སྤྱི་ཚོགས་རིག་པའི་ཐབས་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིག་པའི་ཐབས་ལམ།
སྤྱི་ཚོགས་རིག་པའི་ཐབས་ལམ་ནི་སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་བརྟག་ཐབས་སྨྲ་བ་དང་ཞིབ་འཇུག་རྣམ་པ། བྱེ་བྲག་གི་ཐབས་ལམ་དང་ལག་རྩལ་གྱི་སྤྱི་མིང་ལ་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会学方法
མཚན་ཉིད།
སྤྱི་ཚོགས་རིག་པའི་ཞིབ་འཇུག་གི་ཐབས་ལམ་སྨྲ་བ།
ཁོངས་གཏོགས།
སྤྱིར་བཏང་ཚན་རིག་ཐབས་ལམ།
བྱེད་ནུས།
རིག་ཚན་ཞིབ་འཇུག་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྨང་གཞིའི་རྩ་དོན།
1 གཞུང་དངོས།

སྤྱི་ཚོགས་རིག་པའི་ཐབས་ལམ་སྨྲ་བ་ནི་སྤྱི་ཚོགས་རིག་པའི་ཐབས་ལམ་མ་ལག་ནང་གི་རིམ་པ་མཐོ་ཤོས་ཡིན། དེ་ནི་སྤྱིར་བཏང་གི་ཚན་རིག་ཐབས་ལམ་ལ་འདུ་བ་དང་། རིག་ཚན་ཞིབ་འཇུག་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྨང་གཞིའི་ཚད་གཞི་གཏན་ཁེལ་བྱས་ཡོད། ཞིབ་འཇུག་ཐབས་ལམ་དང་ཞིབ་ཕྲའི་ཐབས་ལམ་གྱི་གཞུང་ལུགས་དང་གཏན་ཚིགས་ཀྱི་རྨང་གཞི་ཡིན། ཞིབ་འཇུག་ཐབས་ལམ་ནི་ཐབས་ལམ་མ་ལག་གི་རིམ་པ་བར་སྐེད་དུ་ཡོད། ཞིབ་ཕྲའི་ཐབས་ལམ་དང་ལག་རྩལ་ནི་རིམ་པ་དམའ་སར་ཡོད་པ་ཡིན། ཞིབ་འཇུག་བྱེད་པའི་དུས་རིམ་སོ་སོའི་ནང་དམིགས་ཚད་ཅིག་ལ་ཐོན་པར་སྤྱད་པའི་ཐབས་ལམ་ཞིག་ཡིན། ཞིབ་ཕྲའི་ཐབས་ལམ་འདེམས་པ་ལ་ངེས་པར་དུ་ཚད་ལྡན་གྱི་ཞིབ་འཇུག་ཐབས་ལམ་དང་འཚམས་དགོས།

སྤྱི་ཚོགས་རིག་པའི་ཇི་ལྟར་ཞིབ་འཇུག་བྱེད་བཞིན་པའི་རྨང་གཞིའི་གཞུང་ལུགས་ནི་ཐབས་ལམ་སྨྲ་བ་ཡིན། དེ་ལ་ཞིབ་འཇུག་གི་ལངས་ཕྱོགས། ཕྱོགས་ཡུལ། མཐོང་ཟུར་དང་རྨང་གཞིའི་ལྟ་ཚུལ་སོགས་འདུ་བ་མ་ཟད། ཤེས་རྟོགས་དང་དབྱེ་ཞིབ་བྱེད་པའི་དམིགས་ཡུལ་ལ་བརྩི་སྲུང་གི་རྨང་གཞིའི་རྩ་དོན་དང་གཏན་ཚིགས་ཀྱི་གོ་རིམ་ཞིག་ཡིན་དགོས།

