ཡོངས་འཛིན་རིག་མཛོད། >ཚན་རིག >ཉེར་སྤྱོད་ཚན་རིག

ཉེར་སྤྱོད་སྤྱི་ཚོགས་རིག་པ།

ཉེར་སྤྱོད་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་ཁྱབ་ཁོངས་ཤིག་ཡིན། དཔེ་མིང་། 应用社会学 ཕྱི་ཡིག་གི་མིང་། applied sociology ནང་དོན་དངོས། ཉེར་སྤྱོད་སྤྱི་ཚོགས་རིག་པ applied sociology ནི་སྤྱི་ཚོགས་རིག་པའི་ལྟ་ཕྱོགས་ཀྱི་ཁྱབ་ཁོངས་ཤིག་ཡིན། དེ་ནི་གཞུང་ལུགས་སྤྱི་ཚོགས་རིག་པ་དང་ལྟོས་བཅས་ལས་བཞད་པ་ཡིན། ཁྱད་ཆོས་ནི་གཞུང་ལུགས་སྤྱི་ཚོགས་རིག་པས་རྩ་བའི་རིགས་པ་དང་རྩ་དོན། ལྟ་བ་དང་ཐབས་ལམ་སོགས་ཀྱི་སྤྱོད་སྟངས་གསལ་སྟོན་བྱེད་པའི་སྤྱི་ཚོགས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ་བྱས་ཏེ། སྤྱི་ཚོགས་སྣང་ཚུལ་གྱི་བྱུང་བ་དང་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ཆོས་ཉིད་རང་བཞིན་ཤེས་རྟོགས་བྱུང་བ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

བཟོ་ལས་སྤྱི་ཚོགས་རིག་པ།

བཟོ་ལས་སྤྱི་ཚོགས་རིག་པ་ལ་ཐོན་སྐྱེད་སྤྱི་ཚོགས་རིག་པའང་ཟེར། སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་རིག་པའི་རྨང་གཞིའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ་བཟོ་ལས་ལམ་ལུགས་དང་བཟོ་ལས་ཅན། བཟོ་ལས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 工业社会学 ཕྱི་ཡིག་གི་མིང་། industrial sociology མིང་གཞན། ཐོན་ལས་སྤྱི་ཚོགས་རིག་པ། ཞིབ་འཇུག་ནང་དོན། འབྲེལ་ཡོད་རིག་ཚན་གྱི་འབྲེལ་བ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

རིག་གནས་སྤྱི་ཚོགས་རིག་པ།

རིག་གནས་སྤྱི་ཚོགས་རིག་པ་ནི་ཐོག་མར་འཇར་མན་གྱི་སྤྱི་ཚོགས་རིག་པ་བ P པར་ཐི་ཡི《སྤྱི་ཚོགས་རིག་པའི་ལོ་རྒྱུས་གཏན་ཚིགས》ལས་བཏོན་པ་ཡིན། ཁོའི་ལྟ་ཚུལ་ལ H སི་པན་སེ་ཡིས་རང་བྱུང་དུས་རབས་ཀྱི་སྤྱི་ཚོགས་རིག་པ་མ་གཏོགས་གླེང་མེད། འོན་ཀྱང་དེ་ལས་གཙོ་ཆེ་བ་ནི་རིག་གནས་དུས་རབས་ཀྱི་སྤྱི་ཚོགས་རིག་པ་ཞིབ་འཇུག་བྱེད་པ་དེ་ཡིན། རིག་གནས་སྤྱི་ཚོགས་རིག་པ་ལ་བྱུང་ཁུངས་གཉིས་ཡོད། འཇར་མན་དང་ཧྥ་རིན་སི་ཡི་སྤྱི་ཚོགས་རིག་པ་དང་། དབྱིན་ཇི་དང་ཨ་རི་ཡི་རིག་གནས་མིའི་རིགས་རིག་པའམ་སྤྱི་ཚོགས་མིའི་རིགས་རིག་པ་ཡིན། བྱུང་ཁུངས་མི་འདྲ་བའི་དབང་གིས་གོ་དོན་ཡང་མི་འདྲ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།

རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་བོད་རིགས་ས་ཁུལ་དུ་རྒྱུན་ཆད་མེད་པར་ཁྱབ་གདལ་དུ་གཏོང་བ་དང་ཆབས་ཅིག ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་བཟོ་རྒྱུ་དང་། ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་ལྡན་ཞིག་བཟོ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་ཆགས་ཡོད། རྒྱ་ཡིག་གི་མིང་། 藏汉英对照信息技术词典 ཁྱབ་ཁོངས། ཆ་འཕྲིན་ལག་རྩལ། པར་སྐྲུན་དུས་ཚོད། 2007ལོའི་ཟླ7པ། རིན་གོང་། སྒོར54 མཚམས་སྦྱོར། 2005ལོའི་ཟླ་བ3པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་དང་། མཚོ་སྔོན།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

