ཡོངས་འཛིན་རིག་མཛོད། >ཚན་རིག >ཉེར་སྤྱོད་ཚན་རིག >གཞན་དག

སྤྱི་ཚོགས་ལས་དོན།

སྤྱི་ཚོགས་ལས་དོན་ནི་མི་ལ་རོགས་བྱེད་པ་དང་སྤྱི་ཚོགས་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་ཞིག་ཡིན། དེ་ཡིས་སྤྱི་ཚོགས་སྟེང་གི་དབུལ་བོ་དང་ཉམ་ཆུང་། ལུས་སེམས་སྐྱོན་ཅན་སོགས་ལ་རོགས་རམ་དང་། དཔལ་འབྱོར་ལ་དཀའ་ཁག་ཡོད་པ་དང་འཚོ་བ་རོལ་སྟངས་མ་ལེགས་པ་ལས་བཟོས་པའི་སྤྱི་ཚོགས་གནད་དོན་ལ་སྔོན་འགོག་དང་ཐག་གཅོད་བྱེད་པ་ཡིན། སྡོད་ཁུལ་གྱི་ཞབས་ཞུའི་བྱ་བ་བསྒྲུབ་པ། སྤྱི་ཚོགས་བྱེད་ནུས་ཆ་ཚང་བར་གཏོང་བ། སྤྱི་ཚོགས་ཕན་བདེའི་ཆུ་ཚད་དང་སྤྱི་ཚོགས་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ། མི་སྒེར་དང་སྤྱི་ཚོགས་འཆམ་མཐུན་གཅིག་གྱུར་གྱི་རེ་འདུན་མངོན་འགྱུར་དང་། སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ལ་སྐུལ་འདེད་བྱེད་པ་སོགས་ཡིན།

རིགས་དབྱེ།  

ཚན་རིག་རང་བཞིན་གྱི་བསམ་གཞིགས།

ཚན་རིག་གི་བསམ་གཞིགས་ལ་རྣམ་པ་བཞི་ཡོད་དེ། སྤྱི་ཁྱབ་རང་བཞིན་གྱི་བསམ་གཞིགས་དང་། བྱེ་བྲག་རང་བཞིན་གྱི་བསམ་གཞིགས་དང་། མཉམ་འབྲེལ་རང་བཞིན་གྱི་བསམ་གཞིགས་དང་མུ་འབྲེལ་རང་བཞིན་གྱི་བསམ་གཞིགས་བཅས་སོ།།

རིགས་དབྱེ།  

བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།

རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་བོད་རིགས་ས་ཁུལ་དུ་རྒྱུན་ཆད་མེད་པར་ཁྱབ་གདལ་དུ་གཏོང་བ་དང་ཆབས་ཅིག ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་བཟོ་རྒྱུ་དང་། ཆ་འཕྲིན་ལག་རྩལ་ཐད་ཀྱི་བོད་ཡིག་ཐ་སྙད་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་ལྡན་ཞིག་བཟོ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་ཆགས་ཡོད།

རིགས་དབྱེ།  

ཚོར་ཆས།

ཞིབ་བཤེར་སྒྲིག་ཆས་ཤིག་གི་མིང་།

རིགས་དབྱེ།  

མི་ཐབས་སེར་འགོག

འགྱུར་འདེད་དངོས་རྫས་གས་གཏོར་གཏོང་བའི་བྱེད་ཐབས་ཤིག་སྟེ། སྤྲིན་རིམ་གྱི་སེར་བའི་སྐྱེ་འཚར་ལ་ཚོད་འགོག་བྱས་ཏེ་ཉམས་དམས་སུ་བཏང་ནས་སེར་བའི་གནོད་འཚེ་རང་བཞིན་དེ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་ཤིག་ཡིན།

རིགས་དབྱེ།  

མི་ཐབས་སྨུག་གཏོར།

མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ་ལ་གོ། །

རིགས་དབྱེ།  

རྗེས་ཀྱི་སྒྲིག་བཟོ།

གློག་བརྙན་དང་བརྙན་ཐུང་སོགས་སྒྲིག་སྦྱོར་གྱི་བྱ་བའི་ལས་རིམ་སྟེང་རྒྱུན་སྤྱོད་ཆེ་བའི་སྨྱན་སྦྱོར་མ་ལག་སྤྱད་དེ་ཆ་ཚང་བར་སྒྲིག་པའི་མཇུག་གི་ལས་ཀ་དེ་ལ་ཟེར།

