ཀྲུང་གོའི་བཟོ་སྐྲུན2025

《ཀྲུང་གོའི་བཟོ་སྐྲུན 2025》ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ2015ལོའི་ཟླ5པར་པར་འགྲེམས་བྱས་པའི་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པའི་འཐབ་ཇུས་ཡིག་ཆ་ཞིག་ཡིན་ལ། ཀྲུང་གོས་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་བཅུ་དང་པོའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།

རིགས་དབྱེ།  

ཀྲུང་གོར་ཚན་རིག་སྤེལ་བ།

ཀྲུང་གོར་ཚན་རིག་སྤེལ་བ་ཞེས་པ་ནི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོར་ཚན་རིག་སྤེལ་བ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་ཆེད་གསར་དུ་བཟོས་པའི་ཚོང་རྟགས་ཤིག་ཡིན་ལ། ཚན་རིག་ཁྱབ་གདལ་དུ་གཏོང་བ་གཙོར་འཛིན་པ་དང་། ད་ཡོད་ཀྱི་ཁྱབ་སྤེལ་ཐབས་ལམ་དང་སྟེགས་བུར་གཞི་བཅོལ་ནས་ཚན་རིག་ཆ་འཕྲིན་ཅན་འཛུགས་སྐྲུན་དང་སྲོལ་རྒྱུན་ཚན་རིག་ཁྱབ་གདལ་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། སྤྱི་དམངས་ཀྱིས་དོ་ཁུར་བྱེད་ཚད་ལས་གཞིའི་གནད་ཁེལ་དཔྱད་ཞིབ་བྱེད་པའི་ཚད་གཞིར་འཛིན་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན།

རིགས་དབྱེ།  

དཔྱད་ཆས་ཚན་རིག་དང་ལག་རྩལ།

དཔྱད་ཆས་ཚན་རིག་དང་ལག་རྩལ་ནི་ཆེས་ཐོག་མར་ཚད་འཇལ་ཡོ་བྱད་ཡིན་པའི་དཔྱད་ཆས་ཀྱིས་ཚན་རྩལ་དང་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཐོན་སྐྱེད་ནུས་ཤུགས་ཀྱི་སྐུལ་འདེད་འོག་དཔྱད་ཆས་ཚན་རིག་དང་ལག་རྩལ་རིག་ཚན་ཆ་ཚང་ཞིག་ཏུ་གྱུར་ཡོད། ཚད་འཇལ་དང་ཚད་ལེན་ཚོད་ལྟའི་ལག་རྩལ་གཅིག་བསྡུས་ཀྱིས་མངོན་པའི་དཔྱད་ཆས་ཚན་རིག་དང་ལག་རྩལ་རིག་ཚན་དང་། དེང་གི་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་དང་ཚན་རིག་ལག་རྩལ་འཕེལ་རྒྱས་ཁྲོད་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད།

རིགས་དབྱེ།  

རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན།

རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་ནི་བཟོ་རིག་རིགས་ཀྱི་རིམ་པ་དང་པོའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ལྕགས་བཞུ་བཟོ་སྐྲུན།

ལྕགས་བཞུ་བཟོ་སྐྲུན་ཆེད་ལས་ནི་བེད་སྤྱོད་ལེགས་པའི་ལྕགས་རིགས་སམ་དེའི་འདྲེས་འགྱུར་རྫས་བླངས་ཏེ་ལས་སྣོན་ནུས་པའི་རྒྱུ་ཆ་བཟོས་པའི་ཉེར་སྤྱོད་རང་བཞིན་གྱི་རིག་ཚན་ཞིག་ཡིན་ལ། ལྕགས་བཞུ་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད། བཟོ་སྐྲུན་ཇུས་འགོད་དང་ལག་བསྟར། ལག་རྩལ་འགག་སྒྲོལ་དང་ལག་རྩལ་བསྒྱུར་བཀོད། ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད། བཟོ་སྐྲུན་འཆར་འགོད་དང་ལྕགས་བཞུ་ཁེ་ལས་དོ་དམ་སོགས་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