གནའ་དཔྱད་མིའི་རིགས་རིག་པ།

དེ་ནི་གནའ་དུས་སུ་མིའི་རིགས་ཀྱི་ཤུལ་བཞག་ཏུ་ལུས་པའི་དངོས་རྫས་ཏེ། དཔེར་ན། རྡོ་ཆས་དང་མེ་ཐལ། རྫ་ཆས་དང་རུས་ཆས་སོགས་ལ་ལྟ་ཞིབ་དང་དེ་དག་བེད་སྤྱོད་བྱས་པ་བརྒྱུད་དེ་གནའ་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཞིག་སྟེ། རིག་གནས་ཤུལ་བཞག་གང་ཉིད་ཧ་ཅང་རྒྱ་ཆེ་བའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་ཏུ་བཞག་ནས་མནོ་བསམ་གཏོང་བ་ཡིན། དེ་ཡང་གནའ་མིའི་འཚོ་བ་རོལ་སྟངས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ། འགལ་འདུ་དེའི་ཁྲོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་སོགས་ལ་དབྱེ་ཞིབ་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 考古人类学 ཕྱི་ཡིག་གི་མིང་། Archaeological anthropology

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ།

རིག་ཚན་འདིའི་མིང་ལ་མི་རིགས་རིག་པ་དང་སྤྱི་ཚོགས་མིའི་རིགས་རིག་པ་ཞེས་ཀྱང་འབོད་ལ། ཉེ་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱི་དངོས་པོའི་གསར་གཏོད་དང་སྤྱི་ཚོགས་ལམ་ལུགས། བྱ་སྤྱོད་རྣམ་པ་ལ་སོགས་ཞིབ་འཇུག་བྱ་ཡུལ་དུ་འཛིན་ཞིང་། གཙོ་བོ་མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱུན་འཛིན་ཕྱོགས་སུ་གཙིགས་ཆེན་དུ་བཟུང་ནས་ཞིབ་འཇུག་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 社会文化人类学 ཕྱི་ཡིག་གི་མིང་། cultural anthropology ངོ་སྤྲོད་མདོར་བསྡུས། རིག་ཚན་འདིའི་མིང་ལ་མི་རིགས་རིག་པ་དང་སྤྱི་ཚོགས་མིའི་རིགས་རིག་པ་ཞེས་ཀྱང་འབོད་ལ། ཉེ་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱི་དངོས་པོའི་གསར་གཏོད་དང་སྤྱི་ཚོགས་ལམ་ལུགས།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

རིགས་རྒྱུད།

དེ་ནི་མི་རྣམས་ཀྱི་ལྷན་སྐྱེས་ནས་རྒྱུད་འཛིན་བྱས་པའི་གཟུགས་གཞིའི་ཁྱད་ཆོས་ལྟར་དགར་བའི་མི་ཚོགས་ཏེ། སྐྱེ་དངོས་རིག་པའི་ཐད་ཀྱི་བརྡ་ཆད་ཅིག་ཡིན། རྒྱ་ཡིག་གི་མིང་། 种族、人种 ཕྱི་ཡིག་གི་མིང་། race རིགས་དབྱེ། རིགས་རྒྱུད་སེར་པོ། རིགས་རྒྱུད་ནག་པོ། རིགས་རྒྱུད་དཀར་པོ། མིང་གཞན། མི་རྒྱུད། ངོ་སྤྲོད། དེ་ཡང་སྲོལ་རྒྱུན་གྱི་ལྟ་བ་ལྟར་ན། རིགས་རྒྱུད་ལ་མི་རྒྱུད་ཅེས་ཀྱང་འབོད་ལ། དེ་ནི་གཟུགས་གཞིའི་རྣམ་པའི་ཆ་ནས་ཐུན་མོང་དུ་རྒྱུད་འཛིན་བྱས་པའི་ཁྱད་ཆོས་ངེས་ཅན་ལྡན་པའི་མི་ཚོགས་ཤིག་ལ་བྱ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

མི་གྲངས་མ་ལག་བཟོ་བསྐྲུན།

མི་གྲངས་ཀྱི་མ་ལག་ལ་དབྱེ་ཞིབ་བྱས་པ་བརྒྱུད། མི་གྲངས་ཚོད་འཛིན་སྨྲ་བའི་རྨང་གཞིའི་རྩ་དོན་བེད་སྤྱད་ནས་མི་གྲངས་མ་ལག་གི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ། མི་གྲངས་དམིགས་ཚད་ཀྱི་འཆར་གཞི་དང་མི་གྲངས་མ་ལག་གི་དམིགས་ཚད་བཟོ་འགོད་བྱེད་པ། མི་གྲངས་སྔོན་དཔག་དང་མི་གྲངས་བདེན་པ་འདྲ་བཟོ་སོགས་བྱས་ཏེ། སྲིད་གཞུང་གིས་མི་གྲངས་སྲིད་ཇུས་བཟོ་འགོད་བྱེད་པར་ཚན་རིག་དང་མཐུན་པའི་བདེན་དཔང་འདོན་སྤྲོད་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 人口系统工程

