ཨ་རིའི་ལོ་རྒྱུས་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་ལོ་རྒྱུས་སྨྲ་བ།
འདི་ལ་ལོ་རྒྱུས་དམིགས་བསལ་སྨྲ་བ་ཞེས་ཀྱང་འབོད་ལ་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བ་སྟེ། གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་ཨ་རིའི་མཁས་པ་པོ་ཨ་སི་ལགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国历史学派
ཕྱི་ཡིག་གི་མིང་།
historical school
དུས་སྐབས།
དུས་རབས19བའི་མཇུག་ནས་དུས་རབས20བའི་མགོར།
སྲོལ་གཏོད་མཁན།
པོ་ཨ་སི།
1 ངོ་སྤྲོད་མདོར་བསྡུས།

འདི་ལ་ལོ་རྒྱུས་དམིགས་བསལ་སྨྲ་བ་ཞེས་ཀྱང་འབོད་ལ་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བ་སྟེ། གྲུབ་མཐའ་འདིའི་སྲོལ་གཏོད་པ་པོ་ནི་ཨ་རིའི་མཁས་པ་པོ་ཨ་སི་ལགས་ཡིན། ཁོང་གིས་དང་ཐོག་རང་བྱུང་ཚན་རིག་གི་སྐོར་སྦྱངས་ཤིང་ཕྱིས་སུ་ལ་ཚེ་ཨེར་གྱི་ཤན་ཤུགས་ལ་བརྟེན་ནས་ད་གཟོད་རིག་གནས་ས་ཁམས་རིག་པ་སྦྱངས། བརྩམས་ཆོས་གཙོ་བོ་ལ《དབུས་ཁུལ་གྱི་ཨའེ་སི་ཅི་མོ་བ》དང《མིའི་རིགས་རིག་པ་དང་དེང་རབས་འཚོ་བ》《སྤྱིར་བཏང་མིའི་རིགས་རིག་པ》《རིགས་རྒྱུད་དང་སྐད་བརྡ། རིག་གནས》སོགས་མཆིས།

སྤྱིའི་ཆ་ནས་བཤད་ན་ཁོང་གིས་འཕེལ་འགྱུར་སྨྲ་བ་དང་ཁྱབ་སྤེལ་སྨྲ་བ་གཉིས་ཀར་དགག་པ་བརྒྱབ་ཅིང་། ལྷག་པར་དུ་ཨེབ་ཅི་ལྟེ་གནས་སྨྲ་བའི་ལྟ་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས། ཁོའི་ལྟ་བ་ལྟར་ན། ཕྱི་ཚུལ་ནས་ཕན་ཚུན་འདྲ་མཚུངས་ཡིན་པའི་རིག་གནས་སྣང་ཚུལ་ལ་རྩ་བའི་ཆ་ནས་འབྱུང་ཁུངས་གཅིག་པ་དང་ནུས་མི་འདྲ་བ་རེ་ལྡན་སྲིད་ལ། གཅིག་མཚུངས་ཀྱི་ཆ་ལྡན་པ་ཙམ་གྱིས་ལོ་རྒྱུས་ཀྱི་འབྲེལ་བའམ་ཁྱབ་སྤེལ། གཡར་བཀོལ་སོགས་བྱུང་བ་གསལ་བཤད་བྱེད་མི་ནུས། ཁོ་ཚོའི་ལྟ་ཚུལ་གཙོ་བོ་ལ།རིག་གནས་མིའི་རིགས་རིག་པའི་སྤྱིར་བཏང་གི་ལས་འགན་ནི། སྤྱི་ཚོགས་འཚོ་བའི་སྣང་ཚུལ་སྤྱི་ཡོངས་ལ་ཞིབ་འཇུག་བྱེད་པ་དང་། ཞིང་འཇུག་འདིའི་རིགས་བརྒྱུད་ནས་མིའི་རིགས་ཀྱི་རིག་གནས་དང་ཤེས་རིག་ལོ་རྒྱུས་ལ་བློ་བཀོད་བྱེད་རྒྱུ་དེ་ཡིན། འོན་ཀྱང་ཁོ་ཚོས་བརྗོད་པའི་རིག་གནས་ལོ་རྒྱུས་ཞེས་པ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོའི་སྤྱིར་བཏང་གི་ལོ་རྒྱུས་མ་ཡིན་པར་མི་རིགས་སོ་སོའི་བྱེ་བྲག་གི་ལོ་རྒྱུས་ལ་གོ་བ་ཡིན། རིག་གནས་གང་ཞིག་ཡིན་ཡང་བཟང་ངན་ལེགས་ཉེས་ཀྱི་ཆ་འབྱེད་དུ་མེད་ལ། སོ་སོའི་ཚད་འཇལ་བྱེད་ཀྱི་ཚད་ཐིག་ནི་ལྟོས་བཅས་ཡིན། རིག་གནས་ཚོགས་པ་གང་ཞིག་ཡིན་ཡང་སོ་སོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ལྡན་པས། མི་རིགས་སོ་སོའི་ཁྱད་ཆོས་ཁྲོད་དུ་རང་གི་རིག་གནས་ལ་ཞིབ་འཇུག་བྱ་དགོས་པར་འདོད།