རིགས་དབྱེ།  

སྒུལ་ཤུགས་བཟོ་སྐྲུན་དང་བཟོ་སྐྲུན་ཚ་བའི་དངོས་ལུགས།

སྒུལ་ཤུགས་བཟོ་སྐྲུན་དང་བཟོ་སྐྲུན་ཚ་བའི་དངོས་ལུགས་ཀྱི་རིག་ཚན་གཙོ་བོའི་ཁ་ཕྱོགས་ལ་ཚ་ཤུགས་འཁོར་སྐྱོད་གཞུང་ལུགས་དང་རྒྱུད་ཁོངས་འདྲ་བཟོ། ཚ་བའི་རིག་པ་དང་འཕྲུལ་ཆས། རླངས་འཁོར་གྱི་སྒུལ་ཤུགས་སྤྱིའི་གྲུབ་ཆ་དང་ཚོད་འཛིན། བཟོ་སྐྲུན་ཚ་བའི་དངོས་ལུགས། འཁྱག་གཏོང་དྲོད་སྙོམ་ཆས་ཁྲོད་ཀྱི་ནུས་ཁུངས་བེད་སྤྱོད། དྲོད་ཚད་དམའ་བའི་མ་ལག་འཁོར་རྒྱུག་ཚ་འགྲེམས་སོགས་འདུས།

རིགས་དབྱེ།  

གློག་ཤུགས་བཟོ་སྐྲུན།

གློག་ཤུགས་བཟོ་སྐྲུན་ནི་དེང་རབས་ཚན་རྩལ་ཁྱབ་ཁོངས་ཀྱི་རིག་ཚན་གཙོ་བོ་དང་འགག་རྩའི་རིག་ཚན་ཞིག་ཡིན་ལ། སྲོལ་རྒྱུན་གྱི་གློག་ཤུགས་བཟོ་སྐྲུན་མཚན་ཉིད་ནི་གློག་ཤུགས་དང་གློག་རྡུལ་མ་ལག་གསར་གཏོད་བྱེད་པའི་འབྲེལ་ཡོད་རིག་ཚན་གྱི་སྤྱི་བསྡོམས་ཡིན་པ་དང་། ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་བ་དང་བསྟུན་ནས་གློག་ཤུགས་བཟོ་སྐྲུན་གྱི་དོན་སྤྱི་དེ་གོང་གསལ་མཚན་ཉིད་ཀྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད།

རིགས་དབྱེ།  

གློག་རྡུལ་ཚན་རིག་དང་ལག་རྩལ།

གློག་རྡུལ་ཚན་རིག་དང་ལག་རྩལ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་ཚན་ཡིན་ཞིང་། དེའི་འོག་ཏུ་གློག་སྡུད་ར་བ་དང་རླབས་ཕྲན་ལག་རྩལ། གློག་ལམ་དང་མ་ལག དངོས་ལུགས་གློག་རྡུལ་རིག་པ། གློག་རྡུལ་ཕྲ་མོའི་རིག་པ་དང་སྲ་གཟུགས་གློག་རྡུལ་རིག་པ་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཙུགས་ཡོད།

རིགས་དབྱེ།  

ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན།

ཆ་འཕྲིན་དང་འཕྲིན་གཏོང་བཟོ་སྐྲུན་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་ཚན་ཡིན་ཞིང་། དེའི་འོག་ཏུ་རླུང་བརྙན་འཕྲིན་བཟོ་སྐྲུན་དང་། ཨང་ཀིའི་སྨྱན་སྦྱོར་ལག་རྩལ། ཟོག་འབྲེལ་དྲ་རྒྱའི་བཟོ་སྐྲུན། འཕྲིན་གཏོང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན། དྲ་རྒྱའི་བཟོ་སྐྲུན་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་། འཕྲིན་གཏོང་དང་ཆ་འཕྲིན་མ་ལག བརྡ་རྟགས་དང་ཆ་འཕྲིན་ཐག་གཅོད། གློག་རྡུལ་དང་འཕྲིན་གཏོང་བཟོ་སྐྲུན་སོགས་ཀྱི་ཆེད་ལས་བཙུགས་ཡོད།

