སྤྱི་ཚོགས་འགན་སྲུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་འགན་སྲུང་།
སྤྱི་ཚོགས་འགན་སྲུང་ནི་རྒྱལ་ཁབ་ཀྱིས་ཁྲིམས་བཙུགས་པ་ལ་བརྟེན་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་སྐུལ་སྤེལ་བྱས་ཏེ། ཡོང་འབབ་མེད་པ་དང་ཡོང་འབབ་ཉུང་བ། དེ་མིན་ཐོལ་བྱུང་གི་གནོད་འཚེ་མྱོང་བཞིན་པའི་སྤྱི་དམངས་ཀྱིས་འཚོ་བ་རོལ་ཐུབ་པར་ཁག་ཐེག་བྱེད་ཅིང་། ངལ་རྩོལ་པ་རྒས་པ་དང་། ལས་ཀ་ཤོར་བ། ནད་བྱུང་བ། རྨས་སྐྱོན་བྱུང་བ། བུ་བཙའ་བའི་སྐབས་ཀྱི་རྨང་གཞིའི་འཚོ་བ་ལ་འགན་སྲུང་བྱས་ནས་ཤན་ཤུགས་ཐེབས་སུ་མི་འཇུག་པའི་མཚུངས་སུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚུལ་ལ་གཞིགས་ནས། རིམ་གྱིས་སྤྱི་བའི་ཕན་བདེའི་ཆུ་ཚད་དང་རྒྱལ་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会保障
ཕྱི་ཡིག་གི་མིང་།
social security
རྣམ་པ།
གཞུང་ལུགས།
ཆོད་དོན།
བཅའ་ཁྲིམས།
1 ནང་དོན།

སྤྱི་ཚོགས་འགན་སྲུང་ནི་རྒྱལ་དམངས་ཡོང་འབབ་ཡང་བསྐྱར་བགོ་བཤའ་རྒྱག་པའི་རྣམ་པ་ཞིག་ཡིན་ལ། དེ་ནི་ལམ་ལུགས་ངེས་ཅན་བརྒྱུད་ནས་མངོན་འགྱུར་བྱུང་བ་རེད། ང་ཚོའི་ཁྲིམས་ལུགས་གཏན་འབེབས་བྱས་པ་དང་། འགྲོ་ལུགས་གཏན་འཁེལ་བྱས་ཏེ། དུས་རྒྱུན་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དང་ཐབས་ཇུས་ལག་བསྟར་བྱེད་པའི་མ་ལག་ལ་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཟེར་བ་རེད། རྒྱལ་ཁབ་སོ་སོའི་རྒྱལ་ཁབ་གནས་ཚུལ་དང་ལོ་རྒྱུས་ཆ་རྐྱེན་མི་འདྲ་བའི་དབང་གིས། རྒྱལ་ཁབ་མི་འདྲ་བ་དང་ལོ་རྒྱུས་དུས་སྐབས་མི་འདྲ་བའི་སྐབས་སུ། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་ཞིབ་ཕྲའི་ནང་དོན་གཅིག་འདྲ་མིན། འོན་ཀྱང་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་སྤྱི་ཚོགས་ཁོངས་མིའི་འདོད་བློ་ཚིམ་པར་བྱེད་པའི་ཆེད། བབ་བསྟུན་གྱིས་རིམ་པ་མང་པོའི་འགན་སྲུང་རྣམ་གྲངས་བཀོད་སྒྲིག་བྱེད་པ་དེ་རེད།

2 རྒྱུ་རྐྱེན།

གཅིག  ཁྲིམས་དང་མཐུན་པར་འཛུགས་པ། དེང་རབས་སྤྱི་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་སྔོན་དུ་ཁྲིམས་འཛུགས་པའི་རྩ་དོན་བརྩི་སྲུང་བྱེད་ཅིང་། དེ་ནི་འགན་སྲུང་ཁྲིམས་འཛུགས་བྱས་པར་བརྒྱུད་སྤྱི་ཚོགས་འགན་སྲུང་ལམ་ལུགས་གཏན་འབེབས་བྱས་ལ། ཁྲིམས་ལུགས་སྒྲིག་སྲོལ་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་ཐུབ་པའི་དངོས་ཡོད་ཀྱི་རྨང་གཞི་དང་གཞི་འཛིན་ས་ཡིན།

གཉིས། མི་ནི་རྩ་བ་ཡིན་པ་འབུར་ཏུ་འདོན་དགོས། དེས་རྒྱལ་དམངས་འཚོ་བ་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། རྒྱལ་དམངས་ཕན་བདེ་གོང་དུ་སྤེལ་བ་དགོངས་དོན་དུ་བྱས་ཤིང་། དེའི་ཁྲོད་དཔལ་འབྱོར་འགན་སྲུང་དང་ཞབས་ཞུ་འགན་སྲུང་གཉིས་འདུ་བ་ཡིན།

གསུམ། དཔལ་འབྱོར་ཕན་བདེ་རང་བཞིན་ལྡན་པ། ཐད་ཀར་བྱུང་བའི་དཔལ་འབྱོར་ཁེ་ཕན་གྱི་འབྲེལ་བའི་ཐད་ནས་བལྟས་ན། སྲིད་གཞུང་ཡོད་པ་དང་། གླ་བདགཡོད་པ། སྤྱི་ཚོགས་ལས་རིགས་སོ་སོའི་ནང་ཞུགས་དང་འགན་ཁུར་ཡོད་པའི་དབང་གིས། ཁེ་ཕན་རག་པའི་ཐོབ་བྱ་དེ་འགྲོ་གྲོན་ལས་ཆེ་དགོས།

བཞི། སྤྱི་ཚོགས་ཅན་གྱི་བྱ་སྤྱོད་ཡིན། གཞུང་ཕྱོགས་ལས་ཁུངས་སམ་ཡང་ན་སྤྱི་ཚོགས་ཚོགས་པས་སྤྱི་ཚོགས་འགན་སྲུང་ལག་བསྟར་བྱེད་མཁན་གྱི་མི་དང་དངོས་པོའི་འགན་འཁུར་པ་ལས། གནང་སྦྱིན་མཁན་དང་ཁེ་ཕན་ཐོབ་མཁན་གྱི་གཅིག་ཁ་གཅིག་གཏད་ཀྱི་བྱ་སྤྱོད་ཅིག་མ་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།