རྩ་འཛུགས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་འཛུགས་སྤྱི་ཚོགས་རིག་པ།
རྩ་འཛུགས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རྩ་འཛུགས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། སྤྱི་ཚོགས་རྩ་འཛུགས་ནི་ཕན་ཚུན་ལ་ཤན་ཤུགས་ཐེབས་པའི་མི་སྒེར་རམ་ཚོགས་སྤྱི་ཆུང་ངུས་གྲུབ་པ་ཞིག་སྟེ། དེ་ལ་དམིགས་བསལ་གྱི་དམིགས་ཚད་ཡོད་པའི་མཉམ་ལས་མ་ལག་ཞིག་ལ་ཟེར། སྤྱི་ཚོགས་རྩ་འཛུགས་ཀྱི་རགས་དབྱིབས་གནའ་རབས་སྤྱི་ཚོགས་སུ་བྱུང་བ་ཡིན། དེ་ཡོངས་སུ་མངོན་པའི་བཟོ་ལས་ཅན་དང་སྤྱི་ཚོགས་དེང་རབས་ཅན་ཏུ་བསྟུན་པ་རེད། དུས་རབས་བཅོ་བརྒྱད་ལ་དབྱིན་ཇི་ནས་བཟོ་ལས་གསར་བརྗེ་བྱུང་བ་ནས་བཟུང་། དེ་ལ་དམིགས་བསལ་གྱི་དམིགས་ཡུལ་དང་ནུས་པའི་སྤྱི་ཚོགས་རྩ་འཛུགས་ཡུན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཟུར་སོ་སོ་དང་སྦྲེལ་བ་རེད། སྤྱི་ཚོགས་འཚོ་བའི་རྩ་བའི་སྡེ་ཚན་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
组织社会学
ཕྱི་ཡིག་གི་མིང་།
sociology of organization
ཆེད་བཙུགས་དམིག་འབེན།
ཕན་ཚུན་ནུས་ཐོན་གྱི་མི་སྒེར།
ཞིབ་འཇུག་བྱ་ཡུལ།
སྤྱི་ཚོགས་རྩ་འཛུགས།
བརྟེན་འབྱུང་།
བཟོ་ལས་རང་བཞིན་དང་སྤྱི་ཚོགས་དེང་རབས་རང་བཞིན།
1 མཚན་ཉིད།

sociology of organizationསྤྱི་ཚོགས་རྩ་འཛུགས་ཀྱི་འཛུགས་བསྐྲུན་དང་འཁོར་སྐྱོད། འཕོ་འགྱུར་དང་འཕེལ་རྒྱས།  ད་དུང་དེའི་ཆོས་ཉིད་བཅས་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་བསླབ་ཚན་ཞིག་ཡིན།

2 ཞིབ་འཇུག་ནང་དོན།

རྩ་འཛུགས་སྤྱི་ཚོགས་རིག་པའི་ཞིབ་འཇུག་ནང་དོན་གཙོ་བོ་རྩ་འཛུགས་དམིགས་ཡུལ་ཡིན། དེ་ནི་རྩ་འཛུགས་དམིགས་ཡུལ་གྱི་གྲུབ་ཆ་དང་རིགས་དབྱེ། རྩ་འཛུགས་དམིགས་ཡུལ་གཏན་ཁེལ་བྱེད་པ། རྩ་འཛུགས་དམིགས་ཡུལ་དང་ཚོགས་མིའི་རིན་ཐང་ལྟ་ཚུལ་བར་གྱི་འབྲེལ་བ། རྩ་འཛུགས་དམིགས་ཡུལ་གྱི་བརྗེ་ཚབ་དང་རྒྱུན་མཐུད་སོགས་ཡིན། རྩ་འཛུགས་ཀྱི་སྒྲིག་གཞི། དེ་ལ་རྩ་འཛུགས་སྒྲིག་གཞིའི་རིགས་དབྱེ་དང་། རྩ་འཛུགས་སྒྲིག་གཞི་དངོས་དང་སྒྲིག་གཞི་དངོས་མ་ཡིན་པའི་སོ་སོའི་ནུས་པ་དང་ཕན་ཚུན་བར་གྱི་འབྲེལ་བ། རྩ་འཛུགས་བརྒྱུད་རིམ། དེ་ལ་རྩ་འཛུགས་ཀྱི་ཇུས་ཐག་གཅོད་པའི་བརྒྱུད་རིམ་དང་། དོ་དམ་བརྒྱུད་རིམ། འབྲེལ་ལམ་འཛུགས་པའི་བརྒྱུད་རིམ་སོགས་འདུ། རྩ་འཛུགས་གདོང་གཏུག དེ་ལ་རྩ་འཛུགས་གདོང་གཏུག་གི་རྒྱུ་རྐྱེན་དང་རིགས་དབྱེ། གདོང་གཏུག་ཐག་གཅོད་སོགས་འདུ་བ་ཡིན། རྩ་འཛུགས་དང་བཀོལ་སྤྱོད་བྱེད་པའི་ལག་རྩལ་དང་ཁོར་ཡུག་རྒྱུ་རྐྱེན་གྱི་འབྲེལ་བ་འདུ་བའང་ཡིན། རྩ་འཛུགས་འགྱུར་ལྡོག་དང་རྩ་འཛུགས་འཕེལ་རྒྱས། དེ་ལ་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་རྒྱུ་རྐྱེན། འཕེལ་རྒྱས་ཀྱི་ལག་རྩལ་དང་བརྒྱུད་རིམ་སོགས་འདུ།

རྩ་འཛུགས་སྤྱི་ཚོགས་རིག་པའི་ཞིབ་འཇུག་དོན་སྙིང་སྟེ། དེ་ནི་དེང་རབས་སྤྱི་ཚོགས་ཀྱི་རྨང་གཞིའི་སྡེ་ཚན་སྒྲིག་གཞི་ཡིན། མི་རྣམས་ཀྱིས་ཐོན་ཁུངས་སོ་སོ་གཅིག་བསྡུས་བྱས་ནས་བེད་སྤྱད་དེ། ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་ནས་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བ། རྩ་འཛུགས་སྤྱི་ཚོགས་རིག་པའི་ཞིབ་འཇུག་སྤེལ་བ། རྩ་འཛུགས་བྱེད་སྒོའི་ཕན་འབྲས་མཐོ་རུ་གཏོང་བར་ཕན། རྩ་འཛུགས་ཁྲོད་ཡང་དག་པའི་གོ་བ་ལེན་པ་དང་མི་དང་མིའི་བར་གྱི་འབྲེལ་བ་ཐག་གཅོད་དགོས། མིའི་ནུས་པ་ཡག་པོ་ཞིག་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་དེང་རབས་ཅན་ལ་སྐུལ་འདེད་བྱེད་དགོས་པ་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།