ཚོར་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོར་ཆས།
ཞིབ་བཤེར་སྒྲིག་ཆས་ཤིག་གི་མིང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
传感器
ཕྱི་ཡིག་གི་མིང་།
transducer/sensor
1 ​ངོ་སྤྲོད།

ཞིབ་བཤེར་སྒྲིག་ཆས་ཤིག་ཡིན་ཏེ། ཕྱི་ཡུལ་ཚད་ལེན་གྱི་ཆ་འཕྲིན་དག་ཚོར་ཤེས་ཀྱི་ཕན་ནུས་ལྡན་པ་མ་ཟད། ཚོར་ཤེས་ལས་བྱུང་བའི་ཆ་འཕྲིན་དག་ཆོས་ཉིད་ངེས་ཅན་ལྟར་ཆ་འཕྲིན་བརྡ་རྟགས་དང་། ཡང་ན་རྣམ་པ་གཞན་དག་ལ་མཁོ་བའི་ཆ་འཕྲིན་དུ་བསྒྱུར་ནས་ཕྱིར་འདོན་བྱེད་ཐུབ་པས། དེ་ནི་ཆ་འཕྲིན་གསར་བ་བརྒྱུད་འདྲེན་དང་། ཐག་གཅོད་བྱེད་པ། གསོག་ཉར་བྱེད་པ། བརྙན་དུ་འཆར་བ་དང་།  ཟིན་ཐོ་འགོད་པ། ཚོད་འཛིན་བྱེད་པ་སོགས་ཀྱི་བླང་བྱ་འདོན་ཐུབ་པའི་སྒྲིག་ཆས་ཤིག་ཡིན།

2 མཚན་ཉིད།

རྒྱལ་ཁབ་ཚད་ལྡནGB7665-87ནས་ཚོར་ཆས་ལ་མཚན་ཉིད་བཞག་པ་འདི་ལྟ་སྟེ། གཏན་འབེབས་མྱོང་རོལ་བྱེད་ཐུབ་པ་དང་ཚད་ལེན་བྱས་ཟིན་པའི་བྱ་དངོས་དག་ཆོས་ཉིད་ངེས་ཅན་གཞིར་བཟུང་ནས་ཆ་འཕྲིན་བརྡ་རྟགས་སུ་བསྒྱུར་ཐུབ་པའི་འཕྲུལ་ཆས་སམ་སྒྲིག་ཆས་ཤིག་ཡིན། དེ་ནི་ཚོར་སྐྱེན་ལྷུ་ལག་དང་བརྗེ་སྤོར་ལྷུ་ལག་ལས་གྲུབ་པ་ཞིག་གོ། ། 

3 བྱེད་ནུས་གཙོ་བོ།

ལག་རྩལ་གསར་པའི་གསར་བརྗེ་ཡི་དུས་རབས་འདིར། འཛམ་གླིང་ནི་ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་ཟིན་ལ། ཆ་འཕྲིན་ལག་རྩལ་གསར་བ་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད། ཐོག་མར་ཐག་གཅོད་བྱ་རྒྱུའི་གནད་དོན་ནི་ཚད་ལྡན་གྱི་ཆ་འཕྲིན་ནང་འདྲེན་བྱེད་རྒྱུ་དེའོ། །

དེར་བརྟེན། ཚོར་ཆས་ནི་རང་བྱུང་ཁམས་དང་ཐོན་སྐྱེད་ས་ཁོངས་ཁྲོད་ཆ་འཕྲིན་དར་སྤེལ་བྱེད་པའི་ཐབས་ལམ་ཡག་ཤོས་དང་ལག་ཆ་གཙོ་བོ་ཡིན་ལ། ཚོར་ཆས་ཀྱིས་ཐོན་སྐྱེད་རྒྱུ་ཆ་མི་འདྲ་བར་ཕན་ནུས་གལ་ཆེན་འདོན་བཞིན་ཡོད་པས། གཞི་རྩའི་ཚན་རིག་ཞིབ་འཇུག་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཚོར་ཆས་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་ཕུད། ད་དུང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་ཚོར་ཆས་ལག་རྩལ་འཕེལ་རྒྱས་ལ་མཐོང་ཆེན་བླ་ན་མེད་པ་བྱེད་ཀྱིན་ཡོད། ཡུན་རིང་མི་འགོར་བར། ཚོར་ཆས་ལག་རྩལ་ལ་སྔར་ལས་ཐོད་བརྒལ་ཆེན་པོ་ཞིག་བྱུང་བར་མི་དམངས་ལ་ཡིད་ཆེས་ཡོད་པ་མ་ཟད། གལ་ཆེའི་གོ་གནས་དེ་དང་བསྟུན་ནས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་དེ་ལས་ཀྱང་ཡིད་ཆེས་བརྟན་པོ་ཡོད།

4 ཁྱད་ཆོས།

ཚོར་ཆས་ལ་ཁྱད་ཆོས་འདི་དག་ལྡན་ཏེ། ཕྲ་གཟུགས་ཅན་དང་། གཞི་གྲངས་ཅན། རིག་ནུས་ཅན། བྱེད་ནུས་སྣ་མང་ཅན། མ་ལག་ཅན། དྲ་བ་ཅན་བཅས་སོ། ། ཚོར་ཆས་འདིས་སྲོལ་རྒྱུན་ཐོན་ལས་ལ་བསྒྱུར་བཀོད་དང་རྙིང་ཚབ་གསར་བརྗེ་བྱེད་པ། ད་དུང་རྣམ་པ་གསར་བའི་བཟོ་ལས་ཅན་གསར་དུ་འཛུགས་པར་ནུས་པ་གལ་ཆེན་ཐོན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།