བསྡུར་ཐབས་སྤྱི་ཚོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྡུར་ཐབས་སྤྱི་ཚོགས་རིག་པ log comparative sociology (བྱེད་ལས་སྤྱི་ཚོགས་རིག་པ་ཡང་ཟེར། གསར་འཛུགས་གནང་མཁན་ནི་ཧྥ་རིན་སིའི་སྔ་རབས་སྤྱི་ཚོགས་རིག་པ་བ་ཏོར་ཁི་མུ Emile Durkheimཡིན )ནི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་གཉིས་ཡན་གྱི་སྤྱི་ཚོགས་རིག་པའི་དུས་ཚོད་ཀྱི་རྒྱུ་ཆ་ལ་བསྡུར་ནས་ཞིབ་འཇུག་བྱེད་པ། དེ་གཉིས་ཀྱི་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་ལ་དཔྱད་བསྡུར་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གི་ཆ་རྐྱེན་དང་ཆོས་ཉིད་ལ་འགྲེལ་བཤད་བྱེད་པའི་སྤྱི་ཚོགས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན། སྤྱི་ཚོགས་མིའི་རིགས་རིག་པ་དང་བྱེད་ལས་མིའི་རིགས་རིག་པ་ལས་དེ་ལའང་བསྡུར་ཐབས་སྤྱི་ཚོགས་རིག་པ་ཟེར། ཐོག་མར་བསྡུར་ཐབས་སྤྱི་ཚོགས་རིག་པའི་གོ་དོན་འདི་སྤེལ་བ་དང་ལག་བསྟར་བྱེད་མཁན་ནི་ཧྥ་རིན་སིའི་སྤྱི་ཚོགས་རིག་པ་ཁེར་ཏེ་མུ་ཡིན། འཇར་མན་སྤྱི་ཚོགས་རིག་པ་བ་ཝེ་པོ་ཡིས་ཞིབ་བསྡུར་ཐབས་ལམ་སྤྱད་དེ་སྤྱི་ཚོགས་རིག་པ་ཞིབ་འཇུག་བྱས་པ་རེད། ཁོའི་ཀྲུང་གོའི་ཆོས་ལུགས་དང་རྒྱ་གར་ཆོས་ལུགས། ཆོས་ལུགས་གསར་བ་རང་རང་གི་སྤྱི་ཚོགས་བྱེད་ལས་ལ་བསྡུར་བ་བྱས་ཏེ། ཆོས་ལུགས་གསར་བར་བརྟེན་ནས་མ་རྩ་རིང་ལུགས་བྱུང་བའི་བསྡོམས་ཚིག་བཀོད་པ་རེད། ཁོས་བསྡུར་བའི་ཞིབ་མཇུག་གྲུབ་འབྲས་ལས་གསལ་བོར་མངོན་པ་ནི། ཞིབ་བསྡུར་གྱི་བྱེད་ལས་དེ་ལས་མི་རྣམས་ཀྱིས་དམིགས་བསལ་སྤྱི་ཚོགས་ཀྱི་དབྱེ་ཞིབ་ལ་ཕན་པ་ཆེན་པོར་ལྡན་པ་རེད། ལྷག་པར་ཏུ་རྒྱུ་འབྲས་ཀྱི་འབྲེལ་བ་ཤེས་པར་ཕན་པ་ལྡན། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། བསྡུར་ཐབས་སྤྱི་ཚོགས་རིག་པ་ལ་ཡང་བསྐྱར་མཐོང་ཆེན་བྱས་པ་རེད། ཞིབ་འཇུག་གི་ཁྱབ་ཁོངས་ཆེ་ས་ནས་རིག་གནས་དང་ཆུང་ས་ན་ས་གཉེན་ཉེ་འབྲེལ་བ་དང་། ཞིབ་འཇུག་ནང་དོན་ཧ་ཅང་རྒྱ་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
比较社会学
ཕྱི་ཡིག་གི་མིང་།
log comparative sociology
མིང་གཞན།
བྱེད་ནུས་སྤྱི་ཚོགས་རིག་པ།
1 ཞིབ་འཇུག་ཕྱོགས་ཁག

