ལས་རིགས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་རིགས་སྤྱི་ཚོགས་རིག་པ།
ལས་རིགས་དང་སྤྱི་ཚོགས་ཀྱི་འབྲེལ་བ་དང་ལས་རིགས་འབྲེལ་ཡོད་ཀྱི་སྤྱི་ཚོགས་གནད་དོན་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག གཙོ་བོ་ལས་རིགས་སྒྲིག་གཞི། ལས་རིགས་དང་ཁྱིམ་ཚང་། དཔལ་འབྱོར། སློབ་གསོ་ལམ་ལུགས་ཀྱི་འབྲེལ་བ། ལས་རིགས་དང་གྲས་རིམ། སྤྱི་ཚོགས་གྲས་རིམ་གྱི་འབྲེལ་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
职业社会学
ཕྱི་ཡིག་གི་མིང་།
Professional sociology
རིགས་དབྱེ།
རིག་ཚན་གཞུང་ལུགས།
ཞིབ་འཇུག་ཁ་ཕྱོགས།
ལས་རིགས་དང་ཁྱིམ་ཚང་། སློབ་གསོའི་ལམ་ལུགས་ཀྱི་འབྲེལ་བ།
1 ལོ་རྒྱུས་བྱུང་འཕེལ།

ལས་རིགས་ལའང་སྤྱི་ཚོགས་ལས་བགོ་བྱུང་བ་དང་བསྟུན། སྤྱི་ཚོགས་ལས་བགོ་སྲ་བརྟན་ཏུ་གྱུར་བའི་འཕེལ་རྒྱས་དང་བརྟེན་མི་རྣམས་ཀྱི་ལས་རིགས་བརྟེན་པའི་རིགས་མི་འདྲ་བའི་ལས་ཀའི་རྣམ་པ་བྱུང་། དུས་མཉམ་དུ་ལས་རིགས་སྤྱི་ཚོགས་རིག་པའི་ཞིབ་འཇུག་རྒྱ་ཆེ་ཕྱོགས་དང་གཏིང་ཟབ་སར་འཕེལ་རྒྱས་སུ་སོང་བ་རེད། ནང་དོན་ཐད་ནས་ལས་རིགས་འཚོ་ཐབས་དང་། ལས་རིགས་ཀྱི་གོ་གནས་དང་འཁོར་བསྐྱོད་རང་བཞིན། རིགས་རྒྱུད་ཚོགས་པ་དང་ལས་རིགས། ལས་རིགས་ཀྱི་ཞིབ་བསྡུར་དང་ལས་རིགས་ཀུན་སྤྱོད་སོགས་ཡོད།

2 ཞིབ་འཇུག་ནང་དོན།

ཞིབ་འཇུག་ནང་དོན་ལ་ལས་རིགས་དང་སྤྱི་ཚོགས་ཀྱི་འབྲེལ་བ། ལས་རིགས་སྣ་མང་རང་བཞིན་དང་། ལས་རིགས་ཀྱི་གོ་གནས་དང་མཚན་སྙན། ལས་རིགས་ཁོར་ཡུག(ལས་ཀའི་ལག་རྩལ་ཆ་རྐྱེན། བར་སྟོང་གི་ཁོར་ཡུག ངལ་རྩོལ་གྱི་དཀའ་ཚད། ཟླ་ཕོགས་ཡོང་འབེབ། ཕན་བདེ་གླ་ཕོགས། ཡར་འཕེལ་གོ་སྐབས་སོགས) ལས་རིགས་འཁོར་བསྐྱོད་ཀྱི་རྒྱུ་རྐྱེན་དང་། སྤྱི་ཚོགས་དང་མི་སྒེར་གྱི་ཤན་ཤུགས་སོགས་ཡིན། ལས་རིགས་ནང་ཁུལ་གྱི་སྒྲིག་གཞི་དང་རྩ་འཛུགས་ཀྱི་རྣམ་པའི་ཞིབ་འཇུག དེ་ལ་ལས་རིགས་འདེམས་པ། ལས་རིགས་ཀྱི་གྲྭ་སྒྲིག ལས་ཞུགས་བརྒྱུད་རིམ། ལས་རིགས་འཚོ་ཐབས་ཀྱི་རྣམ་པ(གཙོ་བོ་སྐབས་ཐོག་དེའི་ལས་རིགས་འཚོ་བ)ལས་རིགས་ཀྱི་གླ་ཕོགས། ལས་རིགས་ཚོད་འཛིན། ལས་འཁྱེར་ངལ་གསོ་སོགས་འདུ་བ་ཡིན། ལས་རིགས་དང་མི་སྒེར་གྱི་སྤྱི་ཚོགས་ཀྱི་དོན་སྙིང་། ལས་རིགས་དང་མི་སྒེར་གྱི་འཚོ་བ་དང་སྤྱི་ཚོགས་ཡོངས་ལ་ཤན་ཤུགས་མང་པོ་ཞིག་བྱུང་བ། ལས་རིགས་སྤྱི་ཚོགས་རིག་པའི་ལས་ཀ་གཙོ་བོའི་དོན་སྙིང་དང་། ལས་གྲོགས་ཀྱི་འབྲེལ་བ། ཁྱིམ་ཚང་འཚོ་བ། ལས་རིགས་ཀྱི་རིགས་དབྱེ། ལས་རིགས་བསམ་བློའི་འཛིན་སྟངས་སོགས་ཀྱི་ཐད་ནས་ལས་རིགས་ལ་དབྱེ་ཞིབ་བྱས་ཏེ། འཚོ་བ་དང་སྤྱི་ཚོགས་ཀྱི་ཕྱོགས་ལ་ཐེབས་པའི་ཤན་ཤུགས་སོགས་འདུ་བ་ཡིན།

3 བྱེད་ནུས།

བྱེད་ལས་ལ་ལས་རིགས་ནི་སྤྱི་ཚོགས་སྣང་ཚུལ་གཙོ་བོ་ཞིག་ཡིན་ལ། རྒྱུན་སྤྱོད་སྤྱི་ཚོགས་རིག་པའི་གྲོས་བསྡུར་བྱ་གཞི་གཙོ་བོ་ཞིག་ཀྱང་ཡིན། ལས་རིགས་སྤྱི་ཚོགས་རིག་པའི་ཞིབ་འཇུག་གྲུབ་འབྲས་ནི། དེ་ལ་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ཞབས་ཞུ་གཏན་འབེབས་བྱས་ཆོག ལས་རིགས་ལ་ལས་རིགས་ནང་ཁུལ་གྱི་སྒྲིག་གཞི་ཕྱོགས་ཡོངས་ནས་འཛོམས་ཐུབ། འོས་འཚམ་གྱི་ལས་རིགས་འཁོར་བསྐྱོད་ལ་སྣེ་ཁྲིད་བྱེད་པ་དང་། སྒྲིག་ཁོངས་མི་གྲངས་ཀྱི་མ་ལག་མི་ཤུགས་འཆར་གཞི། ངལ་རྩོལ་ལས་ཞུགས་བཀོད་སྒྲིག་དང་། ལས་ཞུགས་མི་སྣའི་ལས་རིགས་མཛུབ་སྟོན་སོགས་ལ་བྱེད་ལས་གཙོ་བོ་ལྡན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།