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

དབྱིན་ཇིར་བོད་རིག་པ་དར་ཚུལ།

ནུབ་ཕྱོགས་ཀྱི་སའི་ཆ་ལ་རྣམ་པར་བཀོད་པའི་རྒྱལ་ཁམས་རྣམས་ལས་བོད་རིག་པ(Tibetology 藏学) ཞེས་པ་ཐོག་མར་ཧཱང་ལྒད་རུ(Hungary 匈牙利)ཞེས་པའི་ཡུལ་འདིར་དབུ་བརྙེས་ནའང་། ཕྱིས་ཀྱི་སློབ་གཉེར་ཞིབ་འཇུག་གི་ཁྱབ་ཁོངས་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་། རིགས་ལམ་ཇེ་ཞིབ་སོགས་རིག་པ་འདི་ཉིད་རྒྱ་ཆེ་རུ་དར་སའི་རྒྱལ་ཁོངས་གཙོ་བོ་དེ་དབྱིན་ཇི་དང་། འཇར་མན། དབྱི་ཐ་ལི། ནོར་ཝེ་བཅས་ཡིན་པར་ངེས། ལྷག་པར་དུས་རབས་ཉེར་གཅིག་པའི་མདུན་བསུས་མཚམས་ནས་བྱང་ཨ་རིའི་ཡུལ་དུ་བོད་རིག་པའི་སློབ་གཉེར་དང་ཞིབ་འཇུག་གི་ཚ་རླབས་རིམ་པར་འཕྱུར་བས།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཨ་རིའི་ལོ་རྒྱུས་སྨྲ་བ།

འདི་ལ་ལོ་རྒྱུས་དམིགས་བསལ་སྨྲ་བ་ཞེས་ཀྱང་འབོད་ལ་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བ་སྟེ། གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་ཨ་རིའི་མཁས་པ་པོ་ཨ་སི་ལགས་ཡིན། རྒྱ་ཡིག་གི་མིང་། 美国历史学派 ཕྱི་ཡིག་གི་མིང་། historical school དུས་སྐབས། དུས་རབས19བའི་མཇུག་ནས་དུས་རབས20བའི་མགོར། སྲོལ་གཏོད་མཁན། པོ་ཨ་སི། ངོ་སྤྲོད་མདོར་བསྡུས། འདི་ལ་ལོ་རྒྱུས་དམིགས་བསལ་སྨྲ་བ་ཞེས་ཀྱང་འབོད་ལ་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བ་སྟེ། གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་ཨ་རིའི་མཁས་པ་པོ་ཨ་སི་ལགས་ཡིན།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

རིག་གནས་འཁོར་རྒྱ།

དོན་ནི་རིག་གནས་ཡུལ་འཁྱར་ཏེ། མི་རིགས་ག་གེ་མོ་ཞིག་གི་རིག་གནས་ཀྱི་སྣང་ཚུལ་འགའ་ཞིག་ཡུལ་གཞན་དུ་ཁྱབ་པའམ། ཡང་ན་མི་རིགས་ག་གེ་མོ་ཞིག་རྒྱལ་ཁབ་བམ་ས་གནས་གཞན་དུ་སོང་ནས་གཞི་སྡོད་བྱས་པ་དང་བསྟུན་ནས་མི་རིགས་དེ་ཉིད་ཀྱི་རིག་གནས་ཀྱང་ཡུལ་དེར་ཁྱབ་པའི་སྣང་ཚུལ་ལ་ཟེར། རྒྱ་ཡིག་གི་མིང་། 文化圈 ཕྱི་ཡིག་གི་མིང་། cultural circle རིགས་དབྱེ། ཡི་གེ་བརྡ་རྟགས། ཆོས་ལུགས་རིག་གནས། འབྲོག་པའི་རིག་གནས་སོགས། ངོ་སྤྲོད། རིག་གནས་འཁོར་རྒྱ་ཞེས་པ་ལ་དབྱིན་ཇིའི་སྐད་དུKulturkreiseཟེར་ཞིང་།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

དབྱིན་ཇིའི་ཁྱབ་སྤེལ་སྨྲ་བ།

དེ་ནི་དབྱིན་ཇིའི་ཁྱབ་སྤེལ་སྨྲ་བའི་མི་སྣ་གཙོ་བོ་ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ནས་གསར་དུ་གཏོད་པའི་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་ཡིན། རྒྱ་ཡིག་གི་མིང་། 英国传播学派 ངོ་སྤྲོད་མདོར་བསྡུས། དབྱིན་ཇིའི་ཁྱབ་སྤེལ་སྨྲ་བའི་མི་སྣ་གཙོ་བོ་ནི་ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ཡིན། སྔ་མ་ནི་དབྱིན་ཇིའི་གནའ་དཔྱད་མཁས་པ་དང་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། བརྩམས་ཆོས་གཙོ་བོ་ལ《གནའ་རབས་ཨེབ་ཅི་བ》ཞེས་པ་དང《རིག་གནས་ཀྱི་ཁྱབ་སྤེལ》སོགས་མཆིས། ཁོང་ལྟར་ན་ཨེབ་ཅི་ནི་འཛམ་གླིང་ཡོངས་སུ་ཤེས་རིག་དར་བ་ཆེས་སྔ་བའི་ས་ཆ་ཡིན་པས། ས་གནས་གཞན་དག་ནས་རྙེད་པའི་མཐོ་རིམ་རིག་གནས་གང་ཞིག་ཡིན་ཡང་གནའ་རབས་ཨེབ་ཅི་ནས་མཆེད་པ་ཡིན་ལ། ཉེ་ལོ་གཙང་པོ་ནི་འཛམ་གླིང་ཡོངས་ཀྱི་ཤེས་རིག་གསར་གཏོད་བྱ་བའི་ལྟེ་གནས་ཤིག་ཡིན། ཕེ་ལི་ནི་ཧྲི་སྨི་སིའི་སློབ་མ་སྟེ། བརྩམས་ཆོས་ལ《རྒྱ་གར་གྱི་ལོ་རྒྱུས་སྔ་མའི་རྡོ་ཆེན་རིག་གནས》ཞེས་པ་དང《ལྷ་དང་མི》སོགས་མཆིས།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

