སྤྱི་ཚོགས་ཚོགས་སྤྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་ཚོགས་སྤྱི།
སྤྱི་ཚོགས་ཚོགས་སྤྱི་ནི་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་སྦྲེལ་ནས་མཉམ་དུ་བྱེད་སྒོ་སྤེལ་བའི་ཐུན་མོང་ལ་ཟེར། དཔེར་ན། ཁྲག་རྒྱུད་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནི་རུས་རྒྱུད་དང་ཁྱིམ་ཚང་རིགས་ཀྱི་ཚོགས་སྤྱི་ཡིན་པ་དང་། ས་ཁོངས་ཀྱི་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནི་ཁྱིམ་མཚེས་རིགས་ཀྱི་ཚོགས་སྤྱི་ཡིན། ལས་ཀའི་འབྲེལ་བ་མཉམ་དུ་སྦྲེལ་པའི་ཐུན་མོང་ནིལས་རིགས་སྣ་ཚོགས་ཀྱི་ཚོགས་སྤྱི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会群体
འགྲེལ་བ།
སྤྱི་ཚོགས་འབྲེལ་བ་མཉམ་དུ་སྦྲེལ་ནས་བྱེད་སྒོ་སྤེལ་བའི་ཐུན་མོང་།
ངོ་བོ།
ནང་ཁུལ་དུ་གྲུབ་ཚུལ་ངེས་ཅན་ཡོད་པ།
ཁོངས་མིའི་འབྲེལ་བ།
ཐོབ་ཐང་ལས་སྦྲེལ་བའི་དམིགས་བསལ་གྱི་སྤྱི་ཚོགས་འབྲེལ་བ།
1 ནང་དོན།

སྤྱི་ཚོགས་ཚོགས་སྤྱི་ནི་སྤྱི་ཚོགས་མཉམ་འགུལ་དང་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་གཅིག་ཏུ་སྦྲེལ་ནས་མཉམ་དུ་བྱེད་སྒོ་སྤེལ་བའི་ཚོགས་སྤྱི་ལ་ཟེར། སྤྱི་ཚོགས་ཚོགས་སྤྱི་ནི་སྤྱི་ཚོགས་གྲུབ་པའི་གཞི་རྩའི་སྡེ་ཚན་ཡིན། སྤྱི་ཚོགས་ཚོགས་སྤྱི་གྱི་ངོ་བོ་ནི་དེའི་ནང་ཁུལ་དུ་གྲུབ་ཚུལ་ངེས་ཅན་ལྡན་པ་ཞིག་སྟེ། ཚད་ལྡན་དང་གོ་གནས། མི་སྣ་སོགས་ཀྱིས་གྲུབ་པའི་སྤྱི་ཚོགས་འབྲེལ་བའི་མ་ལག་ཅིག་ཡིན།

2 གོ་དོན།

གཅིག  སྤྱི་ཚོགས་ཚོགས་སྤྱི་ནི་ཁྱབ་ཆེ་བའི་གོ་དོན་ཞིག་སྟེ། ཁྱིམ་ཚང་དང་ཞིང་སྡེ། གྲོང་ཁྱེར། སྲིད་ཏང་། རྒྱལ་ཁབ། དེ་མིན་མིའི་རིགས་ཀྱི་རྣམ་པ་མི་འདྲ་བའི་ཁྲོད་ཀྱི་སྤྱི་ཚོགས་མཉམ་འབྲེལ་སོགས་འདུ་བ་ཡིན།

གཉིས། སྤྱི་ཚོགས་ཚོགས་སྤྱི་ནི་མི་དང་མིའི་བར་གྱི་འབྲེལ་བ་དམ་པོ་ཡོད་པའི་ཐོག་མའི་ཚོགས་སྤྱིའམ་ཚོགས་སྤྱི་ཆུང་བ་ཁོ་ན་ལ་གོ། དཔེར་ན། ཁྱིམ་ཚང་དང་ཁྱིམ་མཚེས། གྲོགས་པོའི་ཚོགས་སྤྱི་སོགས།

གསུམ། སྤྱི་ཚོགས་ཚོགས་སྤྱིའི་གོ་དོན་གྱི་ངོས་འཛིན་ཁྱབ་རྒྱ་ཆེ་མི་རུང་ལ། ཧ་ཅང་གུ་དོག་པོ་ཡང་ཡིན་མི་རུང་སྟེ། སྤྱི་ཚོགས་ཚོགས་སྤྱི་དེ་ཚོགས་སྤྱི་ཆུང་བར་གཅིག་མཚུངས་སུ་འཇོག་མི་རུང་།

3 ཁྱད་ཆོས།

སྤྱི་ཚོགས་ཚོགས་སྤྱི་ནི་སྤྱི་ཚོགས་འབྲེལ་བ་ངེས་ཅན་ཞིག་སྦྲེལ་ཐག་བྱས་པའི་མི་སྒེར་གྱི་གཅིག་འདུས་ཕུང་བོ་ལ་གོ། ཚོགས་སྤྱིའི་ཚོགས་མིའི་བར་རྒྱུན་ལྡན་རང་བཞིན་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་ཡིན། ཚོགས་སྤྱི་འབྲེལ་བའི་བྱུང་འཕེལ་ལ་དུས་ཚོད་ངེས་ཅན་གྱི་འབྲེལ་འདྲིས་མཁོ་བ་ཡིན།

4 གྲུབ་རྐྱེན།

གཅིག་ནས་ཕྱིའི་གནོན་ཤུགས་ལ་ཁ་གཏོད་པའི་ཁར། བདེ་འཇགས་ཀྱི་ཚོར་སྣང་དང་ཕན་ཚུན་གྱི་རྒྱབ་སྐྱོར་འཚོལ་སྙེག་བྱེད་པས་ཡིན།

གཉིས་ནས་མཉམ་ལས་གྱི་དགོས་མཁོ་སྐོང་བ་དང་གྱོང་ཁ་འབུར་གསོ་བྱེད་པས་ཡིན།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-21

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།