རིགས་དབྱེ།  

ཚོད་འཛིན་ཚན་རིག་དང་བཟོ་སྐྲུན།

ཚོད་འཛིན་ཚན་རིག་དང་བཟོ་སྐྲུན་ལ་དངོས་གཞིའི་ཚན་ཁག་ཏུ“རང་འགུལ་ཅན”ཞེས་འབོད་པ་དང་ཞིབ་འཇུག་སློབ་མའི་དུས་རིམ་དུ“ཚན་རིག་དང་བཟོ་སྐྲུན་ཚོད་འཛིན”ཞེས་ཟེར། རིག་གཞུང་ཚན་ཁག་འདི་ནི་ཞིབ་འཇུག་དང་ཚོད་འཛིན་བྱེད་པའི་རིགས་པའི་གཞུང་ལུགས་དང་ཐབས་ཤེས། ལག་རྩལ་དང་དེའི་བཟོ་བཀོད་ཉེར་སྤྱོད་ཀྱི་རིག་གཞུང་ཚན་ཁག་ཡིན་ཞིང་། ཚོད་འཛིན་སྨྲ་བ་དང་རྒྱུད་ཁོངས་སྨྲ་བ། ཆ་འཕྲིན་སྨྲ་བ་བཅས་རྨང་གཞི་བྱས་ཏེ། ཉེར་སྤྱོད་ཁྱབ་ཁོངས་སོ་སོའི་ནང་གི་ཐུན་མོང་རང་བཞིན་གྱི་གནད་དོན་ཏེ། ཚོད་འཛིན་གྱི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད། ཇི་ལྟར་བྱས་ནས་མ་ལག་ཅན་གྱི་དཔེ་དབྱིབས་འཛུགས་པ་དང་། དེའི་ནང་ཁུལ་དང་ཁོར་ཡུག་ཆ་འཕྲིན་ལ་དབྱེ་ཞིབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

རྩིས་འཁོར་ཚན་རིག་དང་ལག་རྩལ།

རྩིས་འཁོར་ཚན་རིག་དང་ལག་རྩལ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་ཚན་ཡིན་ཞིང་། དེའི་ཁོངས་སུ་ཆ་འཕྲིན་བདེ་འཇགས་དང་། མཉེན་ཆས་བཟོ་སྐྲུན། རྩིས་འཁོར་མཉེན་ཆས་དང་གཞུང་ལུགས། རྩིས་འཁོར་མ་ལག་གི་གྲུབ་ཆ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྩིས་འཁོར་ལག་རྩལ་སོགས་ཆེད་ལས་བཙུགས་ཡོད།

རིགས་དབྱེ།  

འཛུགས་སྐྲུན་རིག་པ།

འཛུགས་སྐྲུན་རིག་པ་ནི་འཛུགས་སྐྲུན་དང་དེའི་ཁོར་ཡུག་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། བཟོ་སྐྲུན་ལག་རྩལ་དང་བཟོ་སྐྲུན་སྒྱུ་རྩལ། དེ་བཞིན་དངོས་སྤྱོད་སྒྱུ་རྩལ་གྱི་བཟོ་སྐྲུན་སྒྱུ་རྩལ་ལ་གཏོགས་པའི་མཛེས་རིག་གི་ངོས་དང་དངོས་སྤྱོད་ཀྱི་ངོས་དེ་གཉིས་མི་འདྲ་ནའང་འབྲེལ་བ་དམ་ཟབ་ཡོད།

རིགས་དབྱེ།  

ཨར་ལས་བཟོ་སྐྲུན།

ཨར་ལས་བཟོ་སྐྲུན་ནི་ས་ཞིང་བཟོ་སྐྲུན་སྒྲིག་ཆས་སྣ་ཚོགས་འཛུགས་སྐྲུན་བྱེད་པའི་ཚན་རིག་ལག་རྩལ་གྱི་སྤྱི་མིང་ཡིན་ལ། དེ་ནི་བཀོལ་སྤྱོད་བྱེད་པའི་རྒྱུ་ཆ་དང་སྒྲིག་ཆས། རྩད་ཞིབ་ཐིག་ལེན་དང་ཇུས་འགོད། ཞིག་གསོ་སོགས་ཀྱི་ལག་རྩལ་བྱ་འགུལ་ལ་ལ་ཟེར་ཞིང་། བཟོ་སྐྲུན་འཛུགས་སྐྲུན་གྱི་བྱ་ཡུལ་ལའང་གོ།