རིགས་དབྱེ།  

མི་ཐབས་སྨུག་གཏོར།

མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ་ལ་གོ། །

རིགས་དབྱེ།  

ཉན་འཕྲུལ།

འཕྲིན་སྦྱོར་སྒྲ་བརྙན་སྟོན་ཆས་དང་སྒྲ་སྡུད་སོགས་ཀྱི་སྒྲ་གཞན་གྱིས་མི་ཚོར་བར་རང་གིས་ཉན་པའི་ཕྱིར་དུ་རྣ་བར་བཅུག་སྟེ་ཉན་བྱེད་ཀྱི་མཁོ་ཆས་ཤིག་གོ། །

རིགས་དབྱེ།  

གཟུགས་གཞི་མིའི་རིགས་རིག་པ།

དེར་སྐྱེ་དངོས་མིའི་རིགས་རིག་པ་ཞེས་ཀྱང་ཟེར་ལ། གཙོ་བོ་སྐྱེ་དངོས་ཀྱི་ཕུང་བོར་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་ལུས་པོའི་གྲུབ་སྟངས་དང་རྣམ་པ། བྱ་སྤྱོད། གཞན་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་བྱ་བའི་སྐྱེ་དངོས་ཐད་ཀྱི་རྨང་གཞི་མཐའ་དག་ལ་འཚོལ་ཞིབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

གནའ་དཔྱད་མིའི་རིགས་རིག་པ།

དེ་ནི་གནའ་དུས་སུ་མིའི་རིགས་ཀྱི་ཤུལ་བཞག་ཏུ་ལུས་པའི་དངོས་རྫས་ཏེ། དཔེར་ན། རྡོ་ཆས་དང་མེ་ཐལ། རྫ་ཆས་དང་རུས་ཆས་སོགས་ལ་ལྟ་ཞིབ་དང་དེ་དག་བེད་སྤྱོད་བྱས་པ་བརྒྱུད་དེ་གནའ་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཞིག་སྟེ། རིག་གནས་ཤུལ་བཞག་གང་ཉིད་ཧ་ཅང་རྒྱ་ཆེ་བའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་ཏུ་བཞག་ནས་མནོ་བསམ་གཏོང་བ་ཡིན། དེ་ཡང་གནའ་མིའི་འཚོ་བ་རོལ་སྟངས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ། འགལ་འདུ་དེའི་ཁྲོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་སོགས་ལ་དབྱེ་ཞིབ་བྱེད་པ་ཡིན།

རིགས་དབྱེ།  

སྐད་བརྡའི་མིའི་རིགས་རིག་པ།

དེ་ནི་མིའི་རིགས་རིག་པ་དང་སྐད་བརྡ་རིག་པ་གཉིས་ལྷན་འདུས་ཀྱིས་ངང་ནས་མིའི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ།

རིག་ཚན་འདིའི་མིང་ལ་མི་རིགས་རིག་པ་དང་སྤྱི་ཚོགས་མིའི་རིགས་རིག་པ་ཞེས་ཀྱང་འབོད་ལ། ཉེ་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱི་དངོས་པོའི་གསར་གཏོད་དང་སྤྱི་ཚོགས་ལམ་ལུགས། བྱ་སྤྱོད་རྣམ་པ་ལ་སོགས་ཞིབ་འཇུག་བྱ་ཡུལ་དུ་འཛིན་ཞིང་། གཙོ་བོ་མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱུན་འཛིན་ཕྱོགས་སུ་གཙིགས་ཆེན་དུ་བཟུང་ནས་ཞིབ་འཇུག་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཁྱབ་སྤེལ་སྨྲ་བ།

དུས་རབས་བཅུ་དགུ་བའི་དུས་མཇུག་ནས་ཉི་ཤུ་བའི་དུས་མགོར་བྱུང་བའི་ནུབ་གླིང་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་ཡིན།