འཇར་ཨའོ་ཁྱབ་སྤེལ་སྨྲ་བ།

དེ་ནི་ཀོ་ལེ་པུའུ་ན་དང་ཧྲི་སྨི་ཐེ་རྣམ་གཉིས་ཀྱིས་གསར་དུ་གཏོད་པའི་གྲུབ་མཐའ་ཞིག་སྟེ། འཕེལ་འགྱུར་གྱི་ཟུར་ཚད་ནས་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱེད་པར་ངོ་རྒོལ་བྱས་ཏེ། མིའི་རིགས་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རིག་གནས་སྣང་ཚུལ་གྱི་ཁྱབ་སྤེལ་དང་གཡོར་ལེན་གྱི་ལྟ་བ་ཡིན་པར་འདོན་མཁན་ཞིག་ཡིན།། རྒྱ་ཡིག་གི་མིང་། 德奥传播学派 ངོ་སྤྲོད་མདོར་བསྡུས། འཇར་ཨའོ་ཁྱབ་སྤེལ་སྨྲ་བའི་ཚབ་བྱེད་མི་སྣ་ནི་ཀོ་ལེ་པུའུ་ན་དང་ཧྲི་སྨི་ཐེ་རྣམ་གཉིས་ཡིན། དེ་ལས་སྔ་མ་འཇར་མན་གྱི་མིའི་རིགས་རིག་པ་སྨྲ་བ་སྟེ། མི་ཚེ་གཅིག་ནི་ཕལ་ཆེར་དངོས་མང་བཤམས་སྟོན་ཁང་དང་དཔེ་ཀློག་ཁྲོད་འདས་ཤིང་།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ལས་རིགས་སྤྱི་ཚོགས་རིག་པ།

ལས་རིགས་དང་སྤྱི་ཚོགས་ཀྱི་འབྲེལ་བ་དང་ལས་རིགས་འབྲེལ་ཡོད་ཀྱི་སྤྱི་ཚོགས་གནད་དོན་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག གཙོ་བོ་ལས་རིགས་སྒྲིག་གཞི། ལས་རིགས་དང་ཁྱིམ་ཚང་། དཔལ་འབྱོར། སློབ་གསོ་ལམ་ལུགས་ཀྱི་འབྲེལ་བ། ལས་རིགས་དང་གྲས་རིམ། སྤྱི་ཚོགས་གྲས་རིམ་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 职业社会学 ཕྱི་ཡིག་གི་མིང་། Professional sociology རིགས་དབྱེ། རིག་ཚན་གཞུང་ལུགས།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

རྩ་འཛུགས་སྤྱི་ཚོགས་རིག་པ།

རྩ་འཛུགས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རྩ་འཛུགས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། སྤྱི་ཚོགས་རྩ་འཛུགས་ནི་ཕན་ཚུན་ལ་ཤན་ཤུགས་ཐེབས་པའི་མི་སྒེར་རམ་ཚོགས་སྤྱི་ཆུང་ངུས་གྲུབ་པ་ཞིག་སྟེ། དེ་ལ་དམིགས་བསལ་གྱི་དམིགས་ཚད་ཡོད་པའི་མཉམ་ལས་མ་ལག་ཞིག་ལ་ཟེར། སྤྱི་ཚོགས་རྩ་འཛུགས་ཀྱི་རགས་དབྱིབས་གནའ་རབས་སྤྱི་ཚོགས་སུ་བྱུང་བ་ཡིན། དེ་ཡོངས་སུ་མངོན་པའི་བཟོ་ལས་ཅན་དང་སྤྱི་ཚོགས་དེང་རབས་ཅན་ཏུ་བསྟུན་པ་རེད། དུས་རབས་བཅོ་བརྒྱད་ལ་དབྱིན་ཇི་ནས་བཟོ་ལས་གསར་བརྗེ་བྱུང་བ་ནས་བཟུང་།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཚོད་ལྟའི་སྤྱི་ཚོགས་སེམས་ཁམས་རིག་པ།

