རྗེས་ཀྱི་སྒྲིག་བཟོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་བརྙན་དང་བརྙན་ཐུང་སོགས་སྒྲིག་སྦྱོར་གྱི་བྱ་བའི་ལས་རིམ་སྟེང་རྒྱུན་སྤྱོད་ཆེ་བའི་སྨྱན་སྦྱོར་མ་ལག་སྤྱད་དེ་ཆ་ཚང་བར་སྒྲིག་པའི་མཇུག་གི་ལས་ཀ་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
后期制作
ཕྱི་ཡིག་གི་མིང་།
post production
བཀོལ་བྱའི་ཁྱབ་ཁོངས།
སྨྱན་སྦྱོར་མ་ལག
ནང་དོན།
གློག་བརྙན་དང་བརྙན་ཐུང་སྒྲིག་བཟོ།
1 ངོ་སྤྲོད།  

རྗེས་ཀྱི་སྒྲིག་བཟོ་ནི་གློག་བརྙན་ཕབ་སྐྲུབ་ལས་བྱུང་བའི་མཇུག་གི་ལས་རིམ་ཞིག་ཡིན་ཏེ། ཕབ་སྐྲུན་བྱས་ཟིན་པའི་འགུལ་རིས་དང་བརྙན་ཐུང་། མུ་འབྲེལ་བརྙན་འཕྲིན་སོགས་ཀྱི་བརྙན་ཐུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཆ་ཚང་བ་དང་མགོ་མཇུག་ཡོད་པར་སྒྲིག་བཟོ་བྱེད་པའི་ལས་རིམ་དེ་ལ་ཟེར།

2 རྒྱུན་མཁོའི་མ་ལག

དྲས་སྒྲིག་མ་ལག   Adobe Premiere ProདངFinal Cut Proདང་། EDIUSདངSony Vegasདང་། Autodesk&regདངSmoke&regདང་། རྒྱུགས་ཆེ་བ་ནིFinal Cut ProདངEDIUSགཉིས་ཡིན།

མཉམ་བསྲེས་མ་ལག AEདངCombustionདང་། DFsionདང་། Shakeདངpremiere

འགུལ་རིས་མ་ལག 3D MAXདངMAYAདང་། SoftimageདངZbrush

3 འཕེལ་རྒྱས།

མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་ཆེན་པོ་བྱུང་ནས་ཚན་རིག་ལག་རྩལ་གྱིས་མིའི་འཚོ་བ་ལ་ཁ་ལོ་བསྒྱུར་བའི་སྐབས་འདིར་གློག་བརྙན་དང་བརྙན་འཕྲིན་ནི་མང་ཚོགས་རང་བཞིན་ཅན་དུ་གྱུར་ནས་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད་བརྙན་འཕྲིན་ལས་བྱུང་བའི་བརྡ་ཁྱབ་སྣ་ཚོགས་ཀྱིས་ཀྱང་མིའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། སྔོན་ཆད་བརྙན་འཕྲིན་སྒྲིག་སྦྱོར་གྱི་མ་ལག་གི་རིན་གོང་ཧ་ཅང་དཀའ་ཞིང་ཆེད་ལས་རང་བཞིན་ཅན་གྱི་མི་སྣས་མ་གཏོགས་བྱང་ཆ་ལྡན་པའི་ངང་ནས་བཀོལ་སྤྱོད་བྱེད་མི་ཐུབ་པ་དང་། རིམ་གྱིས་ཚན་རྩལ་གྱི་ནུས་པ་ཇེ་མཐོར་སོང་བ་དངPCམ་ལག་གི་རིན་གོང་ཡང་རིམ་གྱིས་མར་ལྷུང་བས་བཀོལ་སྤྱོད་བྱེད་མཁན་གྱི་མི་སྣ་ཡང་ཇེ་མང་དུ་སོང་ནས་བརྙན་འཕྲིན་སྒྲིག་སྦྱོར་ལ་དགའ་བ་དག་གིས་ཀྱང་རང་གི་འདོད་མོས་ལྟར་དུ་བརྙན་འཕྲིན་དང་བརྙན་ཐུང་སྣ་ཚོགས་སྒྲིག་བཟོ་བྱེད་ཐུབ་པས་བཀོལ་རྒྱ་ཇེ་ཆེ་དང་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།


བརྡ་འགྲེལ་གདོང་འཛར།

སྒྲིག་བཟོ། སྨྱན་སྦྱོར། གློག་བརྙན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།