རིགས་དབྱེ།  

འཇར་ཨའོ་ཁྱབ་སྤེལ་སྨྲ་བ།

དེ་ནི་ཀོ་ལེ་པུའུ་ན་དང་ཧྲི་སྨི་ཐེ་རྣམ་གཉིས་ཀྱིས་གསར་དུ་གཏོད་པའི་གྲུབ་མཐའ་ཞིག་སྟེ། འཕེལ་འགྱུར་གྱི་ཟུར་ཚད་ནས་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱེད་པར་ངོ་རྒོལ་བྱས་ཏེ། མིའི་རིགས་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རིག་གནས་སྣང་ཚུལ་གྱི་ཁྱབ་སྤེལ་དང་གཡོར་ལེན་གྱི་ལྟ་བ་ཡིན་པར་འདོན་མཁན་ཞིག་ཡིན།།

རིགས་དབྱེ།  

དབྱིན་ཇིའི་ཁྱབ་སྤེལ་སྨྲ་བ།

དེ་ནི་དབྱིན་ཇིའི་ཁྱབ་སྤེལ་སྨྲ་བའི་མི་སྣ་གཙོ་བོ་ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ནས་གསར་དུ་གཏོད་པའི་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་ཡིན།

རིགས་དབྱེ།  

ཨ་རིའི་ལོ་རྒྱུས་སྨྲ་བ།

འདི་ལ་ལོ་རྒྱུས་དམིགས་བསལ་སྨྲ་བ་ཞེས་ཀྱང་འབོད་ལ་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བ་སྟེ། གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་ཨ་རིའི་མཁས་པ་པོ་ཨ་སི་ལགས་ཡིན།

རིགས་དབྱེ།  

འགྲེལ་བཤད་མིའི་རིགས་རིག་པ།

རིག་གནས་ཀྱི་དོན་སྙིང་དང་མཚོན་བྱེད་སོགས་ལ་མཐོང་ཆེན་དང་ཞིབ་འཇུག་མང་དུ་མཛད་པ་དང་། གནད་དོན་དེ་དག་ལ་ངོས་འཛིན་དང་དབྱེ་ཞིབ་བྱེད་པ་དེར་ཟེར།

རིགས་དབྱེ།  

གཙོ་གནས་དང་མགྲོན་གནས།

དེ་ཡང་གཙོ་གནས་ཞིབ་འཇུག་ཅེས་པ་ནི། བརྟག་དཔྱད་བྱ་ཡུལ་གྱི་མི་དེས་རང་གི་རིག་གནས་ལ་འགྲེལ་བ་བྱེད་པ་ཡིན། དེའི་དམིགས་ཡུལ་ནི་ས་གནས་དེའི་མི་རྣམས་ཀྱི་ལྟ་བ་དང་འདུ་ཤེས། དད་མོས། ངོས་འཛིན་ལ་སོགས་ཤེས་རྟོགས་བྱེད་པ་དང་། ཁོ་ཚོར་མཚོན་ན་གང་ཞིག་གལ་ཆེ་བ་དང་གཙོ་བོར་འཛིན་པ། བྱ་དངོས་སྣ་ཚོགས་ཇི་ལྟར་འགྲེལ་བ་སོགས་འཚོལ་ཞིབ་བྱ་བའི་ཆེད་དུ་ཡིན། མགྲོན་གནས་ཞིབ་འཇུག་ཅེས་པ་ནི། རྟོག་ཞིབ་མཁན་སོགས་ཕྱི་འོང་གི་མི་རྣམས་ཀྱིས་བྱ་དངོས་དེར་འཛིན་པའི་ལྟ་སྟངས་དང་འགྲེལ་ལུགས་ཏེ། ཕྱི་འོང་གི་ཞིབ་འཇུག་པའི་ཟུར་ཚད་ནས་འགྲེང་སྟེ་ཁོ་ཚོའི་རིག་གནས་ལ་འགྲེལ་བ་བྱེད་པ་ཡིན།

