སྤྱི་ཚོགས་འབྲེལ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་འབྲེལ་བ།
སྤྱི་ཚོགས་འབྲེལ་བ་ནི་མི་རྣམས་ཀྱིས་ཐུན་མོང་གི་དངོས་པོ་དང་བསམ་པའི་བྱ་འགུལ་བརྒྱུད་རིམ་ཁྲོད་སྦྲེལ་བའི་ཕན་ཚུན་གྱི་འབྲེལ་བའི་སྤྱི་མིང་ཡིན། མི་དང་མིའི་བར་གྱི་འབྲེལ་བ་ཡོངས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会关系
ཕྱི་ཡིག་གི་མིང་།
social relation
རྒྱུན་སྤྱོད་རིག་ཚན།
སེམས་ཁམས་རིག་པ།
རྒྱུན་སྤྱོད་ཁྱབ་ཁོངས།
སྤྱི་ཚོགས་སེམས་ཁམས་རིག་པ།
1 གོ་དོན།

འབྲེལ་བའི་ཕྱོགས་གཉིས་ནས་བཤད་ན། སྤྱི་ཚོགས་འབྲེལ་བ་ལ་མི་སྒེར་ཕན་ཚུན་བར་གྱི་འབྲེལ་བ་དང་། མི་སྒེར་དང་ཚོགས་སྤྱི་བར་གྱི་འབྲེལ་བ། མི་སྒེར་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འདུས་ལ། སྤྱིར་བཏང་དུ་ཚོགས་སྤྱི་དང་ཚོགས་སྤྱི་བར་གྱི་འབྲེལ་བ། ཚོགས་སྤྱི་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་འདུས། ཚོགས་སྤྱིའི་ཁྱབ་རྒྱ་ནི་ཆུང་ས་ནས་དམངས་ཁྲོད་ཀྱི་རྩ་འཛུགས་དང་ཆེ་ས་ནས་རྒྱལ་ཁབ་སྲིད་ཏང་ཡིན། འདིར་བརྗོད་པའི་རྒྱལ་ཁབ་ནི་དོན་དངོས་སུ་ས་ཁོངས་འཛིན་པའི་སྤྱི་ཚོགས་ཤིག་སྟེ། མི་སྒེར་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་སྒེར་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཡིན་ལ། མི་སྒེར་དང་འཛམ་གླིང་གི་འབྲེལ་བ་ཡང་མི་སྒེར་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཡིན།

འབྲེལ་བའི་ཁྱབ་ཁོངས་ནས་བཤད་ན་སྤྱི་ཚོགས་འབྲེལ་བ་དང་འབྲེལ་བའི་ཕྱོགས་ཧ་ཅང་མང་ཡང་། འབྲེལ་བ་གཙོ་བོ་ནི་དཔལ་འབྱོར་འབྲེལ་བ་དང་། ཆབ་སྲིད་འབྲེལ་བ། ཁྲིམས་ལུགས་འབྲེལ་བ་སོགས་ཡིན། དེ་ཡང་དཔལ་འབྱོར་འབྲེལ་བ་ནི་ཐོན་སྐྱེད་འབྲེལ་བ་ཡིན་ཞིང་། དེ་ལས་གཞན་ཆོས་ལུགས་དང་དམག་དོན་སོགས་ཡང་སྤྱི་ཚོགས་འབྲེལ་བ་མངོན་པར་མཚོན་པའི་ཁྱབ་ཁོངས་གཙོ་བོ་ཡིན་ནོ། །

2 མི་དང་མིའི་བར་གྱི་འབྲེལ་བ།

མིའི་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་འབྲེལ་བའི་ཁོངས་སུ་གཏོགས་ཤིང་། མི་དང་མིའི་བར་གྱི་འབྲེལ་བ་ནི་སེམས་ཁམས་འབྲེལ་བའི་རིགས་ཤིག་ཡིན་ལ། སྤྱི་ཚོགས་འབྲེལ་བ་ནི་མི་རྣམས་ཀྱིས་ཐུན་མོང་གི་དངོས་པོ་དང་བསམ་པའི་བྱ་འགུལ་བརྒྱུད་རིམ་ཁྲོད་སྦྲེལ་བའི་ཕན་ཚུན་གྱི་འབྲེལ་བའི་སྤྱི་མིང་ཡིན་ཏེ། མི་དང་མིའི་བར་གྱི་འབྲེལ་བ་ཡོངས་ལ་ཟེར།

མི་དང་མིའི་བར་གྱི་འབྲེལ་བ་དང་སྤྱི་ཚོགས་འབྲེལ་བ་ནི་རིམ་པ་མི་འདྲ་བའི་དོན་གཉིས་ཡིན་པས་རིགས་གཅིག་ཏུ་བྱས་ནས་སྨྲ་མི་རུང་། མི་དང་མིའི་བར་གྱི་འབྲེལ་བ་ནི་མི་སྣའི་བར་གྱི་སྤྱི་ཚོགས་འབྲེལ་བ་དང་དེ་ལས་གཞན་པའི་སྤྱི་ཚོགས་འབྲེལ་བ་གང་རུང་དང་འདྲ་བ་ཡིན་པས། དེར་ཐོན་སྐྱེད་འབྲེལ་བས་ཚོད་འཛིན་བྱས་ཡོད་པར་མ་ཟད། སྤྱི་ཚོགས་འབྲེལ་བ་གཞན་གྱི་ཤན་ཤུགས་ཀྱང་ཐེབས་ཡོད་པ་རེད། དེ་བས་མི་དང་མིའི་བར་གྱི་འབྲེལ་བ་དེ་སྤྱི་ཚོགས་འབྲེལ་བའི་ནང་བཞག་ནས་བརྟག་ཞིབ་བྱེད་དགོས།

མི་དང་མིའི་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་འབྲེལ་བའི་ཐོན་རྫས་ཡིན་ལ། མི་དང་མིའི་བར་གྱི་འབྲེལ་བ་གང་ཡིན་ཡང་དེ་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་གི་ནང་བྱུང་བ་རེད།

མི་དང་མིའི་འབྲེལ་བའི་རྩ་བའི་ངོ་བོ་དེ་སྤྱི་ཚོགས་དེའི་རྣམ་པའི་སྤྱི་ཚོགས་ཐོན་སྐྱེད་འབྲེལ་བའི་ངོ་བོ་ལ་རག་ལས་པ་ཡིན།

མི་དང་མིའི་བྲེལ་བའི་འགྱུར་ལྡོག་ནི་སྤྱི་ཚོགས་འབྲེལ་བའི་འགྱུར་ལྡོག་དང་བསྟུན་གཏན་འཁེལ་བྱེད་པ་ཡིན་ཞིང་། འབྲེལ་བའི་རྙོག་འཛིང་རང་བཞིན་ཡང་སྤྱི་ཚོགས་འབྲེལ་བའི་རྙོག་འཛིང་རང་བཞིན་ལ་རག་ལས་པ་ཡིན།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།