རིགས་དབྱེ།  

ཆུ་བེད་བཟོ་སྐྲུན།

ཆུ་བེད་བཟོ་སྐྲུན་ནི་རང་བྱུང་ཁམས་ཀྱི་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་ཚོད་འཛིན་དང་སྙོམས་སྒྲིག་བྱས་ནས་ཕན་བདེའི་ཆེད་དུ་བསྐྲུན་པའི་བཟོ་སྐྲུན་ཞིག་ཡིན་ལ། དེར་ཆུའི་བཟོ་སྐྲུན་ཡང་ཟེར། ཆུ་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་མེད་དུ་མི་རུང་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན།

རིགས་དབྱེ།  

ཐིག་ལེན་རིས་འབྲིའི་ཚན་རིག་དང་ལག་རྩལ།

ཐིག་ལེན་རིས་འབྲིའི་ཚན་རིག་དང་ལག་རྩལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་གཞུང་ཚན་ཁག་དཔྱད་མོལ་ཚོ་ཆུང་གིས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་རིག་ཚན་ཞིག་ཡིན་ལ། ཐིག་རིས་ཚན་རིག་དང་ལག་རྩལ་ནི་བཟོ་སྦྱོང་རིག་ཚན་གྱི་ཁོངས་སུ་གཏོགས་པའི་རིམ་པ་དང་པོའི་རིག་ཚན་ཞིག་ཡིན་ཞིང་། དེའི་འོག་ཏུ་རིམ་པ་གཉིས་པའི་རིག་ཚན3བཙུགས་ཡོད།

རིགས་དབྱེ།  

རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ།

རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ་གྱི་བསྡུས་མིང་ལ་རྫས་འགྱུར་བཟོ་ལས་ཟེར་ཞིང་རྫས་འགྱུར་བཟོ་ལས་ཀྱིས་མཚོན་པའི་བཟོ་ལས་དང་། དེ་མིན་བཟོ་ལས(དཔེར་ན་རྡོ་སྣུམ་བཙོ་སྦྱང་བཟོ་ལས་དང་།ལྕགས་རིགས་བཙོ་སྦྱང་བཟོ་ལས། ཟས་རིགས་བཟོ་ལས། པར་འདེབས་ཚོས་རྒྱག་བཟོ་ལས་སོགས)ཐོན་སྐྱེད་གོ་རིམ་དང་དངོས་ལུགས་བརྒྱུད་རིམ་གྱི་སྤྱིར་བཏང་གི་རྩ་བའི་རིགས་པ་དང་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་མ་ཟད། ཆོས་ཉིད་འདི་དག་བེད་སྤྱད་ནས་བརྒྱུད་རིམ་སྒྲིག་ཆས་གསར་སྤེལ་དང་། ཇུས་འགོད། བཀོལ་སྤྱོད། ལེགས་སྒྱུར་གནད་དོན་ཐག་གཅོད་པའི་བཟོ་སྐྲུན་ལག་རྩལ་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་སྐྲུན།

ས་གཤིས་ཐོན་ཁུངས་དང་ས་གཤིས་བཟོ་སྐྲུན་རིག་ཚན་གྱིས་རིམ་པ་དང་པོའི་རིག་ཚན་གྱི་འཛུགས་སྐྲུན་དམིགས་ཚད་དང་། རྒྱལ་ཁབ་ཀྱི་ཐོན་ཁུངས་དགོས་མཁོའི་དམིགས་འབེན་དང་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས། ཐོན་ཁུངས་རྩད་ཞིབ་དང་འཛུགས་སྐྲུན་ཁྲོད་གལ་ཆེའི་འཐབ་ཇུས་རང་བཞིན་གྱི་གོ་གནས་བཟུང་ཡོད།

