སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིག་པ།
སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་དངོས་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དུས་རབས19བར་དར་བ་རེད། དེ་ནི་སྤྱི་ཚོགས་མཚན་ཉིད་རིག་པ་ལས་བྱུང་བའི་དེང་རབས་ཀྱི་རིག་ཚན་ཞིག་ཡིན་ལ། སྤྱི་ཚོགས་རིག་པ་ལ་ཞིབ་འཇུག་ཐབས་ལམ་ཧ་ཅང་མང་། གཙོ་བོ་སྤྱི་ཚོགས་ཀྱི་བྱ་སྤྱོད་དང་། གནད་དོན། སྒྲིག་གཞི། མི་གཤིས། སྤྱི་ཚོགས་རིག་པའི་སེམས་ཁམས་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会学
ཕྱི་ཡིག་གི་མིང་།
Sociology
རང་བཞིན།
མི་གཤིས་དང་སྒྲིག་ལམ་གྱི་འབྲེལ་བ་དང་དེང་རབས་ཅན་ལ་ཞིབ་འཇུག་བྱེད་པ།
འབྱུང་ཁུངས།
དུས་རབས་བཅུ་དགུ་བའི་དུས་མཇུག
1 མཚན་ཉིད།

སྤྱི་ཚོགས་རིག་པའི་སྣ་མང་མཚན་ཉིད་དེ་ཚོ་ཕྱོགས་གཅིག་ཏུ་བསྡུས་ན། གཙོ་བོ་རིགས་གསུམ་ལ་དགར་ཆོག་སྟེ། རིགས་དང་པོ་ཡིས་སྤྱི་ཚོགས་ཧྲིལ་བོ་ལ་ཞིབ་འཇུག་བྱེད་པ་ཡིན། ལྟ་ཚུལ་འདིའི་རིགས་ཀྱི་ཚབ་མཚོན་མི་སྣ་གཙོ་བོར་ནི་ཁུང་ཏེ་དང་སི་པིན་སའེ། &Eacute ཏི་ཨེར་ཁའེ་མུའུ་སོགས་ཡིན། དེའི་ནང་གི་ཁུང་ཏེ་དང་སི་པིན་སའེ་གཉིས་ཀྱིས་སྤྱི་ཚོགས་ཧྲིལ་བོར་ཞིབ་འཇུག་བྱེད་སྐབས། གཙོ་བོ་སྤྱི་ཚོགས་ཀྱི་སྤྱིར་བཏང་གི་སྣང་ཚུལ་གླེང་བཞིན་ཡོད། འོན་ཀྱང་ཏི་ཨེར་ཁའེ་མུའུ་ཡིས་དམིགས་གསལ་གྱི་སྤྱི་ཚོགས་སྣང་ཚུལ་ཏེ་སྤྱི་ཚོགས་དོན་དངོས་གཙོ་བོ་གླེང་བཞིན་ཡོད། ལྟ་ཚུལ་འདི་ལས་སྤྱི་ཚོགས་རིག་པའི་ནང་གི་དངོས་ཡོད་བདེན་དཔང་རིང་ལུགས་ཀྱི་ལམ་ཕྱོགས་དེ་གྲུབ་པ་རེད། རིགས་གཉིས་པ་ཡིས་གཙོ་བོ་མི་སྒེར་དང་སྤྱི་ཚོགས་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པ་ཡིན། ལྟ་ཚུལ་འདིའི་རིགས་ཀྱི་ཚབ་མཚོན་མི་སྣ་གཙོ་བོ་ནིMཝེ་པོ་སོགས་ཡིན། དེ་ལས་སྤྱི་ཚོགས་རིག་པའི་ནང་དངོས་ཡོད་བདེན་དཔང་དང་ལྡོག་པའི་རིང་ལུགས་ཀྱི་ལམ་ཕྱོགས་དེ་གྲུབ་པ་རེད། ལྟ་ཚུལ་གསུམ་པ་དེ་ནི་གོང་གི་ལྟ་ཚུལ་གཉིས་ལས་གང་ལའང་མི་འདུ་བའི་ལྟ་ཚུལ་གཞན་དག་ཡིན།

