མི་གྲངས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་གྲངས་སྤྱི་ཚོགས་རིག་པ།
མི་གྲངས་སྤྱི་ཚོགས་རིག་པ population sociology ནི་མི་གྲངས་འཕེལ་རྒྱས་དང་སྤྱི་ཚོགས་འགྱུར་ལྡོག་གི་འབྲེལ་བ་དང་དེའི་ཕན་ཚུན་གྱི་བྱེད་ལས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། མི་གྲངས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པ་དང་མི་གྲངས་རིག་པ་གཉིས་བསྣོལ་བའི་རིག་ཚན་ཞིག་ཡིན། སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཡིན་ལ། མི་གྲངས་རིག་པའི་ཡན་ལག་རིག་ཚན་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人口社会学
མིང་གཞན།
population sociology
རིགས་དབྱེ།
སྤྱི་ཚོགས།
1 རགས་བཤད།

མི་གྲངས་སྤྱི་ཚོགས་རིག་པས་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཁྲོད་མི་གྲངས་ཀྱི་གནས་ཚུལ་ལ་དཔྱད་བསྡུར་བྱེད་པ་ཡིན། མི་གྲངས་སྐྱེ་ཚད། ཤི་ཚད་དང་གནས་སྤོར་རིགས་དབྱེ། མི་གྲངས་ཀྱི་རྨང་གཞིའི་གྲུབ་སྟངས་སོགས་ནི་དེའི་ཞིབ་འཇུག་གི་གཙོ་གནད་ཡིན། སྤྱི་ཚོགས་ཀྱི་གྲངས་འགྱུར་དང་མི་གྲངས་གྲངས་འགྱུར་གྱི་ཕན་ཚུན་འབྲེལ་བའི་ཁྲོད། སྤྱི་ཚོགས་འཕེལ་རྒྱས་ལས་མི་གྲངས་བརྒྱུད་རིམ་གྱི་ཤན་ཤུགས་ལ་དཔྱད་བསྡུར་བྱེད་པ། མི་གྲངས་འགྱུར་ལྡོག་གིས་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་མཇུག་འབྲས་ཞིབ་འཇུག་བྱེད་པ་ཡིན།

སྤྱི་ཚོགས་རིག་པ་དང་མི་གྲངས་རིག་པ་གཉིས་ཀ་ནི་དུས་རབས་བཅུ་དགུའི་དཀྱིལ་ལ་ཧྥ་རིན་སི་ནས་སྔ་རྗེས་སུ་བྱུང་བ་ཡིན། སྐབས་དེའི་ཧྥ་རིན་སིའི་སྤྱི་ཚོགས་རིག་པ་བ་ཏེར་ཁེ་མའོ་ཡིས་མི་གྲངས་རིག་པ་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་ནང་དོན་ལ་བཞག་པ་རེད། དེ་ལས་གཞན་ཧྥ་རིན་སིའི་སྤྱི་ཚོགས་རིག་པ་ཨར་པོ་བ་ཁུ་སི་ཡིས་མི་གྲངས་ཚན་རིག་སྤྱི་ཚོགས་རིག་པའི་ངོ་བོ་ཚད་ནས་ཞིབ་འཇུག་བྱས་པ་རེད། ཧྥ་རིན་སིའི་སྤྱི་ཚོགས་རིག་པ A ཏེ་མིན་གྱིས་སྤྱི་ཚོགས་ཤ་ཕུང་ཕྲ་མོའི་སྣང་ཚུལ་གསར་འཛུགས་བྱས་པ་རེད། དེ་ནི་སྤྱི་ཚོགས་རིག་པ་དང་མི་གྲངས་རིག་པ་མཉམ་བསྲེས་ཀྱི་བདེན་དཔང་རེད། མར་ཁེ་སི་རིང་ལུགས་ལྟ་ཚུལ་ལྡན་པའི་ཧྥ་རིན་སིའི་སྤྱི་ཚོགས་རིག་པ་བLལ་ཝེ་ནོ་ཝེ་ཆི་ཡིས་མི་གྲངས་བསྡོམ་རྩིས་རིག་པ་རྨང་གཞི་བྱེད་དགོས་པ་དང་། དངོས་གཙོ་ལོ་རྒྱུས་ལྟ་བ་སྤྱད་དེ་སྤྱི་ཚོགས་རིག་པའི་ཐབས་ལམ་ལས་མི་གྲངས་བརྒྱུད་རིམ་ལ་ཞིབ་འཇུག་བྱས་ནས་མི་གྲངས་སྤྱི་ཚོགས་རིག་པ་འཛུགས་པའི་ལྟ་བ་བཏོན་པ་རེད།

སྲོལ་རྒྱུན་ལོ་རྒྱུས་ཀྱི་ཐད་ནས་བལྟས་ན། ཨ་རིའི་མི་གྲངས་རིག་པའི་ཞིབ་འཇུག་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་གཏོགས་པ་ཡིན། སྤྱི་ཚོགས་རིག་པའི་མི་གྲངས་གཞུང་ལུགས་འཐུས་ཚང་བ་ཞིག་མིན་ཡང་། མི་གྲངས་སྤྱི་ཚོགས་རིག་པའི་མ་ལག་དང་སྒྲིག་གཞི་ཡིས་རྣམ་པ་ཞིག་ཆགས་མེད། ཡིན་ཡང་སྤྱི་ཚོགས་རིག་པ་བས་མི་གྲངས་འགྱུར་ལྡོག་དེ་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྲོད་གོ་གནས་མཐོན་པོ་ཞིག་ཟིན་ཡོད། དཔེར་ན་ཨ་རིའི་སྤྱི་ཚོགས་རིག་པ་བ K དྷེ་ཝེ་སི།  ཁོའི་བརྩམས་ཆོས《མིའི་སྤྱི་ཚོགས》ནང་། ཤོག་ལྷེ་མང་པོ་ནང་སྐྱེ་བ་དང་འཆི་བ། གནས་སྤོར་གྱི་སྤྱི་ཚོགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་འབྲེལ་བ་བདེན་དཔང་བྱས་ཡོད་པ་རེད།

2 མི་གྲངས་སྤྱི་ཚོགས་རིག་པའི་སློབ་ཁྲིད་རྩ་གནད།

(1)སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ།

(2)སློབ་ཁྲིད་ཀྱི་ནང་དོན་བསྒྱུར་བཅོས།

(3)གཞུང་ལུགས་རིག་པའི་ནང་དོན་དང་བཀོད་སྒྲིག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།