སྤྱི་ཚོགས་རིག་པའི་ཐབས་ལམ་སྨྲ་བ་ཡིས་དཔྱད་བསྡུར་བྱེད་བཞིན་པའི་གནད་དོན་ནི①སྤྱི་ཚོགས་དང་མིའི་རིགས་ཀྱི་བྱ་སྤྱོད་ཤེས་རྟོགས་གནད་དོན། དཔེར་ན། བདེན་དངོས་དང་དངོས་ཡོད་ཤེས་རྟོགས་ཡོད་མིན་དང་། སྤྱི་ཚོགས་རིག་པའི་ཞིབ་འཇུག་གིས་དངོས་ཡོད་བདེན་དོན་རྙེད་ཐུབ་བམ། ཐབས་ལམ་གང་སྤྱོད་དང་ཁུངས་གང་ལ་གཏད་ན་ད་གཟོད་བདེན་དོན་རྙེད་ཐུབ་བམ། བདེན་དོན་དབྱེ་འབྱེད་ཀྱི་ཚད་གཞི་གང་ཡིན་ནམ། ②སྤྱི་ཚོགས་སྣང་ཚུལ་གྱི་ངོ་བོའི་གནད་དོན། དཔེར་ན། སྤྱི་ཚོགས་སྣང་ཚུལ་དང་རང་བྱུང་སྣང་ཚུལ་གཉིས་ཀྱི་ངོ་བོ་ཐད་ཁྱད་པར་ཡོད་མིན། དངོས་ཡོད་ཀྱི་སྤྱི་ཚོགས་ཆོས་ཉིད་ཡོད་མིན། སྤྱི་ཚོགས་རིག་པའི་ཞིབ་འཇུག་བྱེད་པའི་དམིགས་ཡུལ་གྱི་ཁྱད་ཆོས་གང་ཡིན་པ། ③སྤྱི་ཚོགས་ཞིབ་འཇུག་གི་ངོ་བོའི་གནད་དོན། སྤྱི་ཚོགས་ཞིབ་འཇུག་ནི་ཡོངས་ཁྱབ་ཀྱི་རྒྱུ་འབྲས་ཆོས་ཉིད་རྙེད་ཐུབ་མིན་དང་། ཡང་ན་ལོ་རྒྱུས་དོན་རྐྱེན་གྱི་དམིགས་བསལ་རང་བཞིན་ལ་གསལ་བཤད་དང་འགྲེལ་རྒྱག་པ། ཇི་ལྟར་སྤྱི་ཚོགས་རིག་པའི་གཞུང་ལུགས་འཛུགས་པ་དང་། ཡང་ན་ཇི་ལྟར་ཉམས་མྱོང་དོན་དངོས་ལས་ཤེས་ཡོན་མང་པོ་ཞིག་ཕྱོགས་བསྡུས་བྱས་ཏེ་གཏན་ཚིགས་རང་བཞིན་གྱི་ཤེས་ཡོན་མ་ལག་ལ་བསྡུ་རྒྱུ་ཡིན། སྤྱི་ཚོགས་རིག་པའི་གཞུང་ལུགས་ལ་གྲལ་རིམ་རང་བཞིན་ལྡན་མིན་དང་། ཞིབ་འཇུག་བྱེད་མཁན་རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་གྱིས་ཞིབ་འཇུག་མཇུག་འབྲས་ཀྱི་དངོས་ཡོད་རང་བཞིན་ལ་ཤན་ཤུགས་ཐེབས་མིན། ④ཞིབ་འཇུག་ཐབས་ལམ་གྱི་གནད་དོན། དཔེར་ན། བདེན་དོན་རྙེད་པ་དང་ཞིབ་དཔྱད་ཀྱི་གཏན་ཚིགས་ཐབས་ལམ་གང་ཡིན་པ། སྤྱི་ཚོགས་རིག་པའི་ཞིབ་འཇུག་སྐབས་ཐབས་ལམ་གང་དག་སྤྱོད་དགོས། ཞིབ་འཇུག་ཐབས་ལམ་སོ་སོར་ཐུན་མོང་གི་ཁྱད་ཆོས་གང་དག་ལྡན། ཁྱད་ཆོས་དེ་དག་རང་བྱུང་ཚན་རིག་ཐབས་ལམ་དང་འདྲ་སའམ་མི་འདྲ་ས་གང་དག་ཡོད། ཇི་ལྟར་རྒྱུ་ཆ་འཚོལ་བསྡུ་དང་དབྱེ་ཞིབ་བྱེད་དགོས། ཞིབ་འཇུག་མཇུག་འབྲས་ཀྱི་དངོས་ཡོད་རང་བཞིན་དང་ཚན་རིག་རང་བཞིན་ལྡན་པར་ཇི་ལྟར་བདེན་དཔང་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།