ཚོད་ལྟའི་ཐབས་ལམ་སྤྱད་དེ་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའི་སེམས་ཁམས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན། 1879ལོ W ཧྥིན་ཐི་ཡིས་ལི་པེ་ཐེ་སློབ་ཆེན་ནས་སེམས་ཁམས་ཚོད་ལྟ་ཁང་གསར་འཛུགས་བྱས་པ་ནས་བཟུང་། སེམས་ཁམས་རིག་པ་བ་མང་པོ་ཞིག་གིས་སྤྱི་ཚོགས་སེམས་ཁམས་དང་འབྲེལ་བའི་གནད་དོན་ཚོད་ལྟ་ཁང་ནས་ཚོད་ལྟ་བྱས་པ་རེད། རིམ་གྱིས་ཚོད་ལྟ་སྤྱི་ཚོགས་སེམས་ཁམས་རིག་པ་འཕེལ་རྒྱས་སུ་སོང་བ་རེད། ཚོད་ལྟ་སྤྱི་ཚོགས་སེམས་ཁམས་རིག་པས་སྤྱི་ཚོགས་སེམས་ཁམས་སྣང་ཚུལ་ལ་ཁུངས་མེད་ཁོག་སྟོང་གི་དཔྱད་བསྡུར་མི་བྱེད་པར།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཚན་རིག་སྤྱི་ཚོགས་རིག་པ།

ཚན་རིག་སྤྱི་ཚོགས་རིག་པ (the sociology of science)ཚན་རིག་དང་འབྲེལ་བའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཅིག་ཡིན། རྒྱ་ཡིག་གི་མིང་། 科学社会学 ཕྱི་ཡིག་གི་མིང་། the sociology of science ཁོངས་གཏོགས། ཚན་རིག་འདིའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག ཁྱབ་ཁོངས། སྤྱི་ཚོགས་ཚན་རིག ངོ་སྤྲོད་རགས་བསྡུས། ཚན་རིག་སྤྱི་ཚོགས་རིག་པ the sociology of science ནི་ཚན་རིག་དང་འབྲེལ་བའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

གཟུགས་གཞི་མིའི་རིགས་རིག་པ།

དེར་སྐྱེ་དངོས་མིའི་རིགས་རིག་པ་ཞེས་ཀྱང་ཟེར་ལ། གཙོ་བོ་སྐྱེ་དངོས་ཀྱི་ཕུང་བོར་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་ལུས་པོའི་གྲུབ་སྟངས་དང་རྣམ་པ། བྱ་སྤྱོད། གཞན་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་བྱ་བའི་སྐྱེ་དངོས་ཐད་ཀྱི་རྨང་གཞི་མཐའ་དག་ལ་འཚོལ་ཞིབ་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 体质人类学、自然人类学、人体学 ཕྱི་ཡིག་གི་མིང་། physical anthropology མིང་གཞན། རང་བྱུང་མིའི་རིགས་རིག་པ། མིའི་གཟུགས་རིག་པ། དུས་སྐབས། དུས་རབས16པ། ངོ་སྤྲོད་མདོར་བསྡུས། གཟུགས་གཞི་མིའི་རིགས་རིག་པ་ལ་སྐྱེ་དངོས་མིའི་རིགས་རིག་པ་ཞེས་ཀྱང་ཟེར་ལ། གཙོ་བོ་སྐྱེ་དངོས་ཀྱི་ཕུང་བོར་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་ལུས་པོའི་གྲུབ་སྟངས་དང་རྣམ་པ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ས་ཁམས་ཁོར་ཡུག་གི་ཐག་གཅོད་སྨྲ་བ།

ལྟ་བ་འདི་ནི་འཇར་མན་གྱི་ས་ཁམས་རིག་པ་སྨྲ་བK.ལི་ཐེ་ཨེར་ལགས་ཀྱིས་དུས་རབས་བཅུ་དགུ་པར་ཐོག་མར་བཏོན་པའི་ས་ཁམས་ཁོར་ཡུག་ཞིབ་འཇུག་གི་གཞུང་ལུགས་ཤིག་ཡིན། རྒྱ་ཡིག་གི་མིང་། 地理环境决定论 རྒྱལ་ཁབ། འཇར་མན། གསར་གཏོད་མཁན། K. ལི་ཐེ་ཨེར། དུས་སྐབས། དུས་རབས19པ། ངོ་སྤྲོད་རགས་བསྡུས། ལྟ་བ་འདི་ནི་འཇར་མན་གྱི་ས་ཁམས་རིག་པ་སྨྲ་བK.ལི་ཐེ་ཨེར་ལགས་ཀྱིས་དུས་རབས་བཅུ་དགུ་པར་ཐོག་མར་བཏོན་པ་སྟེ། ཁོང་གིས་མི་ཚེ་གཅིག་རིང་ལ་དེབ་བཅོ་བརྒྱད་ཅན་གྱི《ས་ཁམས་རིག་པ་རྒྱས་བཤད》ཅེས་པ་བརྩམས་ཏེ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

མི་གྲངས་སྲིད་ཇུས།

མི་གྲངས་སྲིད་ཇུས་ནི་རྒྱལ་ཁབ་ཅིག་གི་རང་རྒྱལ་གྱི་མི་གྲངས་འཕར་བའམ་མི་གྲངས་འཕར་བའི་མཚམས་ཆད་པའམ་ལོག་འཕར་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པའི་དོན། རྒྱལ་ཁབ་མི་འདྲ་བས་རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་གནས་ཚུལ་ཡང་མི་འདྲ། དེ་བས་རིགས་མི་འདྲ་བའི་མི་གྲངས་སྲིད་ཇུས་ལག་བསྟར་བྱེད་པ་རེད། དེར་མ་ཟད། རྒྱལ་ཁབ་ཅིག་གི་མི་གྲངས་སྲིད་ཇུས་ཀྱང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་ཚུལ་དང་བསྟུན་ནས་འོས་འཚམ་གྱི་སྙོམས་སྒྲིག་བྱེད་པ་རེད། རྒྱ་ཡིག་གི་མིང་། 人口政策 མཚན་ཉིད།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

