ཉན་འཕྲུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉན་འཕྲུལ།
འཕྲིན་སྦྱོར་སྒྲ་བརྙན་སྟོན་ཆས་དང་སྒྲ་སྡུད་སོགས་ཀྱི་སྒྲ་གཞན་གྱིས་མི་ཚོར་བར་རང་གིས་ཉན་པའི་ཕྱིར་དུ་རྣ་བར་བཅུག་སྟེ་ཉན་བྱེད་ཀྱི་མཁོ་ཆས་ཤིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耳机
ཕྱི་ཡིག་གི་སྐད་དུ།
earplug Earphones
1 ​གོ་དོན།

འཕྲིན་སྦྱོར་སྒྲ་བརྙན་སྟོན་ཆས་དང་སྒྲ་སྡུད་སོགས་ཀྱི་སྒྲ་གཞན་གྱིས་མི་ཚོར་བར་རང་གིས་ཉན་པའི་ཕྱིར་དུ་རྣ་བར་བཅུག་སྟེ་ཉན་བྱེད་ཀྱི་མཁོ་ཆས་ཤིག་གོ། །དེ་ནི་རྣ་བའི་སྒྲ་བསྐྱེད་ལ་བརྟེན་ནས་གོ་ཐུབ་པའི་སྒྲ་རླབས་ཤིག་ཡིན་ལ། སྤྱིར་བཏང་དུ་འཕྲིན་སྦྱོར་སྒྲ་བརྙན་སྟོན་ཆས་དང་ཐ་དད་དུ་ཡོད་པ་ཞིག་སྟེ། བསྒར་སྣེ་ལ་བརྟེན་ནས་སྒྲ་བརྙན་འཕྲུལ་ཆས་དང་སྦྲེལ་ཆོག་པ་ཞིག དེའི་ཁྱད་ཆོས་གཙོ་བོ་ནི་ཉན་དུས་ཉེ་འཁོར་གྱི་མི་ལ་གནོད་མི་བྱེད་པའི་ཆ་རྐྱེན་འོག རང་ཉིད་གཅིག་པུས་སྒྲ་སྒམ་ལ་གསན་ཆོག་པ། ད་དུང་ཉེ་འཁོར་ཁོར་ཡུག་གི་སྒྲ་དང་རིང་དུ་གྱེས་ཐུབ་པ། སྒྲ་ལེན་ཁང་དང་། DJ ལྗོངས་རྒྱུ་ལ་འགྲོ་བ། ལུས་རྩལ་སྦྱོང་བ་སོགས་འཛེར་སྒྲ་ཆེ་བའི་ཁོར་ཡུག་ཁྲོད་དུ་བཀོལ་སྤྱོད་བྱས་ན་མི་ལ་ཕན་ནུས་གལ་ཆེན་འདོན་ཐུབ། ཉན་འཕྲུལ་ནི་ཐོག་མར་ཁ་པར་དང་སྐུད་མེད་གློག་ཏུ་བཀོལ་བ་ཡིན་ལ། རིམ་བཞིན་འཁྱེར་བདེ་བའི་གློག་རྡུལ་སྒྲིག་ཆས་བྱུང་བ་དང་ལྷན་དུ་ཉན་འཕྲུལ་དེ་ལག་ཁྱེར་ཁ་པར་དང་འཁྱེར་ཉན། སྒྲ་སྡུད་འཕྲུལ་ཆས་སོགས་སུ་བཀོལ་བ་རྒྱ་ཆེ།

2 རིགས་དབྱེ།

དེ་ནི་གཙོ་བོ་སྐུལ་ཆས་ཀྱི་རྣམ་གྲངས་ལ་གཞིགས་ནས་ཉན་འཕྲུལ་གྱི་འདོགས་སྟངས་ལྟར་རིགས་དབྱེ་བ་ཡིན།

2_1 སྒོར་དབྱིབས་ཅན་གྱི་རྣམ་པ།

སྒོར་དབྱིབས་ཅན་གྱི་རྣམ་པ་ནི་ཆེས་སྤྱིར་བཏང་བ་དང་། ཆེས་རྒྱུན་མཐོང་གི་རྣམ་པའི་ཉན་འཕྲུལ་ཞིག་ཡིན་ལ། དེའི་སྐུལ་ཤུགས་སྡེ་ཚན་ནི་གཞི་རྩའི་ཐོག་ཅུང་ཆུང་བའི་སྒོར་དབྱིབས་ཀྱི་རྣམ་པའི་སྒྲ་སྒྲོག་འཕྲུལ་ཆས་ཤིག་ཡིན།

.png

2_2  ལྕགས་འགུལ་ཅན་གྱི་རྣམ་པ།

དེ་ནི་སྒྲིག་གཞི་ཞིབ་ཚགས་ཡིན་པའི་འབྲེལ་མཐུད་ཡག་ཤོས་ཤིག་གིས་བརྒྱུད་འདྲེན་ལ་བརྟེན་ནས་ཆེས་ཆུང་བའི་འདར་སྐྱིའི་ལྟེ་གནས་ལ་སྦྲེལ་ཏེ་འདར་འགུལ་ལས་སྒྲ་ཐོན་པའི་ཉན་འཕྲུལ་ཞིག་ལ་ཟེར།

.png

2_3 མུ་ཁྱུད་ལྕགས་འགུལ་མཉམ་བསྲེས་ཅན།

དེ་ནི་སྒོར་དབྱིབས་ཅན་གྱི་རྣམ་པ་དང་ལྕགས་འགུལ་ཅན་གྱི་རྣམ་པ་མཉམ་འདྲེས་རྣམ་པ་ཅན་གྱི་ཉན་འཕྲུལ་ལ་ཟེར།

.png

2_4  རྣོ་ཁབ་ལེན་གྱི་རྣམ་པ།

དེ་ནི་སྒྲ་བསྐྱེད་འཕྲུལ་ཆས་ཆུང་དུ་བཏང་བའི་སྙོམས་ངོས་སྒྲ་བསྐྱེད་ཅན་ཏེ། སྙོམས་ངོས་ཀྱི་སྒྲའི་རིམ་པ་དེ་ཡངས་ཤིང་སྲབ་པའི་འདར་སྐྱིའི་ངོས་སྦྱར་བའི་རིགས་ཀྱི་ཉན་འཕྲུལ་ལ་ཟེར། 

.png

2_5  སྐུད་མེད་ཐག་མེད་ཀྱི་རྣམ་པ།

དེ་ནི་བརྡ་རྟགས་འཕེན་ཆས་དང་། བརྡ་རྟགས་བསྡུ་ལེན་དང་སྒྲིག་ཆས་ཆེར་བསྐྱེད་ཀྱི་རྣམ་པ་ལས་གྲུབ་པའི་ཉན་འཕྲུལ་གྱི་རིགས་ལ་ཟེར། 

.png


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-12

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།