རིགས་དབྱེ།  

གཏེར་ལས་བཟོ་སྐྲུན།

གཏེར་ལས་བཟོ་སྐྲུན་ནི་རིམ་པ་དང་པོའི་རིག་ཚན་ཞིག་ཡིན་ལ་དེའི་ནང་གཏེར་ཁ་སྔོག་འདོན་དང་། གཏེར་ཁ་ལས་སྣོན། བདེ་འཇགས་ལག་རྩལ། གཏེར་རིའི་འཕྲུལ་གློག་སོགས་རིམ་པ་གཉིས་པའི་རིག་ཚན་ཚུད་ཡོད་ཅིང་། གཏེར་ལས་བཟོ་སྐྲུན་གྱི་རིག་གཞུང་ཚན་ཁག་གིས་གཏེར་ལས་ས་གཤིས་དང་ཐོན་སྐྱེད། དཔལ་འབྱོར་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྲོལ་རྒྱུན་གྱི་གཏེར་ལས་བཟོ་སྐྲུན་ཚན་རྩལ་གོང་འཕེལ་དུ་གཏོང་དགོས།

རིགས་དབྱེ།  

རྡོ་སྣུམ་དང་རང་བྱུང་སོལ་རླངས་བཟོ་སྐྲུན།

རྡོ་སྣུམ་དང་རང་བྱུང་སོལ་རླངས་བཟོ་སྐྲུན་ནི་རྡོ་སྣུམ་དང་རང་བྱུང་སོལ་རླངས་འཚོལ་ཞིབ་དང་། ཚོད་སྐོར། སྔོག་འདོན། སྣུམ་རླངས་དབྱེ་འབྱེད། རིགས་པའི་གཞུང་ལུགས་དང་ལག་རྩལ་སྐྱེལ་འདྲེན་བྱེད་པའི་བཟོ་སྐྲུན་རིག་པའི་ཁྱབ་ཁོངས་ཤིག་ཡིན། དེའི་རིག་ཚན་གྱི་འབྲེལ་ཡོད་དབང་བསྐུར་ཚན་པས་གཙོ་བོ་རྡོ་སྣུམ་དང་རང་བྱུང་སོལ་རླངས་གྲུབ་པའི་ཁོར་ཡུག་དང་རྩད་ཞིབ། ཚད་འཇལ་འཚོལ་བསྡུ་དང་ཐག་གཅོད། སྣུམ་རླངས་གསོག་འདྲེན། དེ་བཞིན་རྡོ་སྣུམ་བཟོ་སྐྲུན་དོ་དམ་བཅས་ཀྱི་མཐོ་རིམ་ཚན་རིག་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

འཁེལ་འཐག་ཚན་རིག་དང་བཟོ་སྐྲུན།

འཁེལ་འཐག་ཚན་རིག་དང་བཟོ་སྐྲུན་ནང་འཁེལ་འཐག་དང་འཁེལ་འཐག་རྒྱུ་ཆ། འཁེལ་འཐག་ཐོན་རྫས་ཇུས་འགོད། འཁེལ་འཐག་རྫས་འགྱུར་དང་ཚོས་རྒྱག་དག་ཐེར་སོགས་རིག་གཞུང་ཚན་ཁག་མང་པོ་ཚུད་ཡོད་ཅིང་། གཙོ་བོ་འཕྲུལ་ཆས་དང་དངོས་ཁམས། རྫས་འགྱུར་སོགས་ཚན་རྩལ་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་ཁྱབ་ཁོངས་ཁག་དང་བྱེད་ནུས་སྣ་ཚོགས་ཀྱི་བླང་བྱ་དང་མཐུན་པའི་འཁེལ་འཐག་ཐོན་རྫས་ལས་སྣོན་དང་ནུས་པར་གདེང་འཇོག་བྱེད་པར་ཞིབ་འཇུག་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཡང་བའི་བཟོ་ལས་ལག་རྩལ་དང་བཟོ་སྐྲུན།

