྱལ་ཁབ་ཀྱིས་གསར་འཛུགས་བྱས་པའི་སློབ་གླིང་བདག་གཉེར་བྱེད་པའི་སྡེ་ཁག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国教育部
ཕྱི་ཡིག་གི་མིང་།
Ministry of Education of the People's Republic of China
གཞུང་ཕྱོགས་དྲ་བ།
http://www.moe.gov.cn/
1 ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོའི་ལས་དོན་དང་སྐད་དང་ཡི་གེའི་བྱ་བ་གཙོ་བོ་གཉེར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཅིག་ཡིན། སློབ་གསོ་པུའུ་ཡིས་ཐད་ཀར་དུ་སློབ་གསོའི་ཕྱོགས་ཀྱི་ཚོགས་པ་དང་རྩ་འཛུགས་བཅོ་ལྔ་ལྷག་ལ་དོ་དམ་བྱེད་པ་ཡིན།  སྤྱི་ལོ1985ལོ་ནས་སྤྱི་ལོ1998ལོར་སློབ་གསོ་པུའུ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་ཟེར།  སློབ་གསོ་པུའུ་ནི་སྤྱིར་བཏང་གི་སྲིད་འཛིན་དོ་དམ་སྡེ་ཁག་དང་གཅིག་མཚུངས་མིན་ཏེ།  དེ་ནི་སྲིད་འཛིན་དོ་དམ་སྡེ་ཁག་ཡིན་པར་མ་ཟད་རྒྱལ་ཁབ་ཀྱིས་གསར་འཛུགས་བྱས་པའི་སློབ་གླིང་བདག་གཉེར་བྱེད་པའི་སྡེ་ཁག་ཀྱང་ཡིན།

2 འོས་འགན་གཙོ་བོ།

གཅིག སློབ་གསོ་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་འཆར་འགོད་གཏན་འབེབས་བྱེད་པ་དང་སློབ་གསོ་དང་འབྲེལ་བའི་སྒྲིག་ལམ་འཆར་ཟིན་འགོད་པ། 

གཉིས།  སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཐབ་ཇུས།  རྒྱལ་ཡོངས་སློབ་གསོ་ལས་དོན་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་འཇུག་འདོན་སྤེལ་བྱ་བ།

གསུམ།   སྡེ་ཁག་རང་གི་སློབ་གསོའི་གྲོན་དངུལ་གཅིག་གྱུར་གྱིས་དོ་དམ་བྱེད་པ།

བཞི།  དམའ་རིམ་སློབ་གསོ་དང་འབྲིང་རིམ་སློབ་གསོ་སོགས་སློབ་གྲྭ་སོ་སོའི་ཚད་གཞི་ཇུས་འགོད་དང་སློབ་གསོའི་རེ་འདུན།   ཡིག་ཆ་སོགས་གཏན་ཁེལ་བྱེད་པ།

ལྔ།  མཐོ་རིམ་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ། མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོ།   དར་མའི་མཐོ་རིམ་སློབ་གསོ།   སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྤེལ་བའི་མཐོ་རིམ་སློབ་གསོ།   དར་མའི་མཐོ་རིམ་སློབ་གསོ་རང་སྦྱོང་རྒྱུགས་ལེན་དང་མུ་མཐུད་སློབ་གསོ་སོགས་ཀྱི་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པ། 

དྲུག   གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་བ་གཅིག་གྱུར་དང་འགོ་ཁྲིད་མཛད་པ། 

བདུན།   མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བ་དང་རིམ་པ་སྣ་ཚོགས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ།   ཀུན་སྤྱོད་སློབ་གསོའི་བྱ་བ།  རྩལ་སྦྱངས་འཕྲོད་བསྟེན།  སྒྱུ་རྩལ་སློབ་གསོའི་བྱ་བ་དང་རྒྱལ་སྲུང་སློབ་གསོའི་བྱ་བ་བཅས་ལ་འཆར་འགོད་དང་མཛུབ་སྟོན་བྱེད་པ།

བརྒྱད།  རྒྱལ་ཡོངས་ཀྱི་དགེ་རྒན་གྱི་བྱ་བ་ལ་གཙོ་བདག་གནང་བ་དང་།   རིམ་པ་སྣ་ཚོགས་ཀྱི་དགེ་རྒན་ཐོབ་ཐང་གི་ཚད་ལྡན་སྒྲིག་བཀོད་བྱ་བ་མ་ཟད་རྩ་འཛུགས་ལག་བསྟར་བྱེད་པ།

