ལུས་རྩལ་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུས་རྩལ་སྤྱི་ཚོགས་རིག་པ།
ལུས་རྩལ་སྤྱི་ཚོགས་རིག་པ་ནི་ལུས་རྩལ་ལྟ་བུའི་རིག་གནས་སྣང་ཚུལ་དེ་འགྱུར་ལྡོག་བྱུང་མུས་སུ་ཡོད་པ་ཞིག་ཡིན་པ་དང་། སྤྱི་ཚོགས་རིག་པའི་ཟུར་ནས་ཞིབ་འཇུག་བྱེད་པ་དང་། ལུས་རྩལ་དང་སྤྱི་ཚོགས་སྣང་ཚུལ་གཞན་བར་གྱི་ཕན་ཚན་འབྲེལ་བ་ལ་ཞིབ་འཇུག་བྱེད་པ་སྟེ། ལུས་རྩལ་དང་མིའི་སྤྱི་ཚོགས་ཀྱི་བྱ་སྤྱོད་དང་། སྤྱི་ཚོགས་འདུ་ཤེས་ཀྱི་འབྲེལ་བ། ལུས་རྩལ་འགུལ་སྐྱོད་ཀྱི་སྒྲིག་གཞི། བྱེད་ནུས་དང་འཕེལ་རྒྱས་སྒུལ་ཤུགས་དང་ཚོད་འཛིན་རྒྱུ་རྐྱེན། ལུས་རྩལ་དང་སྤྱི་ཚོགས་ཀྱི་ལུགས་མཐུན་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体育社会学
འདོན་སྤེལ་མཁན།
དབྱིན་ཇིའི་ཤེས་ལྡན་པH.ཟི་པེན་ཟེ།
ངོ་སྤྲོད་མདོར་བསྡུས།
ལུས་རྩལ་འགུལ་སྤྱོད་ཀྱི་སྤྱི་ཚོགས་བྱེད་ནུས་འཕེལ་རྒྱས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ།
མིང་གཞན།
ལུས་རྩལ་འགུལ་སྤྱོད་ཀྱི་སྤྱི་ཚོགས་རིག་པ།
1 ངོ་སྤྲོད།

ལུས་རྩལ་སྤྱི་ཚོགས་རིག་པ་ནི་ལུས་རྩལ་རིག་པ་དང་སྤྱི་ཚོགས་རིག་པ་གཉིས་ཀྱི་སྣ་འཛོམས་རང་བཞིན་གྱི་བསླབ་ཚན་ཞིག་ཡིན། དེ་ནི་སྤྱི་ཚོགས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན་ལ། ལུས་རྩལ་རིག་པའི་ཡན་ལག་བསླབ་ཚན་ཡང་ཡིན། ལུས་རྩལ་སྤྱི་ཚོགས་རིག་པའི་སྤྱི་ཚོགས་རིག་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་དངོས་ཡོད་བདེན་དབང་གི་ཞིབ་འཇུག་ཐབས་ལམ་སྤྱད་དེ། ལུས་རྩལ་སྣང་ཚུལ་འགྲེལ་བཤད་བྱེད་པ་དང་། སྤྱི་ཚོགས་རིག་པའི་ཁྲོད་ཀྱི་རྒྱུན་སྤྱོད་སྤྱི་ཚོགས་རིག་པ་ཡིན། དུས་མཚུངས་སུ་དེ་ནི་སྤྱི་ཚོགས་ངོ་བོ་ཐད་ནས་ལུས་རྩལ་གྱི་ཁྱད་ཆོས་དང་བྱེད་ནུས། ཐབས་ལམ་ཁོང་དུ་ཆུད་དགོས་པ་ནི་ལུས་རྩལ་ཁྱབ་ཁོངས་ཀྱི་བསླབ་ཚན་གྱི་རྨང་གཞི་ཡིན། ལུས་རྩལ་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པ་དང་ལུས་རྩལ་རིག་པའི་རིམ་བརྩེགས་མ་ཡིན་པར། དེ་ལ་རང་སྒེར་གྱི་བསླབ་ཚན་མ་ལག་དང་ཞིབ་འཇུག་མཐོང་ཟུར་ཡོད་པ་རེད། དེ་ལ་ལྷག་ཏུ་ཞིབ་ཕྲའི་དམིགས་སའི་རང་བཞིན་དང་རྒྱ་ཆེ་བའི་རྒྱུན་སྤྱོད་རང་བཞིན་ལྡན་པ་རེད།

2 ཞིབ་འཇུག་ཁ་ཕྱོགས།

དེང་སྐབས་ཨ་རིའི་ལུས་རྩལ་སློབ་གྲྭ་དང་སྡེ་ཁག་མང་ཆེ་ཤོས་ཀྱིས་ལུས་རྩལ་སྤྱི་ཚོགས་རིག་པའི་སློབ་ཚན་བཙུགས་ཡོད། སློང་གླིང་རེ་ན་འབུམ་རམས་པའི་བསླབ་གནས་གནང་ཆོག་པ་རེད། སློབ་ཁྲིད་ལེགས་སྤེལ་གྱི་ནུས་སྟོབས་ཆེ་བར་འདོན་པ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ལུས་རྩལ་སྤྱི་ཚོགས་རིག་པའི་འཕེལ་རྒྱས་ལ་སྐུལ་མ་བྱེད་པ་ནི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་ཐུན་མོང་གི་ཁྱད་ཆོས་རེད། ཨི་རི་སིའི་ལུས་རྩལ་སྤྱི་ཚོགས་རིག་པ་གཙོ་བོ་ཞིབ་འཇུག་བྱས་པ་ཡིན་ཏེ། ལུས་རྩལ་བྱ་འགུལ་གྱི་སྤྱི་ཚོགས་ངོ་བོ། ལུས་རྩལ་བྱ་འགུལ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གོ་གནས་དང་བྱེད་ནུས། ལུས་རྩལ་བྱ་འགུལ་གྱི་བྱུང་བ་དང་འཕེལ་རྒྱས་ཆོས་ཉིད་རང་བཞིན་ནི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དང་སྤྱི་ཚོགས་ལམ་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཡིན།

3 ཞིབ་འཇུག་ནང་དོན།

①ལུས་རྩལ་བྱ་འགུལ་གྱི་སྤྱི་ཚོགས་རིག་པའི་གཞུང་ལུགས།

②ལུས་རྩལ་བྱ་འགུལ་དང་སྤྱི་ཚོགས་ཀྱི་འབྲེལ་བ།

③མང་ཚོགས་སྤྱི་ཚོགས་རིག་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།