ཚན་རིག་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རིག་སྤྱི་ཚོགས་རིག་པ (the sociology of science)ཚན་རིག་དང་འབྲེལ་བའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科学社会学
ཕྱི་ཡིག་གི་མིང་།
the sociology of science
ཁོངས་གཏོགས།
ཚན་རིག་འདིའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག
ཁྱབ་ཁོངས།
སྤྱི་ཚོགས་ཚན་རིག
1 ངོ་སྤྲོད་རགས་བསྡུས།

ཚན་རིག་སྤྱི་ཚོགས་རིག་པ the sociology of science ནི་ཚན་རིག་དང་འབྲེལ་བའི་སྣང་ཚུལ་གྱི་སྤྱི་ཚོགས་རིག་པའི་ཞིབ་འཇུག སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་ཡན་ལག་རིག་ཚན་ཞིག་ཡིན། ང་ཚོའི་སྤྱི་ཚོགས་རིག་པ་གླེང་བའི་དུས་དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་དང་ཆུ་ཚད་ཀྱི་རིགས་ཞིག་ཡིན་པ་ལས། སྤྱི་ཚོགས་རིག་པ་ལ་ཚན་རིག་དང་ལྡན་པ་དང་། ཚན་རིག་དང་མི་ལྡན་པ་རིགས་གཉིས་བཏོན་པ་ཡང་མ་ཡིན་པར། སྤྱི་ཚོགས་རིག་པའི་ཁྱབ་ཁོངས་ཆེན་པོའི་ནང་གནས་པའི་ཚན་རིག་སྟེ། ཞིབ་འཇུག་གི་དམིགས་ཡུལ་ཡིན།

2 རིགས་དབྱེ།

ཚན་རིག་སྤྱི་ཚོགས་རིག་པའི་ནང་དོན་གྱི་ཆ་ནས་རིགས་གཉིས་ལ་དབྱེ་ཆོག

རིགས་དང་པོ་ནི་སྤྱིར་བཏང་གི་གོ་དོན་ནས་ཚན་རིག་དང་སྤྱི་ཚོགས་ཀྱི་གནད་དོན་སོ་སོ་གླེང་མོལ་བྱེད་པ་ཡིན། དེ་ལ་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་དང་སློབ་གསོ། ཆོས་ལུགས་དང་རིག་གནས་སྒྱུ་རྩལ་སོགས་སྤྱི་ཚོགས་རྒྱུ་རྐྱེན་སོ་སོའི་བྱེད་ལས་འདུ་བ་ཡིན་ལ། ཞིབ་འཇུག་འདིའི་རིགས་ནུབ་ཕྱོགས་སྤྱི་ཚོགས་ནང་ལྷག་པར་ཏུ་དབྱིན་ཇི་རྒྱལ་ཁབ་སྟེ། ཚན་རིག་གི་སྤྱི་ཚོགས་ཞིབ་འཇུག་ཟེར་བའི་འབོད་སྲོལ་ཞིག་ཡོད། དེའི་ཕྱོགས་ཀྱི་ཞིབ་འཇུག་ཐད་ཚན་རིག་ལ་ཞིབ་འཇུག་བྱེད་པའི་ཚན་རིག་པ་མང་པོས་ཞིབ་འཇུག་བྱེད་བཞིན་ཡོད། དབྱིན་ཇི་ནས་འདིའི་རིགས་ཀྱི་སྲོལ་རྒྱུན་ཧ་ཅང་གསལ་བོ་ཡིན། དུས་རབས20ལོ་རབས30ནས་མགོ་བཟུང་། པེར་ན་དང་པོ་ལ་ནེ་གཙོ་བྱས་པའི་ཚན་རིག་པ་སྐོར་ཞིག་གི་བྱས་རྗེས་མི་དམན་པ་བཞག་ལ། ཁོ་ཚོའི་རིན་ཐང་ལྡན་པའི་ཚན་རིག་སྤྱི་ཚོགས་རིག་པའི་བརྩམས་ཆོས་དང་ཚན་རིག་གཏན་ཚིགས་རིག་པའི་བརྩམས་ཆོས་བྲིས་གནང་མཛད་པ་རེད། པེར་ན་ཡེའི《ཚན་རིག་གི་སྤྱི་ཚོགས་བྱེད་ནུས》1952 ཚན་རིག་ཞིབ་འཇུག་དར་ཁྱབ་ལ་སྐུལ་མ་ཆེན་པོའི་ནུས་པ་ཐོན་པ་རེད།

རིགས་གཉིས་པ་ནི་ཚན་རིག་སྤྱི་ཚོགས་རིག་པའི་ཆེད་ལས་སྤྱི་ཚོགས་རིག་པས་དོན་སྤྱི་དང་ཐབས་ལམ་སྤྱད་དེ། ཚན་རིག་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཡིན། འདིའི་ཐད་ནས་མུ་ཏོན་ནི་དེའི་ཕྱོགས་ཁག་ནི་ཚབ་མཚོན་མི་སྣ་ཡིན། ཨ་རིའི་ཚན་རིག་སྤྱི་ཚོགས་རིག་པའི་རྣམ་པ་གྲུབ་པ་རེད། མུ་ཏོན་དང་དེའི་ཕྱོགས་ཁག་གིས་ཚན་རིག་སྤྱི་ཚོགས་ལམ་ལུགས་ཞིག་གཙོ་གནད་དུ་བཟུང་ནས་བརྟག་ཞིབ་བྱེད་པ་ཡིན། ཚན་རིག་པའི་ཐུན་མོང་གི་ནང་ཁུལ་གྱི་སྤྱི་ཚོགས་འབྲེལ་བ་དང་དེའི་སྒྲིག་གཞི། ཚན་རིག་པའི་བྱ་སྤྱོད་ཚད་ལྡན་དང་ཚན་རིག་བྱ་དགའི་ལམ་ལུགས་ཐད་ཀྱི་གནད་དོན་སོགས་ལ་ཞིབ་འཇུག་བྱེད་པ་ཡིན། གཞན་ད་དུང་དྷེ་ཝེ་ཡི་ལོ་རྒྱུས་དབྱེ་ཞིབ་ཐབས་ལམ་དང་ཕི་ལེ་སི་ཡི་གྲངས་ཚད་དབྱེ་ཞིབ་ཐབས་ལམ་གཉིས་ཀྱིས་ཚན་རིག་སྤྱི་ཚོགས་རིག་པ་ལ་རང་གི་དོན་སྤྱི་དང་དེའི་ཐབས་ལམ་གྲུབ་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།