ཡང་བའི་བཟོ་ལས་ལག་རྩལ་དང་བཟོ་སྐྲུན་ནི་ཤོག་བུ་བཟོ་བ་དང་། མངར་ཆ་བཟོ་བ། རྫས་འགྱུར་བཟོ་སྐྲུན་སོགས་ཕྱོགས་བཞིའི་ཐད་ཀྱི་རིགས་པའི་གཞུང་ལུགས་དང་། ལག་རྩལ་གསར་བཅོས། བྱ་ཐབས་བཅས་ལ་ཞིབ་འཇུག་བྱེད་པའི་བཟོ་སྐྲུན་ཁྱབ་ཁོངས་སུ་གཏོགས་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན།

འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན་ནི་ལྕགས་ལམ་དང་གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། དེ་བཞིན་མཁའ་ཐོག་སྐྱེལ་འདྲེན་བྱེད་པའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་ཚུལ་དང་། བཟོ་སྐྲུན་དང་སྐྱེལ་འདྲེན་ཡོ་བྱད་བེད་སྤྱོད་བྱེད་པའི་བཟོ་སྐྲུན། འགྲིམ་འགྲུལ་བརྡ་འཕྲིན་བཟོ་སྐྲུན་དང་ཚོད་འཛིན། འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་དང་དོ་དམ་བཅས་པའི་ཁྱབ་ཁོངས་བཅས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཚན་ཁག་ཅིག་ཡིན།

རིགས་དབྱེ།  

གྲུ་གཟིངས་དང་རྒྱ་མཚོའི་བཟོ་སྐྲུན།

གྲུ་གཟིངས་དང་རྒྱ་མཚོའི་བཟོ་སྐྲུན་ཆེད་ལས་ནི་གྲུ་གཟིངས་སྒུལ་བྱེད་འཕྲུལ་འཁོར་གྱི་རྩ་བའི་རིག་པ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། གཙོ་བོ་གྲུ་གཟིངས་ཀྱི་གྲུབ་ཚུལ་དང་མཚོ་འགྲུལ་གྱི་རྩ་བའི་རིག་པ། བདེ་འཇགས་རང་བཞིན་གྱི་ཇུས་འགོད། བཟོ་སྐྲུན་གྱི་ཁྲིམས་སྲོལ། རྒྱལ་ཁབ་ཕྱི་ནང་གི་གྲུ་ཆེན་ཚོགས་པའི་ཚད་ལྡན་གྱི་ཤེས་བྱ་དང་གྲུ་གཟིངས་ཀྱི་ཇུས་འགོད་བྱེད་ཐབས་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་དགོས།

རིགས་དབྱེ།  

མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཚན་རིག་དང་ལག་རྩལ།

མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཚན་རིག་དང་ལག་རྩལ་ནི་དུས་རབས20པའི་དུས་འགོ་དང་དུས་དཀྱིལ་དུ་སྔ་རྗེས་སུ་གསར་དུ་དར་པ་མ་ཟད་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བའི་ཚན་རིག་དང་ལག་རྩལ་གྱི་ཁྱབ་ཁོངས་ཤིག་ཡིན་པ་དང་། དེ་ནི་རྩིས་རིག་དང་དངོས་ཁམས་རིག་པ། དེ་བཞིན་དེང་རབས་ཀྱི་ལག་རྩལ་ཚན་རིག་བཅས་ཀྱིས་རྨང་གཞི་སྟེང་འཕེལ་རྒྱས་བྱུང་བའི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

བཟོ་སྐྲུན་ལག་རྩལ་རིག་པ།

​བཟོ་སྐྲུན་ལག་རྩལ་རིག་པ་ཅེས་པ་ནི་བཟོ་སྐྲུན་དང་བཟོ་སྐྲུན་ལག་རྩལ་རིགས་ཀྱི་རིག་གཞུང་ཚན་ཁག་ལ་ཟེར།

