དབྱིན་ཇིའི་ཁྱབ་སྤེལ་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱིན་ཇིའི་ཁྱབ་སྤེལ་སྨྲ་བ།
དེ་ནི་དབྱིན་ཇིའི་ཁྱབ་སྤེལ་སྨྲ་བའི་མི་སྣ་གཙོ་བོ་ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ནས་གསར་དུ་གཏོད་པའི་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
英国传播学派
1 ​ངོ་སྤྲོད་མདོར་བསྡུས།

དབྱིན་ཇིའི་ཁྱབ་སྤེལ་སྨྲ་བའི་མི་སྣ་གཙོ་བོ་ནི་ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ཡིན། སྔ་མ་ནི་དབྱིན་ཇིའི་གནའ་དཔྱད་མཁས་པ་དང་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། བརྩམས་ཆོས་གཙོ་བོ་ལ《གནའ་རབས་ཨེབ་ཅི་བ》ཞེས་པ་དང《རིག་གནས་ཀྱི་ཁྱབ་སྤེལ》སོགས་མཆིས། ཁོང་ལྟར་ན་ཨེབ་ཅི་ནི་འཛམ་གླིང་ཡོངས་སུ་ཤེས་རིག་དར་བ་ཆེས་སྔ་བའི་ས་ཆ་ཡིན་པས། ས་གནས་གཞན་དག་ནས་རྙེད་པའི་མཐོ་རིམ་རིག་གནས་གང་ཞིག་ཡིན་ཡང་གནའ་རབས་ཨེབ་ཅི་ནས་མཆེད་པ་ཡིན་ལ། ཉེ་ལོ་གཙང་པོ་ནི་འཛམ་གླིང་ཡོངས་ཀྱི་ཤེས་རིག་གསར་གཏོད་བྱ་བའི་ལྟེ་གནས་ཤིག་ཡིན།

ཕེ་ལི་ནི་ཧྲི་སྨི་སིའི་སློབ་མ་སྟེ། བརྩམས་ཆོས་ལ《རྒྱ་གར་གྱི་ལོ་རྒྱུས་སྔ་མའི་རྡོ་ཆེན་རིག་གནས》ཞེས་པ་དང《ལྷ་དང་མི》སོགས་མཆིས། ཁོང་གི་ལྟ་ཚུལ་ལྟར་ན། མིའི་རིགས་ཀྱི་རིག་གནས་ནི་རིམ་པ་གཉིས་སུ་དབྱེ་རུང་སྟེ། གཅིག ཆེས་གདོད་མའི་འཚོལ་བསྡུ་དང་རྔོན་ལས་རིགས་གནས་ཏེ། རིག་གནས་འདིའི་རིགས་ནི་དུས་རིམ་ངེས་ཅན་ཞིག་ལ་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་ཡོད་ཅིང་། ད་ལྟའི་ཆེས་རྗེས་ལུས་ཀྱི་འཚོ་བའི་ཁྲོད་དུའང་གནས་ཡོད། གཉིས། ཞིང་ལས་དང་རྙོག་འཛིང་ཆེ་བའི་རྡོ་བརྩིགས་ལག་རྩལ། ལྕགས་རིགས་ལས་སྣོན་སོགས་རྨང་གཞི་བྱས་པའི་མཐོ་རིམ་རིག་གནས་ཏེ། ཁོང་གིས་དེ་ལ་གནའ་རབས་རིག་གནས་ཞེས་འབོད། ཁོང་གིས་ཧྲི་སྨི་སིའི་གཞུང་ལུགས་སྔར་བས་རྒྱ་བསྐྱེད་དེ། ཨེབ་ཅིའི་རིག་གནས་ནི་གནའ་རབས་རིག་གནས་ཀྱི་ཚབ་བྱེད་ཡིན་པ་དང་། དེ་ཉིད་ཁྱབ་གདལ་དུ་གཏོང་མཁན་ནི་ཕྱོགས་བཞིར་ལྕགས་རིགས་རིན་ཐང་ཅན་དང་རིན་པོ་ཆེ་གཞན་དག་འཚོལ་བའི་གོ་རིམ་ཁྲོད་རྒྱལ་ཁབ་གསར་བ་མུ་མཐུད་ནས་རྙེད་པའི་མི་རྣམས་ཡིན་པ་དང་། མི་དེ་ཚོ་རིན་པོ་ཆེ་རྙེད་སའི་གནས་དེར་གཏན་སྡོད་བྱུང་བར་མ་ཟད། དེ་གའི་སྡོད་དམངས་དང་མཉམ་འདྲེས་བྱུང་བ་ཡིན། རིག་གནས་རིགས་མི་འདྲ་བ་དེ་གཉིས་ཀྱི་གདོང་ཐུག་ཁྲོད་རིག་གནས་གསར་བ་སྣ་མང་བྱུང་བ་ཡིན། གནའ་རབས་རིག་གནས་སམ་ཨེབ་ཅིའི་ཤེས་རིག་ནི་འདི་ལྟར་འཛམ་གླིང་ཧྲིལ་བོར་ཁྱབ་སྤེལ་དུ་སོང་བ་ཡིན་པར་འདོད།

ཧྲི་སྨི་སི་དང་ཕེ་ལི་རྣམ་གཉིས་ཀྱི་ལྟ་བ་ནི་ཧ་ཅང་ཐལ་དྲག་སོང་བ་གདོན་མི་ཟ་སྟེ། ཁོ་ཚོས་འཛམ་གླིང་གི་ས་ཁུལ་སོ་སོའི་ཤེས་རིག་ཡོད་ཚད་ཨེབ་ཅིའི་བྱས་རྗེས་སུ་བརྗོད་ཅིང་། རིག་གནས་ཡོད་ཚད་བྱུང་བའམ་གསར་གཏོད་ཐེངས་གཅིག་མ་གཏོགས་བྱེད་མི་ཐུབ་ལ། གཞན་པ་མཐའ་དག་ནི། རིག་གནས་ལྟེ་གནས་གཅིག་སྟེ་ཨེབ་ཅི་ནས་ཁྱབ་གདལ་དུ་བྱུང་བ་ཡིན་པར་འདོད། གྲུབ་མཐའ་འདིས་འཛམ་གླིང་གི་རིག་གནས་མཐའ་དག་གི་འབྱུང་ཁུངས་ཨེབ་ཅི་ཡིན་པར་བརྗོད་དེ་ཧ་ཅང་ཐལ་དྲགས་སོང་བས་ན། ཕྱིས་ཀྱི་མཁས་པ་ཕལ་མོ་ཆེ་ཞིག་གིས་དགག་གཞག་བྱས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།