སྤྱི་ཚོགས་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་ལམ་ལུགས།
སྤྱི་ཚོགས་ལམ་ལུགས་ནི་མིའི་རིགས་ཀྱི་གཞི་རྩའི་སྤྱི་ཚོགས་དགོས་མཁོ་སྐོང་བའི་ཆེད། སྤྱི་ཚོགས་སོ་སོའི་ཁྲོད་ཡོངས་ཁྱབ་རང་བཞིན་ལྡན་པ་དང་། ལོ་རྒྱུས་དུས་སྐབས་ཤིག་གི་ནང་གཏན་འཇགས་རང་བཞིན་ལྡན་པའི་སྤྱི་ཚོགས་ཚད་ལྡན་མ་ལག་ཅིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་བྱེད་སྒོའི་ཚད་ལྡན་མ་ལག་སྟེ། དེ་ནི་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚད་ལྡན་མ་ལག་གིས་གྲུབ་པ་དང་། ལྟོས་བཅས་ཀྱིས་ཡུན་རིང་གནས་པའི་སྤྱི་ཚོགས་འབྲེལ་བའི་རྣམ་པ་གཏན་འཁེལ་ཅན་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会制度
ཕྱི་ཡིག་གི་མིང་།
social institution
རིམ་གྲས་དང་པོ།
སྤྱི་ཚོགས་ལམ་ལུགས་ཀྱི་སྤྱི་ཁོག
རིམ་གྲས་གཉིས་པ།
སྤྱི་ཚོགས་གཅིག་གི་ཁྱབ་ཁོངས་མི་འདྲ་བའི་ལམ་ལུགས།
རིམ་གྲས་གསུམ་པ།
བྱེ་བྲག་གི་བྱ་སྤྱོད་དཔེ་མཚོན་དང་ལས་སྒྲུབ་གོ་རིམ།
དམིགས་ཡུལ།
མིའི་རིགས་ཀྱི་གཞི་རྩའི་དགོས་མཁོ་སྐོང་བ།
1 མཚན་ཉིད།

གཅིག  སྤྱིའི་སྤྱི་ཚོགས་ལམ་ལུགས་སམ་སྤྱི་ཚོགས་རྣམ་པ་སྟེ། དཔེར་ན། མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལྟ་བུ།

གཉིས། སྤྱི་ཚོགས་ཤིག་གི་རིགས་མི་འདྲ་བའི་ཁྱབ་ཁོངས་ཀྱི་ལམ་ལུགས་ཏེ། དཔེར་ན། དཔལ་འབྱོར་ལམ་ལུགས་དང་སློབ་གསོ་ལམ་ལུགས་སོགས།

གསུམ། བྱེ་བྲག་གི་བྱ་སྤྱོད་དཔེ་མཚོན་དང་ལས་སྒྲུབ་གོ་རིམ། དཔེར་ན། ལས་ཞུགས་ཞིབ་བཤེར་གྱི་ལམ་ལུགས་དང་བཤེར་མཆན་ལམ་ལུགས་སོགས།

2 ལོ་རྒྱུས།

ཚའོ་ཁྲུང་ཝིན(曹冲·文)གྱིས་བཏོན་པ་ལྟར་ན། སྤྱི་ཚོགས་ལམ་ལུགས་ནི་བྱ་སྤྱོད་ཚད་ལྡན་གྱི་རྣམ་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ། སྤྱི་ཚོགས་སྒྲིག་གཞི་གྲུབ་བྱེད་ཀྱི་གཞི་རྩ་བཅས་ཡིན། འདུ་ཤེས་དང་བྱེ་བྲག་གི་བྱ་སྤྱོད་ཀྱི་ཚད་ལྡན་ལ་བརྟེན་ནས་བཙུགས་པར་མ་ཟད། སྤྱི་ཚོགས་སྟེང་ཁྲིམས་མཐུན་རང་བཞིན་དང་གོ་གནས་གལ་ཆེན་ལྡན་པ་རེད།

3 དབྱེ་བ།

གྲུབ་པའི་གོ་རིམ་ལྟར་དབྱེ་བ་སྟེ།

ནུས་པ་བཏོན་པའི་རྣམ་པ་ལྟར་ན། དབང་བསྒྱུར་རང་བཞིན་གྱི་ལམ་ལུགས་དང་བཀོད་སྤྱོད་རང་བཞིན་གྱི་ལམ་ལུགས་གཉིས་སུ་དབྱེ། རང་གཤིས་གྲུབ་པ་ལས་བྱུང་བའི་ཤན་ཤུགས་ལྟར་ན། གདོད་མའི་ལམ་ལུགས་དང་རྗེས་གྲུབ་ལམ་ལུགས་གཉིས་སུ་དབྱེ། སྤྱི་ཚོགས་བྱེད་ནུས་མ་ལག་ལྟར་ན། འབྲེལ་བ་རང་བཞིན་གྱི་ལམ་ལུགས་དང་། སྙོམས་སྒྲིག་རང་བཞིན་གྱི་ལམ་ལུགས། རིག་གནས་རང་བཞིན་གྱི་ལམ་ལུགས། འབྲེལ་བ་སྙོམས་སྒྲིག་རང་བཞིན་གྱི་ལམ་ལུགས་སོགས་སུ་དབྱེ།

4 བྱེད་ནུས།

རིམ་གྲས་མི་འདྲ་བའི་སྤྱི་ཚོགས་ལམ་ལུགས་ལས་བྱུང་བའི་བྱེད་ནུས་ཡང་མི་འདྲ་ཞིང་། དེའི་ཤན་ཤུགས་དང་ཚོད་འཛིན་གྱི་ཁྱབ་ཁོངས་ཡང་མི་འདྲ། སྤྱི་ཚོགས་དེའི་རྣམ་པའི་ངོ་བོ་ སྤྱིའི་སྤྱི་ཚོགས་ལམ་ལུགས་ལ་རག་ལས་ཤིང་། དེ་ནི་རིགས་སོ་སོའི་ལམ་ལུགས་ཀྱི་གཞི་འཛིན་ས་ཡིན།

སྤྱིར་བཏང་དུ་བཤད་ན། སྤྱི་ཚོགས་ལམ་ལུགས་ལ་གཤམ་གསལ་གྱི་བྱེད་ནུས་ལྡན་པ་སྟེ།

བྱ་སྤྱོད་སྣེ་ཁྲིད་ཀྱི་བྱེད་ནུས།

སྤྱི་ཚོགས་གཅིག་བསྡུས་ཀྱི་བྱེད་ནུས།

རིག་གནས་བརྒྱུད་སྒྲོག་དང་གསར་གཏོད་ཀྱི་བྱེད་ནུས།

5 ཁྱད་ཆོས།

ཁྱད་ཆོས་གཙོ་བོ་ནི་ཡོངས་ཁྱབ་རང་བཞིན་དང་། ལྟོས་བཅས་ཀྱི་གཏན་འཇགས་རང་བཞིན། འདྲེས་སྦྱོར་རང་བཞིན་བཅས་ལྡན་ནོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།