སྤྱི་ཚོགས་མ་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་མ་ལག
མིའི་རིགས་ཀྱི་སྤྱི་ཚོགས་ནི་ཆེས་ཆེ་བའི་སྤྱི་ཚོགས་མ་ལག་ཡིན། སྤྱི་ཚོགས་མ་ལག་ཆེན་པོ་འདིའི་ནང་དུ་རྒྱལ་ཁབ་དང་ས་ཁུལ། གྲོང་ཁྱེར། ལས་ཁུངས། ཁྱིམ་ཚང་སོགས་རིགས་སོ་སོའི་རིམ་གྲས་ཀྱི་ཡན་ལག་མ་ལག་འདུ་ཞིང་། ཡན་ལག་མ་ལག་དེ་ཡང་སྤྱི་ཚོགས་མ་ལག་ཡིན། དེ་ཚོ་རིམ་གྲས་མི་འདྲ་བ་དང་རྣམ་པ་མི་འདྲ་བ། གྲུབ་ཚུལ་མི་འདྲ་བའི་ཁོངས་སུ་གཏོགས་ཀྱང་། དེ་ཚང་མ་ལ་བྱེད་ནུས་འདྲ་མཚུངས་ལྡན་ལ། སྤྱི་ཚོགས་མ་ལག་རེ་རེ་ལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་ཡོད།
1 རགས་བཤད།

སྤྱི་ཚོགས། སྤྱི་ཚོགས་ནི་མིའི་རིགས་ཕན་ཚུན་སྐྱེས་ལྡན་གྱི་འབྲེལ་བ་དང་། ཕན་ཚུན་ཁེ་ཕན་མཉམ་ལས་ལས་གྲུབ་པའི་ཚོགས་སྤྱི་ཞིག་ཡིན། བྱ་སྤྱོད་ཚད་གཞི་དང་དཔལ་འབྱོར་འབྲེལ་བ། སྤྱི་ཚོགས་ལམ་ལུགས་ངེས་ཅན་ཞིག་ལ་བརྟེན་ནས་གྲུབ་པའི་སྐྱེས་ལྡན་སྤྱི་ཁོག་ཅིག་ཡིན།

མ་ལག  མ་ལག་ནི་ཕན་ཚུན་འབྲེལ་བའི་རྒྱུ་རྐྱེན་གྱི་ཚོགས་སྤྱི་ཡིན། རྒྱུ་རྐྱེན་དང་རྒྱུ་རྐྱེན་བར་གྱི་འབྲེལ་བ་གྲུབ་ཚུལ་ནི་མ་ལག་གི་གྲུབ་ཚུལ་དང་། དེའི་བྱེད་ནུས་ནི་མ་ལག་གྲུབ་ཚུལ་ལ་རག་ལས་པ་ཡིན། བྱེད་ནུས་ནི་མ་ལག་གིས་ཁོར་ཡུག་ལ་ཐེབས་པའི་བྱེད་ནུས་དང་རང་ངོས་ནས་འཕེལ་འགྱུར་བྱུང་བའི་ནུས་པ་ཡིན། མ་ལག་གི་རང་ངོས་ཀྱི་འཕེལ་འགྱུར་ནི་བྱེད་ནུས་ལ་རག་ལས་པ་ཡིན།

མཚན་ཉིད། སྤྱི་ཚོགས་མ་ལག་ནི་སྤྱི་ཚོགས་ཀྱི་མིའི་བར་གྱི་དཔལ་འབྱོར་འབྲེལ་བ་དང་། ཆབ་སྲིད་འབྲེལ་བ། རིག་གནས་འབྲེལ་བ་བཅས་ཀྱིས་གྲུབ་པའི་མ་ལག་ཡིན། དཔེར་ན། ཁྱིམ་ཚང་ཞིག་གམ། གྲོང་ཁྱེར་ཞིག  རྒྱལ་ཁབ་ཅིག་ལ་སོགས་པ་སྤྱི་ཚོགས་མ་ལག་རེ་རེ་ཡིན་ལ། རིམ་གྲས་མི་འདྲ་བའི་སྤྱི་ཚོགས་མ་ལག་ཅིག་ཀྱང་ཡིན། ཁྱིམ་ཚང་དང་ལས་ཁུངས་ནི་གྲོང་ཁྱེར་གྱི་ཡན་ལག་མ་ལག་ཡིན། གྲོང་ཁྱེར་ནི་རྒྱལ་ཁབ་ཀྱི་ཡན་ལག་མ་ལག་ཡིན།