2 གཞུང་ལུགས།

སྤྱི་ཚོགས་རིག་པའི་ཐབས་ལམ་སྨྲ་བ་ནི་སྤྱི་ཚོགས་རིག་པའི་ཐབས་ལམ་མ་ལག་ནང་གི་རིམ་པ་མཐོ་ཤོས་ཡིན། དེ་ནི་སྤྱིར་བཏང་གི་ཚན་རིག་ཐབས་ལམ་ལ་འདུ་བ་དང་། རིག་ཚན་ཞིབ་འཇུག་གི་ཐད་ནས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྨང་གཞིའི་ཚད་གཞི་གཏན་འཁེལ་བྱས་ཡོད། ཞིབ་འཇུག་ཐབས་ལམ་དང་ཞིབ་ཕྲའི་ཐབས་ལམ་གྱི་གཞུང་ལུགས་དང་གཏན་ཚིགས་ཀྱི་རྨང་གཞི་ཡང་ཡིན། ཞིབ་འཇུག་ཐབས་ལམ་ནི་ཐབས་ལམ་མ་ལག་གི་རིམ་པ་བར་མར་ཡོད་པ་དང་། ཞིབ་ཕྲའི་ཐབས་ལམ་དང་ལག་རྩལ་ནི་རིམ་པ་དམའ་སར་ཡོད། ཞིབ་འཇུག་བྱེད་པའི་དུས་རིམ་སོ་སོའི་ནང་དམིགས་ཚད་ཅིག་ལ་ཐོན་པར་སྤྱད་པའི་ཐབས་ལམ་ཞིག་ཡིན། ཞིབ་ཕྲའི་ཐབས་ལམ་འདེམ་ན་ངེས་པར་དུ་ཚད་ལྡན་གྱི་ཞིབ་འཇུག་ཐབས་ལམ་དང་འཚམ་དགོས།

སྤྱི་ཚོགས་གཞུང་ལུགས་ཁྲོད་དུས་རྒྱུན་རྟོག་བཏགས་དང་ཡང་ན་རྙོག་དྲའི་གཞུང་ལུགས་ཞིག་གི་སྒྲོམ་གཞི་ལས། སྤྱི་ཚོགས་ཀྱི་རྣམ་པ་དང་ཆེ་མཐོང་སྤྱི་ཚོགས་གྲུབ་ཆ་ལ་འགྲེལ་བཤད་དང་དབྱེ་ཞིབ་བྱེད་བཞིན་ཡོད། སྤྱི་ཚོགས་རིག་པའི་གཞུང་ལུགས་གཙོ་བོ་གསུམ་ནི། སྤྱི་ཚོགས་འཕེལ་འགྱུར་གཞུང་ལུགས་དང་སྤྱི་ཚོགས་དུས་འཁོར་གཞུང་ལུགས།  མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་རིང་ལུགས་བཅས་ཡིན།

རིག་ཚན་འདིའི་ངོ་བོའི་ཤེས་རྟོགས་ཐད་ནས། སྤྱི་ཚོགས་རིག་པའི་ཉེར་སྤྱོད་ཞིབ་འཇུག་ནུས་ཤུགས་དེ་སྔར་ལས་ཀྱང་ཤུགས་ཆེར་ཕྱིན། ཡོངས་ཁྱབ་ཀྱིས་ཁས་ལེན་ཐོབ་པའི་སྤྱི་ཚོགས་རིག་པ་ནི་ཉེར་སྤྱོད་ཞིབ་འཇུག་གཙོ་བྱས་པའི་ཉམས་མྱོང་རིག་གཞུང་ཞིག་རེད། རིག་ཚན་འཛུགས་སྐྲུན་ཐད་ནས་ཉེར་སྤྱོད་ཞིབ་འཇུག་དང་གཞུང་ལུགས་ཞིབ་འཇུག་ཕན་ཚུན་མཉམ་འདྲེས་བྱས་ཏེ། འཛམ་གླིང་འཁྲུག་ཆེན་རྗེས་ཀྱི་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་རིག་པའི་ལག་བསྟར་བྱས་པ་ལ་ནུས་པ་ཐོན་པ་ར་སྤྲོད་བྱས་པ་རེད། རིག་ཚན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས།

ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིག་པ་སློབ་སྦྱོང་དང་ནང་བྱན་ཆུད་དགོས། ལྷག་པར་དུ་རང་མི་རིགས་ལ་ཕན་ནུས་ལྡན་པའི་ཞབས་ཞུ་བསྒྲུབ་པ། ནུབ་ཕྱོགས་ནས་ཐོན་པའི་རིག་གནས་རྒྱབ་ལྗོངས་ཀྱི་གཞུང་ལུགས་དང་གོ་དོན་དབྱེ་ཞིབ་བྱས་ནས་ཐག་བཅད་དེ། རང་ས་ཁུལ་དང་རང་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ཀྱི་གནད་དོན་ཐག་གཅོད་དགོས།