རིགས་དབྱེ།  

ཐིག་ལེན་ཚན་རིག

ཐིག་ལེན་ཚན་རིག་ནི་ཚད་ལེན་དང་དཔེ་རིས་འབྲི་བའི་སྤྱི་མིང་ཡིན། ཐིག་ལེན་རིག་པས་ས་ངོས་ཀྱི་དབྱིབས་རྩིས་གནས་ཡུལ་དང་། སའི་གོ་ལའི་དབྱིབས། སའི་གོ་ལའི་ལྗིད་ཤུགས་ར་བ་བཅས་ཚད་ལེན་དང་རྩིས་འདེད་བྱེད་བཞིན་ཡོད། འདི་གཞིར་བཟུང་ནས་སའི་གོ་ལའི་ཕྱི་ངོས་ཀྱི་རང་བྱུང་རྣམ་པ་དང་མིས་བཟོས་སྒྲིག་བཀོད་ཀྱི་དབྱིབས་རྩིས་ཁྱབ་ཚུལ་ཚད་འཇལ་བྱེད་པ་དང་། བསྡུར་ཚད་ཐིག་ཤིང་སྣ་ཚོགས་ཀྱི་ས་ཁྲའི་གཞུང་ལུགས་དང་ལག་རྩལ་གྱི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

རྒྱུ་ཆའི་ཚན་རིག

​རྒྱུ་ཆའི་ཚན་རིག་ནི་རྒྱུ་ཆའི་ཆགས་ཚུལ་དང་། ངོ་བོ། ཐོན་སྐྱེད་བྱེད་རིམ། བེད་སྤྱོད་ཕན་ནུས་བཅས་དང་། དེ་ཚོ་བར་གྱི་ཕན་ཚུན་འབྲེལ་བ་དང་། དངོས་ཁམས་རིག་པ། རྫས་འགྱུར། གསེར་བཙོ་རིག་པ་བཅས་གཞི་གཅིག་ཏུ་བསྡུས་པའི་ཚན་རིག་ཅིག་ཡིན། རྒྱུ་ཆའི་ཚན་རིག་ནི་བཟོ་སྐྲུན་ལག་རྩལ་དང་ཁ་འབྲལ་ཐབས་མེད་པའི་ཉེར་སྤྱོད་ཚན་རིག་ཞིག་ཀྱང་ཡིན།

རིགས་དབྱེ།  

ཁོར་ཡུག་ཚན་རིག

ཁོར་ཡུག་ཚན་རིག་ནི་ཁོར་ཡུག་ཚན་རིག་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

བདེ་འཇགས་ཚན་རིག

བདེ་འཇགས་ཚན་རིག་ནི་དོན་རྐྱེན་དང་དེའི་འཕེལ་རྒྱས་ཆོས་ཉིད་ལ་ངོས་འཛིན་ཡང་དག་དང་། ལས་འཛོལ་སྔོན་འགོག་བྱེད་ཐབས་གྲུབ་ཚུལ་ཅན་གྱི་ཤེས་བྱའི་མ་ལག་ཅིག་ཡིན།

རིགས་དབྱེ།  

སྐྱེ་དངོས་དངོས་ལུགས་རིག་པ།

སྐྱེ་དངོས་དངོས་ལུགས་རིག་པ་ནི་དངོས་ལུགས་རིག་པ་དང་སྐྱེ་དངོས་རིག་པ་ཟུང་འབྲེལ་བྱེད་པའི་རིག་ཚན་ཞིག་ཡིན་ལ། ཚེ་སྲོག་ཚན་རིག་དང་དངོས་ལུགས་ཀྱི་ཡན་ལག་རིག་ཚན་དང་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། སྐྱེ་དངོས་དངོས་ལུགས་རིག་པ་ནི་དངོས་ལུགས་རིག་པའི་དོན་སྤྱི་དང་ཐབས་ཤེས་ཀྱིས་སྐྱེ་དངོས་ཀྱི་རིམ་པ་སོ་སོའི་གྲུབ་ཚུལ་དང་བྱེད་ལས་ཀྱི་འབྲེལ་བ་དང་། ཚེ་སྲོག་འགུལ་སྐྱོད་ཀྱི་དངོས་ཁམས། དངོས་ལུགས་རྫས་འགྱུར་གྱི་བརྒྱུད་རིམ། དངོས་པོ་ཚེ་སྲོག་འགུལ་སྐྱོད་ཀྱི་གོ་རིམ་ཁྲོད་མངོན་པའི་དངོས་ལུགས་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པའི་སྐྱེ་དངོས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན།

རིགས་དབྱེ།