རིགས་དབྱེ།  

སྤྱི་ཁོག་དང་ཕྲ་མཐོང་།

དེ་ཡང་སྤྱི་ཁོག་དང་ཕྲ་མཐོང་ཞེས་པ་ནི་རྟོག་དཔྱོད་ཞིབ་འཇུག་གི་མཐོང་རྒྱ་དང་ཁྱབ་ཁོངས་ཀྱི་ཆ་ནས་དབྱེ་བའི་ཞིབ་འཇུག་ཐབས་ཇུས་གཉིས་ཏེ། ཕན་ཚུན་ལྟོས་འཇོག་གིས་བརྗོད་པ་ཡིན། སྤྱིར་བཏང་དུ་བརྗོད་ན། ཡུལ་གྱི་ཁྱབ་ཁོངས་ཅུང་ཆེ་བའི་ས་ཁུལ་གང་ཞིག་ལ་རྟོག་དཔྱོད་བྱ་བ་ནི་སྤྱི་ཁོག་རྟོག་ཞིབ་ཀྱི་རིགས་སུ་གཏོགས་ཏེ། དཔེར་ན། ནུབ་བྱང་ས་ཁུལ་དང་ལྷོ་ནུབ་ས་ཁུལ། བོད་རིགས་ས་ཁུལ་ལྟ་བུ་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལྟ་བུའོ།།

རིགས་དབྱེ།  

ཆེད་དོན་དང་སྣ་འཛོམས།

ཆེད་དོན་རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིག་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་དང་། སྣ་འཛོམས་རྟོག་དཔྱོད་ནི་ཚོགས་པའམ་གཞིས་ཁུལ་གང་ཞིག་ལ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ཞིག་ཡིན།

རིགས་དབྱེ།  

རིག་གནས་འཕོ་འགྱུར།

རིག་གནས་ཀྱི་ནང་དོན་དང་གྲུབ་ཚུལ་ལ་འགྱུར་བ་བྱུང་བ་དེར་གོ་ཞིང་། ཡང་ཁ་ཅིག་ལྟར་ན་མི་རིགས་སམ་རིགས་ཚོགས་ཤིག་གི་སྤྱི་ཚོགས་ནང་ཁུལ་ལ་འཕེལ་རྒྱས་བྱུང་བ་དང་། ཡང་ན་རིགས་ཚོགས་མི་འདྲ་བའི་བར་ལ་འབྲེལ་འདྲིས་བྱས་པ་བརྒྱུད་དེ་རིག་གནས་ལ་འགྱུར་ལྡོག་བྱུང་བ་དེར་བྱ།

རིགས་དབྱེ།  

རིག་གནས་འཕོ་འགྱུར་གྱི་རིགས་དབྱེ།

རིག་གནས་ལ་འཕོ་འགྱུར་འབྱུང་བ་ནི་མིའི་རིགས་ཀྱི་རིག་གནས་ལ་གནའ་ནས་ལྡན་པའི་ཁྱད་ཆོས་ཤིག་སྟེ། དེ་ནི་རིག་གནས་གང་ཞིག་འགྲོ་བ་མིའི་ཚེ་འདིའི་སྦྱངས་གོམས་ལས་བྱུང་ཞིང་མུ་མཐུད་ནས་ཁོར་ཡུག་འགྱུར་ལྡོག་ལ་བསྟུན་པའི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན། མིའི་རིགས་སྤྱི་ཚོགས་ཀྱི་རིག་གནས་འཕོ་འགྱུར་ལ་ཆེ་ཕྱོགས་ནས་རིགས་ཆེན་པོ་གཉིས་སུ་དབྱེ་རུང་སྟེ། གཅིག་ནི་བསམ་བཞིན་མ་ཡིན་པའི་འཕོ་འགྱུར་དང་། ཅིག་ཤོས་ནི་བསམ་བཞིན་པའི་འཕོ་འགྱུར་བཅས་ཡིན།

རིགས་དབྱེ།  

རིགས་རྒྱུད།

དེ་ནི་མི་རྣམས་ཀྱི་ལྷན་སྐྱེས་ནས་རྒྱུད་འཛིན་བྱས་པའི་གཟུགས་གཞིའི་ཁྱད་ཆོས་ལྟར་དགར་བའི་མི་ཚོགས་ཏེ། སྐྱེ་དངོས་རིག་པའི་ཐད་ཀྱི་བརྡ་ཆད་ཅིག་ཡིན།

