མི་ཐབས་སྨུག་གཏོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་ཐབས་སྨུག་གཏོར།
མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ་ལ་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人工消雾
ཕྱི་ཡིག་གི་མིང་།
artificial fog dissipation
1 ངོ་སྤྲོད།

མི་ཐབས་སྨུག་གཏོར་ནི་མིའི་ཐབས་ལ་བརྟེན་ནས་དྲོད་སྨུག་གཏོར་བ་དང་གྲང་སྨུག་སེལ་བ། མིག་སྔར་དྲོད་སྨུག་སེལ་ཐབས་ལ་རིགས་གཉིས་ཡོད་དེ།

1. ཚ་སྣོན་བྱེད་ཐབས། དེ་ནི་ཁྱབ་ཁོངས་ཆུང་བའི་ས་ཁུལ་གྱི་སྨུག་པ་སྟེ། དཔེར་ན། གནམ་གྲུའི་འཕུར་ལམ་སོགས་ལྟ་བུ། འབར་སྣུམ་སོགས་འབར་རྫས་འབོར་ཆེན་བཏང་ནས་མཁའ་རླུང་ལ་ཚ་སྣོན་བྱས་ཏེ་སྨུག་པ་རླངས་འགྱུར་བྱས་པ་དང་བསྟུན་ནས་མེད་པར་གྱུར་བ།   

2. རླན་འཇིབ་བྱེད་ཐབས། ཚྭ་དང་གཅིན་རྒྱུ་སོགས་གཏོར་བ་དང་རླན་འཇིབ་འགྱུར་འདེད་སྐུལ་རྫས་སོགས་བཀོལ་ནས་ཧྲེངས་འགྲིལ་སྙིང་ཐིག་འབོར་ཆེན་ཐོན་སྐྱེད་བྱས་ཏེ། ཆུ་རླངས་དེ་ཆུ་ཐིགས་སུ་གྱུར་བ་དང་སྨུག་པ་རླངས་འགྱུར་བྱས་ནས་མེད་པར་གྱུར་བ་རེད།  

2 སྨུག་སེལ་གྱི་དོན་སྙིང་།

སྨུག་པས་འགྲིམ་འགྲུལ་བདེ་འཇགས་ལ་གྱོང་གུད་ཚབས་ཆེན་སྐྱེལ་ཡོང་གི་ཡོད། སྨུག་པས་གནམ་གྲུའི་འཕུར་སྐྱོད་ལ་ཐེབས་པའི་ཤུགས་རྐྱེན་ནི་འདི་ལྟ་སྟེ། སྨུག་སྤྲིན་འཐུག་དུས་གནམ་གྲུ་ཡར་འཕུར་མི་ཐུབ་ལ། མར་ཡང་འབབ་དཀའ། འཕུར་སྐྱོད་བྱེད་སྐབས་འཕུར་ལམ་གསལ་བོ་མཐོང་མི་ཐུབ་པས་རི་བྲག་ལ་གདོང་ཐུག་རྒྱག་པ་སོགས་ཀྱི་དོན་རྐྱེན་འབྱུང་སྲིད།

དཔེར་ན། སྤྱི་ལོ1948ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོར། ཝུའུ་ཧན་ནས་ཧྲེང་ཧེ་བར་འཕུར་བའི་གནམ་གྲུ་ཞིག་སྨུག་རྒྱུའི་ཁྲོད་ཐེངས་གསུམ་ལ་དོན་རྐྱེན་བྱུང་བ་ལྟ་བུ།

དེ་བཞིན་དུ་གྲུ་གཟིངས་རྒྱག་དུས་སུ་སྨུག་སྤྲིན་འཐིབ་ན། བསྐྱོད་ལམ་བཀག་ནས་ཆུ་འོག་བྲག་རྡོ་སོགས་ལ་གདོང་ཐུག་རྒྱག་པའི་ཉེན་ཁ་འབྱུང་སྲིད། དེར་བརྟེན། མི་ཐབས་སྨུག་སེལ་གྱིས་འགྲིམ་འགྲུལ་བདེ་འཇགས་དང་མིའི་རིགས་ཀྱི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཕན་ནུས་བླ་མེད་འདོན་བཞིན་ཡོད།

3 སྨུག་སེལ་བྱེད་ཐབས།

གཅིག  གྲང་སྨུག་སེལ་ཐབས།

སྤྱིར་བཏང་དུ་གནམ་གཤིས་དྲོད་ཚད0℃ རུ་སླེབས་དུས། སྨུག་པ་ཆུ་རླངས་རྡོག་འགྲིལ་དུ་མི་འགྱུར་བར་གྲང་མོ་ཆུ་ཐིགས་ཀྱི་རྣམ་པར་གནས་སྲིད། དེར་བརྟེན། སྤྲིན་སྨུག་ཁྲོད་ངེས་པར་དུ་ཧྲེངས་འགྲིལ་སྙིང་ཐིག་དགོས་ལ། ཧྲེངས་འགྲིལ་སྙིང་ཐིག་ཡོད་ཚེ་ད་གཟོད་ཆུ་རླངས་འཁྱགས་ཟིལ་དུ་འགྱུར་སྲིད་པ་རེད། དེ་ཡང་གྲང་སྨུག་སེལ་བའི་བྱེད་ཐབས་གཙོ་བོ་ནི་སྐམ་འཁྱགས་དང་ཏེན་དངུལ་རྫས་དང་། ག་ཝོན་སོགས་འགྱུར་འདེད་སྐུལ་རྫས་ཀྱི་རིགས་སྨུག་རིམ་དུ་གཏོར་ནས་སྨུག་པ་འཁྱགས་ཟིལ་དུ་འགྱུར་བར་བྱས་ནས་འཁྱགས་ཟིལ་གྱི་ཚད་མཐོ་རུ་ཕྱིན་པ་དང་བསྟུན་གྲང་སྨུག་གི་རིམ་ཚད་དམའ་རུ་སོང་བ་རེད།

གཉིས། དྲོད་སྨུག་སེལ་བ།

དེ་ནི་ཐད་ཀར་འབར་སྣུམ་སོགས་འབར་རྫས་འབོར་ཆེན་བཏང་ནས་མཁའ་རླུང་ལ་ཚ་སྣོན་བྱས་ཏེ་སྨུག་པ་རླངས་འགྱུར་བྱས་པ་དང་བསྟུན་ནས་མེད་པར་གྱུར་བ་རེད།   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།