བསྡུར་ཐབས་སྤྱི་ཚོགས་རིག་པ་ལ་ཕྱོགས་ཁག་གཉིས་ཡོད་དེ། ལོ་རྒྱུས་ཕྱོགས་ཁག་དང་ཉམས་མྱོང་ཕྱོགས་ཁག་སྟེ། ལོ་རྒྱུས་ཕྱོགས་ཁག་གིས་བསྡུར་ཐབས་སྤྱི་ཚོགས་རིག་པ་ནི་དུས་ཚོད་ཞིབ་འཇུག་དམིགས་ཡུལ་དུ་འཛིན་པའི་ལོ་རྒྱུས་རང་བཞིན་ལ་ཞིབ་འཇུག་བྱེད་པ་ཞིག་ཏུ་བརྩི་བཞིན་ཡོད། དམིགས་ཡུག་གཙོ་བོ་ནི་སྤྱི་ཚོགས་འགྱུར་ལྡོག་གི་དུས་ཚོད་གོ་རིམ་ལ་དཔྱད་བསྡུར་བྱེད་པ་དེ་ཡིན། ཕྱོགས་ཁག་འདི་ལས་སྤྱི་ཚོགས་ཀྱི་ཞིབ་འཇུག་ནི་ལོ་རྒྱུས་ཀྱི་ཞིབ་འཇུག་ཡིན་པ་དང་། རྒྱུ་མཚན་ནི་དངོས་ཡོད་སྤྱི་ཚོགས་མི་འགྱངས་པར་ལོ་རྒྱུས་སུ་འགྱུར་བ་དེ་རེད།

ཉམས་མྱོང་ཕྱོགས་ཁག་གི་འཕེལ་ཕྱོགས་ཀྱིས་བསྡུར་ཐབས་སྤྱི་ཚོགས་རིག་པ་ནི་གཉིས་སམ་གཉིས་ཡན་གྱི་མི་འདྲ་བའི་རིག་གནས་དང་སྤྱི་ཚོགས་ཞིབ་བསྡུར་བྱེད་པ་དེ་རེད། ཉམས་མྱོང་རྒྱུ་ཆ་འཚོལ་བསྡུ། བསྡོམས་རྩིས་དང་དབྱེ་ཞིབ་གཙོར་འཛིན་པ་ཡིན། ཞིབ་བསྡུར་ཞིབ་འཇུག་གི་གྲས་རིམ་བཞི་ནི།

(1)སྤྱི་ཚོགས་ནང་ཁུལ་གྱི་ལས་ཁུངས་ཀྱི་ཞིབ་བསྡུར། གཙོ་བོ་རིགས་སོ་སོའི་སྤྱི་ཚོགས་ལམ་ལུགས་དང་བྱེད་ལས་ཀྱི་ཞིབ་བསྡུར་དང་དེའི་འབྲེལ་ཡོད་ཀྱི་རྒྱུ་འབྲས་ཞིབ་བསྡུར།

(2)              སྤྱི་ཚོགས་ཞིབ་བསྡུར་ཞིབ་འཇུག

(3)  ལོ་རྒྱུས་ཞིབ་བསྡུར་ཞིབ་འཇུག གཙོ་བོ་སྤྱི་ཚོགས་གཅིག་ནང་གི་དུས་མི་འདྲ་བའི་སྐབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་ལོ་རྒྱུས་འཕེལ་རྒྱས་ལ་ཞིབ་འཇུག་བྱེད་པ།

(4)  རིམ་གྲས་མང་པོའི་ཞིབ་བསྡུར་གྱི་ཞིབ་འཇུག དེ་ལ་དུས་ཚོད་ཀྱི་སྟོང་དང་བར་སྟོང་གཉིས་ཀྱི་གྲངས་འགྱུར་གྱི་སྣ་འཛོམས་རང་བཞིན་བསྡུར་བ་ཡིན། བསྡུར་ཐབས་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཐོན་ལས་དང་ཆབ་སྲིད། རིམ་གྲས་དང་འཁོར་བསྐྱོད། གྲོང་ཁྱེར་སོགས་ཀྱི་སྤྱི་ཚོགས་རིག་པའི་ཁྱབ་ཁོངས་དང་སྦྲེལ་ཡོད།

2 བསྡུར་བའི་ཐབས།

ཞིབ་བསྡུར་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁ་ཕྱོགས་ལ་འཕྲེད་ཕྱོགས་བསྡུར་ཐབས་དང་གཞུང་ཕྱོགས་བསྡུར་ཐབས་གཉིས་ཡོད།

གཞུང་ཕྱོགས་བསྡུར་ཐབས་ནི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་སྤྱི་ཚོགས་གནས་ཚུལ་ཞིབ་བསྡུར་བྱེད་པ་ཡིན།

འཕྲེད་ཕྱོགས་བསྡུར་ཐབས་ནི་དུས་ཡུན་གཅིག་འདྲའི་ནང་གི་ཁ་གཏད་མི་འདྲ་བའི་བར་གྱི་བསྡུར་བའི་དབྱེ་ཞིབ་ལ་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།