ཆེད་དོན་དང་སྣ་འཛོམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེད་དོན་དང་སྣ་འཛོམས།
ཆེད་དོན་རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིག་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་དང་། སྣ་འཛོམས་རྟོག་དཔྱོད་ནི་ཚོགས་པའམ་གཞིས་ཁུལ་གང་ཞིག་ལ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
专题与综合
1 ངོ་སྤྲོད།

ཆེད་དོན་རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིག་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་སྟེ། སྔོན་མ་དག་བསྐྱོད་མ་མྱོང་བའི་ས་གནས་མང་པོར་དངོས་སུ་ཞུགས་ནས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་རང་ཉིད་ལ་གཏོགས་པའི་རྒྱུ་ཆ་དང་པོ་མང་དུ་བསགས་ཏེ་སྔ་མའི་སྟོང་ཆ་བསྐང་དགོས་པར་མ་ཟད། རྟོག་ཞིབ་པ་དེར་གསར་གཏོད་དང་རྒྱ་བསྐྱེད་པའི་སྙིང་སྟོབས་དང་ཤེས་རབ་ལྡན་དགོས་ཏེ། སྔོན་མས་མ་རྙེད་པའམ་ཡང་ན་ནམ་ཡང་འགྱུར་ལྡོག་ཁྲོད་གནས་པའི་བརྗོད་གཞི་དེ་དག་འཚོལ་སྙེག་བྱ་དགོས། ཡང་མིའི་རིགས་རིག་པའི་བརྟག་གཞི་གཙོ་བོ་སྟེ་མི་རིགས་དང་རིག་གནས་ཞེས་པའི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེ་སྟེ། མིའི་རིགས་རིག་པ་ཁོ་ན་ཙམ་གྱིས་བརྗོད་གཞི་དེ་མཐའ་དག་ལ་ཁ་ལོ་བསྒྱུར་ཁག་པོ་ཡིན། མིའི་རིགས་རིག་པ་སྨྲ་མཁན་ཞིག་ལ་མཚོན་ནའང་། རིག་གཞུང་མཐའ་དག་གི་ཤེས་བྱ་དང་ལག་རྩལ་ཡོད་ཚད་བྱང་ཆུབ་པ་ཞིག་མིན་པས། རང་ཁོ་ནའི་རིག་ཚན་ལས་བརྒལ་ཏེ་རིག་གཞུང་གཞན་དག་དང་མཉམ་འབྲེལ་སྒོས་ཕྱོགས་བསྡུས་དང་སྣ་འཛོམས་ཀྱི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱ་དགོས། དེང་དུས་ས་ཁུལ་རང་བཞིན་གྱི་རྟོག་དཔྱོད་ཁྲོད་དུ་སྣ་འཛོམས་རྟོག་ཞིབ་ཀྱི་ཐབས་འདི་རྒྱ་ཆེར་སྤྱོད་དེ། རྒྱུན་དུ་རིག་གནས་མིའི་རིགས་རིག་པ་དང་སྐད་བརྡ་རིག་པ། གནའ་དཔྱད་རིག་པ། ཆོས་ལུགས་རིག་པ། དཔལ་འབྱོར་རིག་པ། མི་གྲངས་རིག་པ། ས་ཁམས་རིག་པ།  གཟུགས་གཞི་མིའི་རིགས་རིག་པ་སོགས་རིག་ཚན་སྣ་ཚོགས་ཤིག་བེད་སྤྱད་དེ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་བྱེད་པ་ཡིན།

མདོར་ན། སྣ་འཛོམས་རྟོག་དཔྱོད་ནི་ཚོགས་པའམ་གཞིས་ཁུལ་གང་ཞིག་ལ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་སྟེ། དེའི་རྟོག་ཞིབ་བྱ་ཡུལ་ལ་ཚོགས་པའམ་གཞིས་ཁུལ་གང་དེའི་ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས། ཆོས་ལུགས། ཡུལ་སྲོལ་ལ་སོགས་འདུས་ཤིང་། མཐར་ཐུག་གི་དམིགས་ཡུལ་ནི་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཤིག་འབྲི་བའི་ཆེད་དུ་ཡིན། ཆེད་དོན་རྟོག་ཞིབ་ནི་ཚོགས་པའམ་གཞིས་ཁུལ་ག་གེ་མོ་ཞིག་ལ་ཆེད་དུ་གནང་བའི་རྟོག་དཔྱོད་ཞིབ་འཇུག་སྟེ། དེའི་དམིགས་ཡུལ་ནི་གཞུང་ལུགས་གང་ཞིག་ར་སྤྲོད་བྱེད་པའམ་ཡང་ན་གནད་དོན་བྱེ་བྲག་པ་ཞིག་རྟོགས་པའི་ཆེད་དུ་ཡིན། ཡིན་ནའང་རིག་གནས་ཞེས་པ་ནི་མ་གཞི་ནས་སྤྱི་ཁོག་ཧྲིལ་བོ་ཞིག་ཡིན་ལ། དེའི་གྲུབ་ཆ་སོ་སོའི་ཕན་ཚུན་བར་ལ་འབྲེལ་བ་དམ་ཞིང་ཚད་བཀག་ཐེབས་བཞིན་ཡོ་དཔས་ན། ཆེ་དོན་གང་ཞིག་ལ་རྟོག་ཞིབ་བྱས་ནའང་རིག་གནས་ཀྱི་གྲུབ་ཆ་སོ་སོ་ལྷན་དུ་སྦྲེལ་ནས་དབྱེ་ཞིབ་བྱ་དགོས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-24

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།