རྣམ་པ། ཐོན་སྐྱེད་ནུས་ཤུགས་ཚད་གཞིར་བཟུང་ནས་སྤྱི་ཚོགས་མ་ལག་གི་རྣམ་པ་ལ་ཕྱུགས་རིགས་འཚོ་སྐྱོང་གི་སྤྱི་ཚོགས་དང་ཞིང་ལས་སྤྱི་ཚོགས། བཟོ་ལས་སྤྱི་ཚོགས་བཅས་སུ་དགར་ཡོད། ཐོན་སྐྱེད་འབྲེལ་བ་ཚད་གཞིར་བཟུང་ནས་སྤྱི་ཚོགས་མ་ལག་གི་རྣམ་པ་ལ་གདོད་མའི་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅས་ཡོད། ཆབ་སྲིད་ལམ་ལུགས་ཚད་གཞིར་བཟུང་ནས་སྤྱི་ཚོགས་མ་ལག་གི་རྣམ་པ་དེ་སྒེར་གཅོད་སྤྱི་ཚོགས་དང་དམངས་གཙོ་སྤྱི་ཚོགས། སྤྱི་དམངས་སྤྱི་ཚོགས་བཅས་སུ་དགར་ཡོད།

2 ངོ་བོ།

སྤྱི་ཚོགས་མ་ལག་གི་རྒྱུ་གཙོ་བོ་ནི་མི་སྒེར་དང་ཚོགས་པ། རྩ་འཛུགས་བཅས་ཀྱིས་གྲུབ། འབྲེལ་བ་ནི་དཔལ་འབྱོར་འབྲེལ་བ་དང་། ཆབ་སྲིད་འབྲེལ་བ། རིག་གནས་འབྲེལ་བ་བཅས་ཡིན། སྤྱི་ཚོགས་མ་ལག་ནི་དམིགས་འབེན་མ་ལག་ཅིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་མ་ལག་དེ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པ་དེ་ཡིན། སྤྱི་ཚོགས་མ་ལག་དེ་དམིགས་འབེན་ཕྱོགས་སུ་བསྐྱོད་མིན་དང་འཕེལ་རྒྱས་མགྱོགས་ཚད་སོགས་སྤྱི་ཚོགས་མ་ལག་དེ་ཡི་འགོ་ཁྲིད་ཀྱི་བྱེད་ཕྱོགས་ཡང་དག་ཡིན་མིན་དང་། སྙོམས་སྒྲིག་ཚོད་འཛིན་གྱི་བྱེད་ནུས་ལ་རག་ལས་པ་ཡིན།

3 འགོ་ཁྲིད།

རིགས་མི་འདྲ་བའི་སྤྱི་ཚོགས་རྣམ་པའི་སྤྱི་ཚོགས་མ་ལག་གི་འགོ་ཁྲིད་སྲོག་ཤིང་ཡང་མི་འདྲ་ཞིང་། ཞིང་ལས་སྤྱི་ཚོགས་ནང་ཞིང་ལས་སྤྱི་ཚོགས་ཀྱི་གྲུབ་ཚུལ་ཅུང་ལྷོད་པའི་སྤྱི་ཚོགས་མ་ལག་ཡིན་སྟབས། ལྟོས་བཅས་ཀྱིས་སྟབས་བདེ་བའི་མ་ལག་ཅིག་ཡིན། བཟོ་ལས་སྤྱི་ཚོགས་ནང་གི་མ་ལག་ཆེན་པོའི་ཐབས་ཇུས་དང་ཚོད་འཛིན་ལ་ངེས་པར་དུ་ཐུན་མོང་གི་འགོ་ཁྲིད་ཡོད་དགོས་ཤིང་། དེར་མ་ཟད་དམངས་གཙོའི་ཐབས་ལམ་ཡིན་དགོས། དེ་ལྟར་བསྒྲུབ་ན་ད་གཟོད་མ་ལག་ཆེན་པོའི་ཐབས་ཇུས་དང་ཚོད་འཛིན་གྱི་ཁ་ཕྱོགས་ཡང་དག་ཡིན་པ་དང་། སྟོབས་དང་ལྡན་པ་དེ་ཁག་ཐེག་བྱེད་ཐུབ། ཐུན་མོང་འགོ་ཁྲིད་དེ་བཟོ་ལས་སྤྱི་ཚོགས་ཁྲོད་སྲིད་ཏང་གི་འགོ་ཁྲིད་རྣམ་པས་མཚོན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-25

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།