སྤྱི་ཚོགས་འཚོ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་འཚོ་བ།
སྤྱི་ཚོགས་འཚོ་བ་ནི་སྤྱི་ཚོགས་རིག་པས་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན། དེ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་གོ་དོན་ལྟར་ན་སྤྱི་ཚོགས་ཀྱི་དངོས་པོ་དང་བསམ་པའི་བྱ་འགུལ་ཡོངས་སུ་བརྗོད། སྒྲ་དོག་འཇུག་གི་གོ་དོན་ལྟར་ན་སྤྱི་ཚོགས་ཀྱི་དངོས་པོའི་ཐོན་སྐྱེད་བྱ་འགུལ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་སྤྱི་བའི་བྱ་འགུལ་ལས་འདས་པའི་སྤྱི་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཕྱོགས་ལ་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会生活
ཁོངས་གཏོགས།
སྤྱི་ཚོགས་རིག་པའི་ཞིབ་འཇུག
སྦྲེལ་ཐག
སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག
རིགས་དབྱེ།
རིགས་མང་།
1 ​མཚན་ཉིད།

དངོས་པོའི་འཚོ་བའི་ཁྲོད། དངོས་པོའི་རྒྱུ་ཆའི་ཐོན་སྐྱེད་བྱ་འགུལ་ནི་ནི་སྤྱི་ཚོགས་འཚོ་བའི་གཙོ་གནད་དང་རྩ་བའི་ནང་དོན་ཡིན་ཞིང་། སྲོག་ཆགས་རྣམས་ཀྱིས་འཚོ་བའི་བྱ་འགུལ་གཞན་ལ་ཞུགས་པའི་རྨང་གཞི་ཡང་ཡིན། དངོས་པོའི་ཐོན་སྐྱེད་བྱ་འགུལ་ལ་དམ་པོར་འབྲེལ་བ་ནི་དངོས་པོའི་འཚོ་བའི་རྒྱུ་ཆ(ཟས་གོས་འགྲོ་འདུག་ཐད་ཀྱི་འཚོ་གནས་དང་ལོངས་སྤྱོད། འཕེལ་རྒྱས་རྒྱུ་ཆ)ཡི་འཛད་སྤྱོད་བྱ་འགུལ་ཡིན། འཛད་སྤྱོད་བྱ་འགུལ་འདིའི་རིགས་ཀྱང་དངོས་པོའི་འཚོ་བའི་གྲུབ་ཆ་གཙོ་བོ་ཡིན་ཞིང་། དེ་ནི་སྲོག་ཆགས་རང་ངོས་ནས་འཚོ་གནས་དང་རྒྱུད་སྤེལ། འཕེལ་རྒྱས་ལ་ངེས་པར་དུ་མཁོ་བའི་ཆ་རྐྱེན་ཡིན། འཛད་སྤྱོད་ནི་དཔལ་འབྱོར་བྱ་འགུལ་ཡིན་པའི་ཆ་ནས། མིའི་རིགས་ལ་ཕན་པ་ཆེན་པོ་ལྡན་པ་རེད།

སྤྱི་ཚོགས་ཀྱི་བསམ་པའི་འཚོ་བ་ཡི་རྨང་གཞི་ནི་དངོས་པོའི་འཚོ་བ་ཡིན། དེའི་ནང་དོན་ལ་ཚན་རིག་དང་གཏན་ཚིགས། མི་ཆོས། ཆབ་སྲིད། ཁྲིམས་ལུགས། སྒྲིག་ལམ། སྐད་ཡིག  དམངས་སྲོལ། སློབ་གསོ། སྒྱུ་རྩལ། ཆོས་ལུགས་སོགས་བསམ་པའི་ཐོན་རྫས་ཀྱི་ཐོན་སྐྱེད་བྱ་འགུལ་འདུ་བ་ཡིན། དེ་མིན་ད་དུང་སྤྱི་ཚོགས་འབྲེལ་བ་དང་སློབ་སྦྱོང་། ལུས་རྩལ། ཡིག་རིས། རོལ་རྩེད་སོགས་བསམ་པའི་ཐོན་རྫས་ཀྱི་འཛད་སྤྱོད་བྱ་འགུལ་ཡང་འདུ་བ་ཡིན། སྤྱི་ཚོགས་འཚོ་བས་ཕྱོགས་འདི་གཉིས་གནས་ཚུལ་མང་པོའི་ཁྲོད་ཕན་ཚུན་སིམ་བསྲེས་དང་མཉམ་འདྲེས་བྱས་ཡོད་དེ། དཔེར་ན། ཟས་རིགས་དང་གྱོན་གོས། འཛུགས་སྐྲུན་སོགས་མིའི་རིགས་ཀྱིས་ཚབ་བྱེད་པའི་སྲོག་ཆགས་ཀྱི་དངོས་པོའི་འཚོ་བའི་ཁྱབས་ཁོངས་ལ་གཏོགས་པ་དང་། བསམ་པའི་འཚོ་བ་ལའང་གཏོགས། སྤྱི་ཚོགས་འཚོ་བའི་རྨང་གཞིའི་སྡེ་ཚན་དུ་བྱས་པའི་ཁྱིམ་ཚང་འཚོ་བ་ལས་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཅིག་གྱུར་ཡིན་པ་མངོན་པར་མཚོན་ཡོད།

2 རྒྱུ་རྐྱེན།

སྤྱི་ཚོགས་འཚོ་བ་ནི་སྤྱི་ཚོགས་འབྲེལ་བ་ངེས་ཅན་གྱི་སྦྲེལ་ཐག་ཡིན། དེ་སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སེམས་ཁམས། ཁོར་ཡུག་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་ཕྱོགས་བསྡུས་ནུས་པར་བརྟེན། རྙོག་འཛིང་ཆེ་ཞིང་རིམ་པ་མང་པོའི་སྤྱི་ཚོགས་ཀྱི་སྣང་ཚུལ་རབ་དང་རིམ་པ་གྲུབ་པ་རེད། སྤྱི་ཚོགས་འཚོ་བ་གྲུབ་པའི་གཞི་རྩའི་རྒྱུ་རྐྱེན་འགའ་ཡོད་དེ། ས་ཁམས་གནས་ཡུལ་དང་ས་ཁམས། སྐྱེ་དངོས། རང་བྱུང་ཐོན་ཁུངས་སོགས་འདུས་པའི་རང་བྱུང་ཁོར་ཡུག་དང་། རིགས་ཚོགས་གྲངས་ཚད། ངལ་རྩོལ། འབྲེལ་འདྲིས་ཀྱི་རྣམ་པ། རྩ་འཛུགས། ཀུན་སྤྱོད་བཅས་ཡོད་དོ། །



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-20

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།