པོ་ཨ་སིའི་གཞུང་ལུགས་ཡོད་ཚད་ཀྱི་སྙིང་བོ་ནི་ལོ་རྒྱུས་དམིགས་བསལ་སྨྲ་བ་སྟེ། འཛམ་གླིང་གི་ས་ཁུལ་སོ་སོའི་རིག་གནས་སྣང་ཚུལ་ཉེ་མཚུངས་ཅན་མང་པོ་ཞིག་ནི་ཁྱབ་སྤེལ་སྨྲ་བས་འགྲེལ་བཤད་ཆ་ཚང་བ་ཞིག་བྱེད་ཐུབ་པ་མིན་ལ། ལོ་རྒྱུས་འཕེལ་འགྱུར་གྱི་གཅིག་གྱུར་རང་བཞིན་མངོན་ཡོད་པ་ཞིག་ཀྱང་མིན། གནའ་རབས་འཕེལ་འགྱུར་སྨྲ་བའི་རིག་གནས་འཕེལ་འགྱུར་གྱི་སྤྱིའི་ཆོས་ཉིད་སྐོར་གྱི་གཞུང་ལུགས་ནི་རྐང་ཚུགས་ཐུབ་པ་མ་ཡིན་ཏེ། རྒྱུ་མཚན་ནི་རིག་གནས་གང་ཞིག་ཡིན་ཡང་སྤྱི་ཚོགས་མི་འདྲ་བ་སོ་སོའི་དམིགས་བསལ་གྱི་ཐོན་དངོས་ཡིན་པ་དང་། འདྲ་མཚུངས་ཅན་གྱི་རིག་གནས་འདི་དག་ལ་སོ་སོའི་འཕེལ་རིམ་གྱི་ལོ་རྒྱུས་ཁུངས་སྣེ་མི་འདྲ་བ་རེ་ལྡན་པས་སོ། །དེར་བརྟེན། ཁོང་གིས་འཛམ་གླིང་གི་རིག་གནས་སྣ་ཚོགས་པ་མཐའ་དག་འཕེལ་འགྱུར་སྨྲ་བའི་སྟབས་བདེ་ཅན་གྱི་འཕེལ་འགྱུར་རྣམ་པ་སྣ་གཅིག་ཏུ་བསྡུ་བ་དེར་དགག་པ་མཐའ་གཅིག་ཏུ་བྱས་ཤིང་། ངེས་གཏན་གྱི་རིག་གནས་གང་ཞིག་ཤེས་རྟོགས་བྱ་བ་ལ། ཆེས་ཡང་དག་པའི་བྱ་ཐབས་ནི་རིག་གནས་དེ་ཉིད་འཕེལ་རྒྱས་བྱུང་བའི་བགྲོད་ལམ་ཐུན་མོང་མ་ཡིན་པ་དེ་བསྐྱར་བསྐྲུན་བྱ་དགོས་པ་སྟེ། རིག་གནས་དེའི་ལོ་རྒྱུས་བཟོ་བཀོད་བྱ་རྒྱུ་དེ་ཡིན་པར་འདོད། གཞན་པོ་ཨ་སིས་རིགས་རྒྱུད་མཆོག་དམན་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང་མི་རིགས་མཐའ་དག་འདྲ་མཉམ་ཡིན་པར་འདོད། ཁོངགིས་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་བཀོལ་ནས་གསལ་བཤད་བྱས་པ་ལྟར། འགྲོ་བ་མིའི་རིགས་རྒྱུད་མི་འདྲ་བ་དག་ནི་ལུས་ཀྱི་གཟུགས་གཞིའི་ཆ་ནས་ཕན་ཚུན་ལ་ཁྱད་པར་ལྡན་མོད། འོན་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་དང་སྐྱེ་འཕེལ་ནུས་པའི་ཆ་ནས་ཁྱད་པར་གང་ཡང་མེད། མི་རིགས་སོ་སོའི་རིག་གནས་འཕེལ་རིམ་ཐག་གཅོད་པའི་རྒྱུ་རྐྱེན་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་ཡིན་པ་ལས་རིགས་རྒྱུད་ཀྱི་ཁྱད་པར་མ་ཡིན་པར་འདོད།

པོ་ཨ་སིས་བཏོན་པའི་སྐད་བརྡ་རིག་པ་དང་གནའ་དཔྱད་རིག་པ། གཟུགས་གཞི་མིའི་རིགས་རིག་པའི་ཐད་ཀྱི་ལྟ་བ་རྣམས་ཀྱང་ཐུན་མོང་མ་ཡིན་པ་ཞིག་སྟེ། དེས་མིའི་རིགས་རིག་པའི་འཕེལ་རྒྱས་ཕྱོགས་ལ་བྱས་རྗེས་ཆེན་པོ་བསྐྲུན། གཞན་ཁོང་གིས་སློབ་མ་མང་པོ་བསྐྱངས་པ་སྟེ། གཙོ་བོ་ཁོ་ལུའུ་པུའུ་དང་ལུའོ་ཝེ། ཀོ་ཏེང་ཝེ་ཙེ་སོགས་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།