དགུ།  རིགས་སོ་སོའི་མཐོ་རིམ་ཡོན་ཚད་སློབ་གསོའི་སློབ་མ་བསྡུ་བའི་རྒྱུགས་ལེན་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པ།

བཅུ།   མཐོ་རིམ་སློབ་གྲྭའི་རང་བྱུང་ཚན་རིག་དང་མཚན་ཉིད་རིག་པ།   སྤྱི་ཚོགས་ཚན་རིག་ཞིབ་འཇུག་སོགས་འཆར་འགོད་བྱ་བར་མ་ཟད་མཛུབ་སྟོན་བྱེད་པ། 

བཅུ་གཅིག   སློབ་གསོ་མ་ལག་གི་བྱ་བ་སྒྲུབ་པའི་བྱ་བར་གཅིག་གྱུར་གྱིས་དོ་དམ་དང་སྙོམ་སྒྲིག   མཛུབ་སྟོན་བྱ་བ་དང་།   རྒྱལ་ཁབ་ཕྱི་ལ་སོང་བའི་ཕྱིར་འགྲིམས་སློབ་མ་དང་རང་རྒྱལ་དུ་ཡོང་བའི་ཕྱིར་འགྲིམས་སློབ་མའི་དོ་དམ་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་པ།

བཅུ་གཉིས།   སློབ་གསོའི་གཞི་རྩའི་ཆ་འཕྲིན་གྱི་བསྡོམས་རྩིས་དང་དབྱེ་ཞིབ།   ཁྱབ་བསྒྲགས་སོགས་ལ་འགན་ཁུར་བ།

བཅུ་གསུམ།   རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་པ།

བཅུ་བཞི།  བསླབ་གནས་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་བསླབ་གནས་དང་འབྲེལ་ཡོད་ཀྱི་བྱ་བའི་སྒྲིག་ཁྲིམས་འཆར་ཟིན་འགོད་པ།

བཅོ་ལྔ།   ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག   རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་སོ་སོ་དང་སྡེ་ཁག་གཞན་པ།   ལས་ཁུངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག   རིག་གནས་རྩ་འཛུགས་ཀྱིས་སྤེལ་བའི་སློབ་གསོ་དང་ཚན་རྩལ།   རིག་གནས་ཕྱོགས་ཀྱི་མཉམ་འབྲེལ་དང་བརྗེ་རེས་ལ་འགན་ཁུར་སྙོམ་སྒྲིག་བྱེད་པ།

བཅུ་དྲུག   རྒྱལ་ཁབ་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་བཀོད་སྒྲིག་བྱས་པའི་ལས་ཀ་དག་སྒྲུབ་འགན་ཁས་ལེན་བྱེད་པ།

བཅུ་བདུན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་ལས་ཀ་གཞན་དག་སྒྲུབ་འགན་ཁས་ལེན་བྱེད་པ་བཅས་ཡིན། 

3 ལས་ཐོག་འགོ་གཙོ།

སློབ་གསོ་པུའུ་པུའུ་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི་ནི་ཡོན་ཀུའེ་རེན།

སློབ་གསོ་པུའུ་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ནི་ཏུའུ་ཡུས་པོ།

ལུའུ་ཞི་དང་ཝང་ལི་ཡིང་།   ལི་ཝེ་ཧོང་།   ཏུའུ་ཀྲན་ཡོན།   ཧོ་ཕིང་།   ལིའུ་ལི་མིན་སོགས་ནི་སློབ་གསོ་པུའུ་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཚོགས་མི་ཡིན།  

4 གྲུབ་ཚུལ།

སློབ་གསོ་པུའུ་ནི་གཞུང་སྒྲུབ་ཐིན་དང་སྲིད་ཇུས་སྒྲིག་ལམ། འཕེལ་རྒྱས་འཆར་འགོད། མི་དོན། ནོར་དོན། རྨང་གཞི་སློབ་གསོ། ལས་རིགས་སློབ་གསོ།  མཐོ་རིམ་སློབ་གསོ།  སློབ་གསོ་ལྟ་སྐུལ་སློབ་སྟོན། བསམ་བློ་ཆབ་སྲིད། སྤྱི་ཚོགས་ཚན་རིག  ཚན་རིག་ལག་རྩལ་སོགས་ཀྱིས་གྲུབ་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།