སྤྱི་ཚོགས་འཕེལ་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་འཕེལ་རྒྱས།
སྤྱི་ཚོགས་འཕེལ་རྒྱས་ནི་སྤྱི་ཚོགས་གྲུབ་བྱེད་ཀྱི་རྒྱུ་སོ་སོ་འཕེལ་རྒྱས་དང་མཐོར་འདེགས་འབྱུང་བའི་འཕོ་འགྱུར་བརྒྱུད་རིམ་ལ་ཟེར་བ་ཡིན། འདི་ནས་གླེང་བའི་སྤྱི་ཚོགས་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གྲུབ་ཆ་ཁ་ཤས་ལས་ཁྱད་པར་ཕྱེས་ནས་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会发展
ཕྱི་ཡིག་གི་མིང་།
social development
1 འགྲེལ་བ།

སྤྱི་ཚོགས་འཕེལ་རྒྱས་ནི་སྤྱི་ཚོགས་ཡོངས་སྔོན་ལ་བསྐྱོད་པའི་འགུལ་སྐྱོད་ཀྱི་བརྒྱུད་རིམ་ལ་ཟེར་བ་ཡིན། དེ་ལ་དོན་གཉིས་སུ་འདུ་བ་སྟེ། གཞུང་ཕྱོགས་ནི་སྤྱི་ཚོགས་ཀྱི་འོག་རིམ་ནས་གོང་རིམ་དུ་འཕེལ་བའི་འགུལ་སྐྱོད་དང་འཕེལ་རྒྱས་བརྒྱུད་རིམ་ལ་སྟོན་པ་ཡིན། འཕྲེད་ཕྱོགས་ནི་དམིགས་བསལ་གྱི་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་ཁྲོད་སྤྱི་ཚོགས་ཞིག་གི་ཕྱོགས་སོ་སོ་ནས་ཁྱོན་ཡོངས་སྒོས་འགུལ་སྐྱོད་དང་འཕེལ་རྒྱས་འབྱུང་བའི་བརྒྱུད་རིམ་ལ་ཟེར།

2 ནང་དོན།

སྤྱི་ཚོགས་འཕེལ་རྒྱས་ནི་མི་སྒེར་རྨང་གཞི་བྱས་པའི་སྤྱི་ཚོགས་འབྲེལ་བ་བྱུང་བ་དེ་མི་སྒེར་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་གང་རུང་དུ་བསྐྱེད་པ་དང་། མི་སྒེར་གྱི་རང་དགར་རྒྱ་བསྐྱེད་ནས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལ་ཟེར་བ་སྟེ། མི་སྒེར་གྱི་བསམ་པ་དང་དངོས་པོ་རང་དགར་གྱིས་སྤྱི་ཚོགས་ཀྱི་ངོས་ཐད་ལ་འཕེལ་བར་མ་ཟད། སྤྱི་ཚོགས་ཅན་གྱི་གཅིག་གྱུར་ཐོན་ཐུབ། དེའི་ནང་ལ་དཔལ་འབྱོར་དང་རིག་གནས། ཆབ་སྲིད། གོམས་སྲོལ། ལམ་ལུགས་སོགས་རབ་དང་རིམ་པའི་སྤྱི་ཚོགས་ཁྲོད་གནས་པའི་སྤྱི་ཁོག་གི་འཕེལ་རྒྱས་སོགས་འདུ་བ་ཡིན། གཞན་རྣམས་ནི་སྤྱི་ཚོགས་ཡར་རྒྱས་ཁྲོད་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་། ལྷག་པར་དུ་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་ཟེར་བ་ཡིན། སྤྱི་ཚོགས་འཕེལ་རྒྱས་ནི་དཔལ་འབྱོར་མ་ཡིན་པའི་གྲུབ་ཆ་ལ་ཟེར་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།