མི་གྲངས་སྤྱི་ཚོགས་རིག་པ།

མི་གྲངས་སྤྱི་ཚོགས་རིག་པ population sociology ནི་མི་གྲངས་འཕེལ་རྒྱས་དང་སྤྱི་ཚོགས་འགྱུར་ལྡོག་གི་འབྲེལ་བ་དང་དེའི་ཕན་ཚུན་གྱི་བྱེད་ལས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། མི་གྲངས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པ་དང་མི་གྲངས་རིག་པ་གཉིས་བསྣོལ་བའི་རིག་ཚན་ཞིག་ཡིན། སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཡིན་ལ། མི་གྲངས་རིག་པའི་ཡན་ལག་རིག་ཚན་ཡང་ཡིན། རྒྱ་ཡིག་གི་མིང་། 人口社会学 མིང་གཞན། population sociology རིགས་དབྱེ། སྤྱི་ཚོགས། རགས་བཤད། མི་གྲངས་སྤྱི་ཚོགས་རིག་པས་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཁྲོད་མི་གྲངས་ཀྱི་གནས་ཚུལ་ལ་དཔྱད་བསྡུར་བྱེད་པ་ཡིན། མི་གྲངས་སྐྱེ་ཚད།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཆེད་དོན་དང་སྣ་འཛོམས།

ཆེད་དོན་རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིག་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་དང་། སྣ་འཛོམས་རྟོག་དཔྱོད་ནི་ཚོགས་པའམ་གཞིས་ཁུལ་གང་ཞིག་ལ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 专题与综合 ངོ་སྤྲོད། ཆེད་དོན་རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིག་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་སྟེ། སྔོན་མ་དག་བསྐྱོད་མ་མྱོང་བའི་ས་གནས་མང་པོར་དངོས་སུ་ཞུགས་ནས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་རང་ཉིད་ལ་གཏོགས་པའི་རྒྱུ་ཆ་དང་པོ་མང་དུ་བསགས་ཏེ་སྔ་མའི་སྟོང་ཆ་བསྐང་དགོས་པར་མ་ཟད།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

མཉམ་བསྲེས་སྨྲ་བ།

དེ་ནི་ལྷན་སྐྱེས་སྨྲ་བ་དང་གནས་བབ་སྨྲ་བ་གཉིས་ཀྱི་དགོངས་པ་མཉམ་བསྲེས་ཏེ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཤིག་ཡིན། རྒྱ་ཡིག་གི་མིང་། 融合论 ཕྱི་ཡིག་གི་མིང་། coherentism; ངོ་སྤྲོད། དེ་ནི་ཉེ་བའི་ཆར་མཁས་པ་ཁ་ཤས་ཤིག་གིས་ལྷན་སྐྱེས་སྨྲ་བ་དང་གནས་བབ་སྨྲ་བ་གཉིས་ཀྱི་དགོངས་པ་མཉམ་བསྲེས་ཏེ། མིག་མཐོང་ལག་ཟིན་དུ་གནས་པའི་ལྷན་སྐྱེས་ངོས་ལེན་དང་ལག་ཆའི་ཁེ་ཕན་གཉིས་ཟུང་དུ་སྦྲེལ་ཚེ། ད་གཟོད་རིགས་ཚོགས་ཁས་ལེན་བྱ་བ་འགྲུབ་པ་ཡིན་པར་འདོད། དེ་ཡང་གསལ་བོར་བརྗོད་ན། ཁྲག་རྒྱུད་དང་སྐད་ཆ། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་ཕྱི་ཡུལ་དང་ལྷན་སྐྱེས་རིག་གནས་རྒྱུ་རྐྱེན་རྣམས་ནི་རིགས་ཚོགས་ངོས་ལེན་དང་ཁོངས་གཏོགས་ཀྱི་རྨང་གཞི་ཡིན་ལ། དངོས་ཡོད་དང་བྱེ་བྲག་གི་སྤྱི་ཚོགས་གནས་བབ་དང་ཁེ་ཕན་རེ་འདོད་བཅས་ནི་རིགས་ཚོགས་འདུ་ཤེས་འགྲུབ་བྱེད་ཀྱི་གནད་འགག་ཡིན་པར་སྨྲའོ། །

