སྤྱི་ཚོགས་མཉམ་འགུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་མཉམ་འགུལ།
སྤྱི་ཚོགས་མཉམ་འགུལ་ནི་ཚོགས་སྤྱི་བྱེད་སྒོ་དང་སྤྱི་ཚོགས་བརྒྱུད་རིམ་ཕན་ཚུན་ཆ་རྐྱེན་དང་མཇུག་འབྲས་བྱས་པའི་སྤྱི་ཚོགས་འགུལ་སྐྱོད་རྨང་གཞི་བྱས་པ་ལ་ཟེར། ཕན་ཚུན་བར་སྤྱི་ཚོགས་བྱེད་སྒོ་སྤེལ་པའི་སྐབས་སུ་ནས་སྤྱི་ཚོགས་མཉམ་འགུལ་བྱུང་བ་ཡིན། སྤྱི་ཚོགས་མཉམ་འགུལ་ལ་སྤྱི་ཚོགས་ཀྱི་བྱེད་ནུས་འདོན་རེས་སམ་ཡང་ན་སྤྱི་ཚོགས་འབྲེལ་འདྲིས་ཞེས་ཀྱང་ཟེར། དེ་ནི་མི་སྒེར་གྱིས་གཞན་ལ་སྤྱི་ཚོགས་འགུལ་སྐྱོད་དང་ལེན་བྱས་པ་དང་གཞན་གྱིས་ཕྱིར་ལན་སློག་པའི་རང་བཞིན་གྱི་སྤྱི་ཚོགས་འགུལ་སྐྱོད་ཀྱི་བརྒྱུད་རིམ་ཡིན་ཏེ། ང་ཚོས་ང་ཚོའི་འགུལ་སྐྱོད་ཀྱིས་གཞན་ལ་ཤན་ཤུགས་ཐེབས་པ་རྟོགས་ངེས་ཤིང་། དེ་ལས་ལྡོག་སྟེ་གཞན་གྱི་རེ་བས་ང་ཚོའི་འགུལ་སྐྱོད་མང་པོར་ཤན་ཤུགས་ཐེབས་ངེས། དེ་ནི་མི་སྒེར་བར་དང་། ཚོགས་སྤྱི་བར། མི་སྒེར་དང་ཚོགས་སྤྱི་བར་ཕན་ཚུན་གྱི་སྤྱི་ཚོགས་འགུལ་སྐྱོད་ཀྱི་བརྒྱུད་རིམ་ཡིན། གཞུང་ལུགས་ཀྱི་ཕྱོགས་ནས་མཚོན་རྟགས་མཉམ་འགུལ་སྨྲ་བ་དང་རང་ཡུལ་ཐབས་ལམ་སྨྲ་བ། ཟུར་ལྟའི་ཚོགས་སྤྱི་སྨྲ་བ། སྤྱི་ཚོགས་ཕན་ཚུན་བརྗེ་རེས་སྨྲ་བ་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会互动
ཕྱི་ཡིག་གི་མིང་།
social interaction
ཆ་རྐྱེན།
གཉིས་དང་གཉིས་ཡན་གྱི་མི་སྒེར་བར།
རྨང་གཞི།
ཆ་འཕྲིན་བརྒྱུད་སྤེལ།
1 དམིགས་བསལ་གྱི་དོན་སྙིང་།

སྤྱི་ཚོགས་མཉམ་འགུལ་ནི་སྤྱི་ཚོགས་རིག་པར་ཞིབ་འཇུག་བྱེད་པའི་གཞི་རྩའི་བརྟག་དཔྱད་སྡེ་ཚན་གྱི་ཡ་གྱལ་དང་། ཕྲ་མཐོང་སྤྱི་ཚོགས་རིག་པའི་ཞིབ་འཇུག་བྱ་གཞི་གཙོ་བོ་ཞིག་ཡིན། དེ་ནི་མི་སྒེར་རིམ་གྲས་དང་སྤྱི་ཚོགས་གྲུབ་ཚུལ་རིམ་གྲས། དེ་མིན་རིག་གནས་རིམ་གྲས་ཀྱི་བར་སྦྲེལ་ཡིན་ལ། མི་སྒེར་ནས་ཚོགས་སྤྱི་ཕྱོགས་སུའམ་ཡང་ན་དེ་ལས་ཆེ་བའི་སྤྱི་ཚོགས་རྩ་འཛུགས་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་པའི་འགྱུར་མཚམས་ཤིག་ཡིན།

2 གཞུང་ལུགས་བྱུང་ཚུལ།

ཇོར་ཇི·H·མི་ཏི(乔治·H·米德)ཡིས་སྤྱི་བསྡོམས་བྱས་པའི་སྔོན་གྱི་གྲུབ་འབྲས་རྨང་གཞི་ལས་འཕེལ་རྒྱས་བྱུང་ལ། ཤེས་རབ་ཀྱི་འཕེལ་རྒྱས་དང་རང་གཙོ་འདུ་ཤེས་བྱུང་བ། སྤྱི་ཚོགས་རྩ་འཛུགས་དང་ལམ་ལུགས་བཙུགས་པ་བཅས་ནི་སྤྱི་ཚོགས་མཉམ་འགུལ་གྱི་བརྒྱུད་རིམ་གཙོ་བོ་ཡིན་ཞིང་། སྤྱི་ཚོགས་མཉམ་འགུལ་བྱུང་བའི་ཆ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན། མཉམ་འགུལ་གྱི་ངོ་བོ་སྟེ། རང་གཙོ་མཉམ་འགུལ་ལམ་སྤྱི་ཚོགས་མཉམ་འགུལ་གང་རུང་ཡིན་ཡང་། བྱེད་པོ་དང་ཡུལ་བར་གྱི་འབྲེལ་འདྲིས་ཤིག་ཡིན།

3 མཉམ་འགུལ་རྒྱུ་རྐྱེན།

མཚོན་རྟགས་མཉམ་འགུལ་གྱི་ལྟ་བའི་ཐད་ནས། སྤྱི་ཚོགས་མཉམ་འགུལ་གྲུབ་པར་སྤྱིར་བཏང་དུ་གཤམ་གྱི་རྒྱུ་རྐྱེན་གསུམ་ཚང་དགོས་ཏེ། གཅིག  ངེས་པར་དུ་མཉམ་འགུལ་བྱེད་པོ་གཉིས་སམ་གཉིས་ཡན་ཡོད་པ། གཉིས། མཉམ་འགུལ་བྱེད་པོའི་བར་ངེས་པར་དུ་རིགས་ག་གེ་མོའི་འབྲེལ་བ་བྱུང་དགོས། གསུམ། མཉམ་འགུལ་ལ་ཞུགས་པའི་ཕྱོགས་སོ་སོའི་འགུལ་སྐྱོད་མཚོན་རྟགས་ཀྱིས་མཚོན་པའི་དོན་སྙིང་ལ་བསམ་བློ་གཏོང་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-20

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།