སྐད་བརྡའི་མིའི་རིགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་བརྡའི་མིའི་རིགས་རིག་པ།
དེ་ནི་མིའི་རིགས་རིག་པ་དང་སྐད་བརྡ་རིག་པ་གཉིས་ལྷན་འདུས་ཀྱིས་ངང་ནས་མིའི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
语言人类学
ཕྱི་ཡིག་གི་མིང་།
Linguistic Anthropology
བྱུང་དུས།
དུས་རབས་བཅུ་དགུ་བ།
བྱེད་ནུས།
བརྡ་དོན་ནས་སྐད་བརྡའི་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱེད་པ།
1 གོ་དོན།

སྐད་བརྡའི་མིའི་རིགས་རིག་པ་ནི་མིའི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་གཙོ་བོ་ཞིག་སྟེ། མིའི་རིགས་རིག་པ་དང་སྐད་བརྡ་རིག་པ་གཉིས་ལྷན་འདུས་ཀྱིས་གྲུབ་པ་ཡིན། སྐད་བརྡ་ནི་འགྲོ་བ་མི་དང་སྲོག་ཆགས་བར་གྱི་ཁྱད་པར་དགར་བའི་རྩ་བའི་མཚོན་རྟགས་ཤིག་ཡིན་ལ། མིའི་རིགས་ཀྱི་རིག་གནས་གྲུབ་ཆ་གལ་ཆེན་མང་པོ་ཞིག་སྟེ། དཔེར་ན་བསམ་པའི་འཆར་སྒོ་དང་བྱ་སྤྱོད་རྣམ་པ་སོགས་ནི་གཙོ་བོ་སྐད་བརྡའི་མ་ལག་ལ་བརྟེན་ནས་མངོན་པར་མཚོན་པ་ཡིན། 

2 རིགས་དབྱེ།

མི་རྣམས་ཀྱིས་སྐད་བརྡ་ལ་ཞིབ་འཇུག་བྱེད་པའི་ཟུར་ཚད་མི་འདྲ་བའི་སྒོ་ནས་ཆེ་ཕྱོགས་སུ་རིགས་བཞི་ཙམ་དུ་དབྱེ་རུང་སྟེ། 1.ཞིབ་འབྲི་སྐད་བརྡ་རིག་པ། སྐད་བརྡའི་གྲུབ་ཚུལ་དང་དེའི་གྲུབ་ཆ་སོ་སོ་ནི་ཇི་ལྟར་འབྲེལ་འདྲིས་བྱ་བའི་མ་ལག་ཅིག་ཏུ་འགྱུར་བའི་ཚུལ་ལ་དཔྱད་པ། 2.ལོ་རྒྱུས་སྐད་བརྡ་རིག་པ། སྐད་བརྡའི་འཕེལ་འགྱུར་གོ་རིམ་དང་ཁྱབ་ཚུལ་ལ་དཔྱད་པ། 3.སྤྱི་ཚོགས་སྐད་བརྡ་རིག་པ། སྐད་བརྡ་དང་རིག་གནས་རྒྱུ་ཆའི་བར་གྱི་འབྲེལ་བ་སྟེ། རིག་གནས་རྒྱུ་ཆ་ལ་ལོ་ཚོད་དང་རྟགས་མཚན། རིགས་ཚོགས་ངོ་བོ་དང་སྤྱི་ཚོགས་གྲལ་རིམ་སོགས་འདུས། 4.སྐད་བརྡ་དང་རིག་གནས་ཏེ། སྐད་བརྡས་ང་ཚོའི་བསམ་གཞིག་ནུས་པར་ཤུགས་ཇི་ལྟར་ཐེབས་པ་དང་། ཡང་ན་ང་ཚོའི་རིན་ཐང་ལྟ་ཚུལ་སོགས་ཀྱིས་སྐད་ཆའི་རྣམ་པ་ལ་ཤན་ཤུགས་ཇི་ལྟར་ཐེབས་པ་སོགས་ལ་དབྱེ་ཞིབ་བྱེད་པ་ཡིན། རིག་ཚན་འདིའི་འདོད་ཚུལ་ལྟར་ན། མིའི་རིགས་ཀྱིས་སྐད་བརྡ་ནི་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བཟུང་སྟེ། གཙོ་བོ་སྐད་བརྡའི་འབྱུང་ཁུངས་དང་གྲུབ་ཚུལ། འཕེལ་འགྱུར་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་དང་། སྐད་བརྡ་རིག་པའི་འབྲས་བུ་ལ་བརྟེན་ནས་མིའི་རིགས་ཀྱི་རིག་གནས་ལ་ངེས་ཤེས་གཏིང་ཇེ་ཟབ་ཏུ་གཏོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།