3 བྱུང་འཕེལ།

ཁེར་ཚུགས་ཀྱི་ཉམས་མྱོང་གཞུང་ལུགས་ཞིག་ཡིན་སྟབས་སྤྱི་ཚོགས་རིག་པ་ཡོ་རབ་དང་ཨ་རི་སོགས་ནས་བྱུང་བ་དང་འཕེལ་རྒྱུས་ཀྱི་ལོ་རྒྱུས་ཡོད། ནུབ་གླིང་སྤྱི་ཚོགས་རིག་པའི་འཕེལ་རྒྱས་སྤྱིར་བསྡོམས་ན་ལྟོས་བཅས་ཀྱིས་ཁེར་ཚུགས་ཐུབ་པ་གསུམ་དང་། ཡང་ཕན་ཚུན་འབྲེལ་ནས་ཡོད་པའི་དུས་རིམ་གསུམ་ཡིན། དུས་རབས་བཅུ་དགུ་བའི་ལོ་རབས་བརྒྱད་ཅུ་ནས་ཐེངས་དང་པོའི་འཛམ་གླིང་འཁྲུག་ཆེན་སྔོན་ནི་མགོ་འཛུགས་པའི་དུས་རིམ་དང་། ཐེངས་གཉིས་པའི་འཛམ་གླིང་འཁྲུག་ཆེན་སྐབས་ལམ་ལུགས་རང་བཞིན་གྱི་འཕེལ་རྒྱས་ཀྱི་དུས་རིམ་དང་། ཐེངས་གཉིས་པའི་འཛམ་གླིང་འཁྲུག་ཆེན་རྗེས་ཀྱི་དེང་རབས་འཕེལ་རྒྱས་དུས་རིམ་སྟེ་གསུམ་ཡིན།

ཐོག་མའི་འཕེལ་རྒྱས།

ཐོག་མའི་སྤྱི་ཚོགས་རིག་པ་ནི་དེ་བྱུང་བ་དང་གྲུབ་བཞིན་པའི་སྐབས་ཀྱི་སྤྱི་ཚོགས་རིག་པ་ལ་ཟེར། སྐབས་འདིའི་སྤྱི་ཚོགས་རིག་པ་གཙོ་བོ་སྤྱི་ཚོགས་རིག་པའི་བྱུང་འཕེལ་ལོ་རྒྱུས་སྟེང་གི་སྲོལ་རྒྱུན་ཆེན་པོ་གསུམ་གྲུབ་པ་སྟེ། ཁུང་ཏེ་དངོས་ཡོད་བདེན་དཔང་རིང་ལུགས་ཀྱི་སྤྱི་ཚོགས་རིག་པ། ཝེ་པོ་ཤེས་རྟོགས་སྤྱི་ཚོགས་རིག་པ། མར་ཁེ་སི་རིང་ལུགས་ཀྱི་སུན་འབྱིན་སྤྱི་ཚོགས་རིག་པ་བཅས་ཡིན།

དུས་དཀྱིལ་གྱི་འཕེལ་རྒྱས།

སྤྱི་ཚོགས་རིག་པའི་བར་སྐབས་ཀྱི་འཕེལ་རྒྱས་ནི་ཁུང་ཏེ་དང་མར་ཁེ་སི། ཏི་ཨེར་ཁའེ་མུའུ། ཝེ་པོ་རྗེས་ཀྱི་དུས་རབས20བ་ནས་ལོ་རབས40བའི་བར། སྤྱི་ཚོགས་རིག་པ་འཛམ་གླིང་རྒྱལ་ཁབ་སོ་སོ་ནས་སྒྲོག་སྤེལ་དང་དར་རྒྱས་བྱུང་། དུས་རབས19བའི་ལོ་རབས70བའི་སྔོན་ལ། སྤྱི་ཚོགས་རིག་པ་དེ་རིག་ཚན་འདིའི་འབྱུང་ཁུངས་ཡོ་རབ་ཀྱི་རྒྱལ་ཁབ་ཉུང་ཤས་ན་མ་གཏོགས་མེད། ལོ་རབས70བའི་དུས་དཀྱིལ་ལ་དང་ཐོག་ཨ་མེ་རི་ཁ་ནས་སྤེལ་བ་རེད། རིམ་གྱིས་ཨ་མེ་རི་ཁ་བརྒྱུད་ནས་འཛམ་གླིང་གང་སར་ཁྱབ། འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་བ་ལས། ཡོ་རབ་སྤྱི་ཚོགས་རིག་པ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་དར་སྤེལ་དང་འཕེལ་རྒྱས་སུ་སོང་བ་རེད།

དེང་རབས་ཀྱི་འཕེལ་རྒྱས།

དེང་རབས་སྤྱི་ཚོགས་རིག་པ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་ད་ལྟའི་བར་གྱི་སྤྱི་ཚོགས་རིག་པ་ལ་ཟེར། དེ་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་རིམ་གྱིས་གཏིང་ཇེ་ཟབ་དང་འཐུས་ཇེ་ཚང་། སྤྱི་ཚོགས་རིག་པའི་ཤེས་བྱའི་ལས་བགོས་དང་ཆེད་ལས་རང་བཞིན་གྱི་ཚགས་ཇེ་དམ་དུ་གྱུར་བའི་དུས་སྐབས་ཤིག་ཡིན་ལ། ཡང་ཅིག་བཤད་ན་སྤྱི་ཚོགས་རིག་པ་འཛམ་བུ་གླིང་ནས་ཁྱབ་རྒྱ་ཆེན་པོ་ངང་ནས་སྒྲོག་སྤེལ་དང་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་ཤིག་ཀྱང་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།