གནའ་དཔྱད་མིའི་རིགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་དཔྱད་མིའི་རིགས་རིག་པ།
དེ་ནི་གནའ་དུས་སུ་མིའི་རིགས་ཀྱི་ཤུལ་བཞག་ཏུ་ལུས་པའི་དངོས་རྫས་ཏེ། དཔེར་ན། རྡོ་ཆས་དང་མེ་ཐལ། རྫ་ཆས་དང་རུས་ཆས་སོགས་ལ་ལྟ་ཞིབ་དང་དེ་དག་བེད་སྤྱོད་བྱས་པ་བརྒྱུད་དེ་གནའ་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཞིག་སྟེ། རིག་གནས་ཤུལ་བཞག་གང་ཉིད་ཧ་ཅང་རྒྱ་ཆེ་བའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་ཏུ་བཞག་ནས་མནོ་བསམ་གཏོང་བ་ཡིན། དེ་ཡང་གནའ་མིའི་འཚོ་བ་རོལ་སྟངས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ། འགལ་འདུ་དེའི་ཁྲོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་སོགས་ལ་དབྱེ་ཞིབ་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
考古人类学
ཕྱི་ཡིག་གི་མིང་།
Archaeological anthropology
1 ངོ་སྤྲོད་མདོར་བསྡུས།

དེ་ནི་གནའ་དུས་སུ་མིའི་རིགས་ཀྱི་ཤུལ་བཞག་ཏུ་ལུས་པའི་དངོས་རྫས་ཏེ། དཔེར་ན། རྡོ་ཆས་དང་མེ་ཐལ། རྫ་ཆས་དང་རུས་ཆས་སོགས་ལ་ལྟ་ཞིབ་དང་དེ་དག་བེད་སྤྱོད་བྱས་པ་བརྒྱུད་དེ་གནའ་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཞིག་སྟེ། རིག་གནས་ཤུལ་བཞག་གང་ཉིད་ཧ་ཅང་རྒྱ་ཆེ་བའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་ཏུ་བཞག་ནས་མནོ་བསམ་གཏོང་བ་ཡིན། དེ་ཡང་གནའ་མིའི་འཚོ་བ་རོལ་སྟངས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ། འགལ་འདུ་དེའི་ཁྲོད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་སོགས་ལ་དབྱེ་ཞིབ་བྱེད་པ་ཡིན། སྤྱིར་བཏང་མཁས་པ་ཚོའི་འདོད་ཚུལ་ལྟར་ན། གནའ་དཔྱད་རིག་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་དགུ་བའི་དུས་མགོར་མྱུ་གུ་འབུས་པ་དང་། དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་ལ་དངོས་སུ་གྲུབ་ཅིང་།  འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་རྗེས་སུ་འཕེལ་རྒྱས་ཆེན་པོ་བྱུང་བ་ཡིན། གནའ་དཔྱད་རིག་པར་རྒྱུན་དུ་གོ་བ་གསུམ་ཙམ་ལྡན་ཏེ། གཅིག གནའ་དཔྱད་ཞིབ་འཇུག་ལས་ཐོབ་པའི་ལོ་རྒྱུས་ཤེས་བྱ་སྟེ། སྐབས་འགར་ཤེས་བྱ་དེའི་རིགས་ཞིབ་བརྗོད་བྱས་པའི་དཔེ་དེབ་ལའང་གོ། གཉིས། ཤེས་བྱ་དེའི་རིགས་ཐོབ་བྱེད་ཀྱི་གནའ་དཔྱད་ཐབས་ལམ་དང་ལག་རྩལ་ལ་བྱ་སྟེ། དེར་རྒྱུ་ཆ་བསྡུ་གསོག་དང་ཉར་ཚགས། ཞིབ་བཤེར། ལེགས་སྒྲིག དབྱེ་ཞིབ་བཅས་བྱེད་པའི་ཐབས་ལམ་དང་ལག་རྩལ་སོགས་ཀྱང་འདུས། གསུམ། གཞུང་ལུགས་རང་བཞིན་གྱི་ཞིབ་འཇུག་དང་འགྲེལ་བཤད་ལ་གོ་སྟེ། དེར་གནའ་དཔྱད་རྒྱུ་ཆའི་ཁྲོད་འདུ་བའི་རྒྱུ་འབྲས་འབྲེལ་བ་སོགས་འདུས་ཤིང་། དེས་གནའ་རབས་སྤྱི་ཚོགས་འཕེལ་རིམ་ཁྲོད་གནས་པའི་ཆོས་ཉིད་གསལ་བཤད་བྱེད་པ་ཡིན།

2 གནའ་དཔྱད་རིག་པ།

རྒྱལ་ནང་གི་མཁས་པ་ལ་ལའི་འདོད་ཚུལ་ལྟར་ན། གནའ་དཔྱད་རིག་པ་ཞེས་པ་ནི། གནའ་རབས་མིའི་རིགས་ཀྱིས་བྱ་འགུལ་སྣ་ཚོགས་བརྒྱུད་ནས་ཤུལ་བཞག་བྱས་པའི་དངོས་པོའི་རྒྱུ་ཆ་གཞིར་བཟུང་སྟེ། མིའི་རིགས་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་ཚན་རིག་ལ་བྱ། དོན་སྙིང་ངེས་ཅན་ཞིག་གི་ཆ་ནས་བརྗོད་ན། གནའ་དཔྱད་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འདས་པའི་ལོ་རྒྱུས་ཡིན་ལ། གནའ་དཔྱད་རིག་པ་སྨྲ་མཁན་གྱི་བྱ་བ་ནི། དུས་ཚོད་དང་བར་སྟོང་བརྒལ་ནས་མིའི་རིགས་ཀྱི་རིག་གནས་འཕེལ་རིམ་ལ་ལྟ་ཞིབ་བྱས་ཏེ། མིའི་རིགས་རང་ཉིད་ལ་འགྲེལ་བ་ཡང་དག་ཅིག་བྱ་འདོད་པ་དེ་ཡིན། ཡང་གནའ་དཔྱད་རིག་པའི་ཞིབ་འཇུག་དམིགས་ཡུལ་ལ་ཕྱོགས་གསུམ་ཙམ་ལྡན་པར་འདོད་དེ། རིག་གནས་ལོ་རྒྱུས་བསྐྱར་བསྐྲུན་བྱེད་པ་དང་གཅིག རིག་གནས་རྣམ་པ་བསྐྱར་བསྐྲུན་བྱེད་པ་དང་གཉིས། ལོ་རྒྱུས་འཕེལ་རྒྱས་ཀྱི་སྤྱིེར་བཏང་བའི་ཆོས་ཉིད་དང་དམིགས་བསལ་གྱི་ཆོས་ཉིད་ལ་འཚོལ་ཞིབ་བྱེད་པ་དང་གསུམ་བཅས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།