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

མི་ཐབས་སྨུག་གཏོར།

མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ་ལ་གོ། ། རྒྱ་ཡིག་གི་མིང་། 人工消雾 ཕྱི་ཡིག་གི་མིང་། artificial fog dissipation ངོ་སྤྲོད། མི་ཐབས་སྨུག་གཏོར་ནི་མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ། མིག་སྔར་དྲོད་སྨུག་སེལ་ཐབས་ལ་རིགས་གཉིས་ཡོད་དེ། 1. ཚ་སྣོན་བྱེད་ཐབས། དེ་ནི་ཁྱབ་ཁོངས་ཆུང་བའི་ས་ཁུལ་གྱི་སྨུག་པ་སྟེ། དཔེར་ན། གནམ་གྲུའི་འཕུར་ལམ་སོགས་ལྟ་བུ། འབར་སྣུམ་སོགས་འབར་རྫས་འབོར་ཆེན་བཏང་ནས་མཁའ་རླུང་ལ་ཚ་སྣོན་བྱས་ཏེ་སྨུག་པ་རླངས་འགྱུར་བྱས་པ་དང་བསྟུན་ནས་མེད་པར་གྱུར་བ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

སྤྱི་ཚོགས་གྲུབ་ཚུལ།

སྤྱི་ཚོགས་གྲུབ་ཚུལ་ནི་སྤྱི་ཚོགས་རིག་པའི་ནང་རྒྱུན་སྤྱོད་ཆེ་བའི་བརྡ་ཆད་ཅིག་ཡིན། འོན་ཀྱང་གོ་དོན་གསལ་བོ་ཞིག་གཏན་ཁེལ་བྱས་མེད། དང་ཐོག་དུས་རབས20མགོར་རྒྱ་ཡིག་གི་སྤྱི་ཚོགས་རིག་པ་འགྲུབ་བཞིན་པའི་དུས་སུ་བྱུང་བ་ཞིག་རེད། ནུབ་ཕྱོགས་སྤྱི་ཚོགས་གཞུང་ལུགས་ཀྱི་སྐད་ཡིག་ཁོར་ཡུག་ནང་སྤྱི་ཚོགས་གྲུབ་ཚུལ་ལ་དུས་རྒྱུན་དུ་སྤྱི་མཚན་རིམ་པའི་ཐད་བཀོལ་སྤྱོད་བྱེད་བཞིན་ཡོད་དེ། ཁེར་ཚིགས་ཀྱི་རང་འགུལ་རང་བཞིན་གྱི་མི་ཡིས་ཕྱིའི་ཁོར་ཡུག་ཡོངས་ལ་ཚོད་འཛིན་བྱེད་པ་སྟོན་པ་རེད། དུས་རྒྱུན་རང་འགུལ་ནུས་པ་དང་བཀོལ་སྤྱོད་བྱེད་བཞིན་ཡོད། རྒྱ་ཡིག་གི་མིང་། 社会结构 ངོ་བོ། སྤྱི་ཚོགས་རིག་པའི་མིང་བརྡ། ཁྱབ་ཁོངས། སྤྱི་ཚོགས་རིག་པ། ཁྱད་ཆོས། རང་འགུལ་ནུས་པ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

སྤྱི་བའི་སྤྱི་ཚོགས་རིག་པ།

མའེ་ཁུ་པུ་ལོ་ཝེ་ཡི་རིགས་དབྱེ་ལྟར་ན་སྤྱི་ཚོགས་རིག་པ་བཞི་ཡོད་དེ། ཆེད་ལས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་རྨང་གཞི་ཡིན། སྤྱི་བའི་སྤྱི་ཚོགས་རིག་པ་ནི་སྤྱི་དམངས་སྤྱི་ཚོགས་གནས་པ་དང་ནར་སོན་པ་རྨང་གཞིའི་དམིགས་ཡུལ་ཡིན་ལ། སྤྱི་དམངས་སྤྱི་ཚོགས་སྐྱོང་བ་དང་འཕེལ་རྒྱས་དང་མཉམ་དུ་སྤྱི་དམངས་སྤྱི་ཚོགས་ཤེས་རྟོག་བྱུང་བར་བསྙེགས་པ་ཡིན། རྒྱ་ཡིག་གི་མིང་། 公共社会学 རྩོམ་པ་པོ། (ཨ་རི)མའེ་ཁུ་པུའུ་ལུའོ་ཝེ བསྒྱུར་མཁན། ཧྲིན་ཡོན།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཤེས་ཡོན་སྤྱི་ཚོགས་རིག་པ།

ཤེས་ཡོན་ནམ་བསམ་བློ་བྱུང་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིག་གནས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཁོངས་གཏོགས་ཡན་ལག་རིག་ཚན་ཞིག་ཡིན། དེ་ལ་བསམ་བློ་སྤྱི་ཚོགས་རིག་པ་ཡང་ཟེར། 1924ལོར། འཇར་མན་གྱི་སྤྱི་ཚོགས་རིག་པMཧྲི་ལི《ཤེས་ཡོན་སྤྱི་ཚོགས་རིག་པའི་ཚོད་ལྟ》ལས་ཐེངས་དང་པོར་ཤེས་ཡོན་སྤྱི་ཚོགས་རིག་པ་ཞེས་པའི་མིང་འདི་བཀོལ་སྤྱོད་བྱས་པ་རེད། འདི་ན་གླེང་བཞིན་པའི་ཤེས་ཡོན་གྱི་ནང་དོན་ལ་བསམ་བློ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཐོན་སྐྱེད་འབྲེལ་བ།