རིགས་དབྱེ།  

ལྷན་སྐྱེས་སྨྲ་བ།

དེ་ཡང་ལྷན་སྐྱེས་སྨྲ་བ་འདི་ལ་རྨང་གཞི་སྨྲ་བ་ཞེས་ཀྱང་ཟེར་ལ། དེའི་ཚབ་བྱེད་མི་སྣ་ལ་ཨའེ་ཏེ་ཧྭ•ཞི་ཨེར་སི་དང་། ཁོ་ལི་ཧྥུ་ཏེ་ཀོ་ཨེར་ཚི། ཧ་ལུའོ་ཏེ་ཨའེ་ས་ཁོ་སི། ཁྲ་ཨེར་སི་ཁའེ་ཨེན་སི་སོགས་ཡོད།

རིགས་དབྱེ།  

གནས་བབ་སྨྲ་བ།

དེ་ཡང་གནས་བབ་སྨྲ་བའམ་ཡུལ་ཁམས་སྨྲ་བ་འདི་ལ་ལག་ཆ་སྨྲ་བའང་ཟེར་ཞིང་། དེའི་ཚབ་བྱེད་མི་སྣ་ལ་ལི་ཨའོ་ཏི་སི་ཕུའུ་སི་དང་། ཀང་ན་ཧ་ལན་ཐེ། ཨ་པོ་ན་ཁོ་ཧོང་སོགས་མཆིས།

རིགས་དབྱེ།  

མཐའ་མཚམས་སྨྲ་བ།

དེ་ཡང་གཞུང་ལུགས་སྨྲ་ཚུལ་འདིའི་ཚབ་བྱེད་མི་སྣ་ནི་ཧྥུ་ལི་ཏེ་ལི་ཁོ་པ་སི་ཞེས་པ་སྟེ། ཁོ་ལྟར་ན། རིགས་ཚོགས་ཞེས་པ་ནི་རང་གི་ཚོགས་མི་རྣམས་ཀྱི་ངོས་ལེན་བྱས་པའི་ཁྱབ་ཁོངས་ཤིག་སྟེ། དེའི་གྲུབ་བྱེད་ནི་གཙོ་བོ་རང་གཞན་གྱི་མཐའ་མཚམས་ཡིན་པ་ལས་སྐད་ཆ་དང་རིགས་གནས། ཁྲག་རྒྱུད་སོགས་ཀྱི་ནང་སྙིང་དེ་མ་ཡིན།

རིགས་དབྱེ།  

མཉམ་བསྲེས་སྨྲ་བ།

དེ་ནི་ལྷན་སྐྱེས་སྨྲ་བ་དང་གནས་བབ་སྨྲ་བ་གཉིས་ཀྱི་དགོངས་པ་མཉམ་བསྲེས་ཏེ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཤིག་ཡིན།

རིགས་དབྱེ།  

ཁ་གཏད་སྨྲ་བ།

དེ་ཡང་རིགས་ཚོགས་མི་འདྲ་བ་གཉིས་ཁ་གཏད་དུ་ལངས་པའི་བརྒྱུད་རིམ་དེ་ནི་རིགས་ཚོགས་ངོས་འཛིན་དང་ཁས་ལེན་གྱི་བསམ་བློ་སྐྱེས་ཤིང་གནས་པའི་རྒྱུ་རྐྱེན་དང་པོར་འཇོག་ལ། དེའི་བརྗོད་སྙིང་གཙོ་བོ་ནི་ཡུན་རིང་བའི་ངོས་ལེན་མ་ལག་དང་ཁ་གཏད་བརྒྱུད་རིམ་ཞེས་པའི་དོན་སྤྱི་གཉིས་ཡིན།

རིགས་དབྱེ།  

མི་རིགས་སྐད་བརྡ་རིག་པ་དང་སྐད་བརྡའི་མི་རིགས་རིག་པ།

འདི་ནི་མི་རིགས་དང་སྐད་བརྡའི་བར་ལ་འབྲེལ་བ་ཧ་ཅང་དམ་པོ་ཞིག་ལྡན་པ་ལས་རིག་ཚན་དེ་གཉིས་ཟུང་དུ་འབྲེལ་བའི་རིག་ཚན་གསར་བ་གཉིས་གྲུབ་པ་སྟེ། མི་རིགས་སྐད་བརྡ་རིག་པ་དང་སྐད་བརྡའི་མི་རིགས་རིག་པ་གཉིས་ཡིན།

རིགས་དབྱེ།