ཐོན་སྐྱེད་འབྲེལ་བ་ཞེས་པ་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་ཐོན་སྐྱེད་ཀྱི་གོ་རིམ་བརྒྱུད་ནས་གྲུབ་པའི་སྤྱི་ཚོགས་འབྲེལ་བར་བརྗོད་པ་ཡིན། དེ་ནི་ཐོན་སྐྱེད་བྱེད་ཐབས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་ཡིན། དེར་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་རྣམ་པ་དང་། ཐོན་སྐྱེད་ཁྲོད་གྲུབ་པའི་མི་རྣམས་ཀྱི་གོ་གནས་དང་ཕན་ཚུན་བར་གྱི་འབྲེལ་བ། ཐོན་རྫས་བགོ་བའི་རྣམ་པ་སོགས་འདུ། དེ་དག་ལས་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཀྱི་རྣམ་པ་ནི་ཆེས་གཞི་རྩ་རུ་གྱུར་བ་དང་། རག་ལས་པའི་ནུས་པ་ཐོན་པ་ཞིག་ཡིན། དངོས་པོའི་རྒྱུ་ཆའི་ཐོན་སྐྱེད་བྱེད་ཐབས་ནི་སྤྱི་ཚོགས་ཀྱི་གནས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཐོན་སྐྱེད་འབྲེལ་བའི་དོན་སྤྱི་ནི་མར་ཁེ་སི་དང་ཨན་ཀོ་སི་གཉིས་ཀྱིས་བཏོན་པའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་རྣམ་པའི་གཞི་རྩའི་

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཚན་རིག་རང་བཞིན་གྱི་བསམ་གཞིགས།

ཚན་རིག་གི་བསམ་གཞིགས་ལ་རྣམ་པ་བཞི་ཡོད་དེ། སྤྱི་ཁྱབ་རང་བཞིན་གྱི་བསམ་གཞིགས་དང་། བྱེ་བྲག་རང་བཞིན་གྱི་བསམ་གཞིགས་དང་། མཉམ་འབྲེལ་རང་བཞིན་གྱི་བསམ་གཞིགས་དང་མུ་འབྲེལ་རང་བཞིན་གྱི་བསམ་གཞིགས་བཅས་སོ།། རྒྱ་ཡིག་གི་མིང་། 科学性思维 གོ་དོན། ཚན་རིག་གི་བསམ་གཞིགས་ནི་སྤྱི་མཚན་གྱི་བསམ་གཞིགས་ཤིག་དང་ཚན་རིག་མ་ཡིན་པའི་བསམ་གཞིགས་ནི་དེ་ལས་ལྡོག་སྟེ་བྱ་དངོས་བྱེ་བྲག་ལ་འཇུག་པའི་བསམ་གཞིགས་རགས་པ་ཞིག་གོ། ཚན་རིག་གི་བསམ་གཞིགས་ཀྱིས་དོན་སྤྱི་ལ་གཞོལ་ཕྱིར་ལྟ་བའི་མཐོང་ཡངས་ཤིང་ཁེབས་ཆེ་ལ། གཏན་ཚིགས་སུ་གྲུབ་ཀྱང་། བསམ་གཞིགས་རགས་པ(具象性思维)ནི་ཤེས་པའི་རྒྱ་ཆུང་ཞིང་ཕུགས་དོག་ལ། རིགས་པའི་གཏིང་མ་ཆོད་ཅིང་། གཏན་ཚིགས་སུ་བགྲང་པའང་གནས་ལུགས་ལས་ལྟོས་བཅས་ཀྱི་བདེན་ལུགས་མིན། མཚན་ཉིད་རིག་

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག

ཀྲུང་གོའི་སྤྱི་ཚོགས་རིག་པ།

ཀྲུང་གོ་ནང་སྤེལ་བའི་དུས་སྐབས་ནི་དུས་རབས19མཇུག་ནས1918ལོའི་བར་མཚམས་ཡིན། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་ལ་བཙན་འཛུལ་དང་རིག་གནས་སིམ་འཛུལ་ལ་ཤུགས་སྣོན་བྱས་པ། ཆིང་རྒྱལ་རབས་བཀོས་བཀོལ་རྒྱུད་འཛིན་རིམ་བཞིན་རུལ་སུངས་སུ་གྱུར་བ་དང་། ཀྲུང་གོ་ནི་མི་རིགས་ཉམས་ཉེན་དང་སྤྱི་ཚོགས་ཉམས་ཉེན་ཁྲོད་གནས་ཡོད། ཕྱི་འབྲེལ་ལས་འགུལ་ཕམ་པ་དང་། དོན་དངོས་སུ་མ་རྩ་གྲལ་རིམ་གྱི་ལེགས་བཅོས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན། དུས་མཉམ་དུ་བདེ་འཇགས་མིན་པའི་ཀྲུང་གོའི་སྤྱི་ཚོགས་ལ། ནུབ་ཕྱོགས་རིག་པ་ཤར་དུ་སྐྱོད་པ་འགོག་ཐབས་མེད་པའི་རྦ་རླབས་ཞིག་དང་འདྲ།

རིགས་དབྱེ།   ཚན་རིགཉེར་སྤྱོད་ཚན་རིག