ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >ཚོང་རྟགས།

ཀྲུང་ཇ།

ཀྲུང་གོའི་ཇ་ཡིས་གོ་ལའི་མིའི་བདེ་འཇགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཀྲུང་གོའི་ཇ་ཡི་མེས་པོ་ནི་ཧྲེན་ནུང་ཡིན་ཞིང་། དེ་ནི་འཛམ་གླིང་གི་ཇ་ཡི་མེས་པོའང་ཡིན། ཀྲུང་གོའི་ཇ་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ལ། དེས་བདེ་ཐང་སྐྱེད་པ་དང་དགའ་སྤྲོ་སྟེར་བ། འཆམ་མཐུན་གྱི་ལུས་སེམས་སྐྱེད་པ། བདེ་ཐང་གི་འདུ་ཤེས་དང་ཇའི་རིག་གནས་ལ་འགུག་ནུས་ཀྱི་མཛེས་བ་མང་དུ་བསྐྲུན་ཡོད།

རིགས་དབྱེ།  

ཅུན་ཧྲན་ཇ།

ཅུན་ཧྲན་ཇ་ནི་ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་གྱི་ཅུན་ཧྲན་གླིང་ཕྲན་ནས་ཐོན་སྐྱེད་བྱས། དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཇ་ཡི་བཟོ་རྩལ་ཞིག་ཡིན་པ་དང་། སྐད་གྲགས་ཆེ་བའི་ཀྲུང་གོའི་ཇ་ཆེན་བཅུའི་གྲས་ཤིག་ཡིན།

རིགས་དབྱེ།  

ཇ་ལྗང་།

ཇ་ལྗང་ནི་ཀྲུང་གོའི་ཇ་རིགས་གཙོ་བོའི་ནང་གསེས་ཤིག་ཡིན་ལ། ཇ་སྡོང་གི་ལོ་མ་གསར་བའམ་མྱུ་གུ་འབུས་བ་དེ་སྐྱུར་བསྙལ་མ་བརྒྱུད་པར་སྔོ་སྐམ་དང་བཟོ་བཅོས། སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གསར་བཟོ་བྱས་པའི་བཏུང་ཇ་ལ་གོ །ཇ་ཡི་ཐོན་རྫས་བཟོ་དུས་སུ་ལྗང་མདོག་གི་རྣམ་པའི་བསྐྲུན་ཡོད། དུས་རྒྱུན་ཇ་ལྗང་འཐུང་ན་འབྲས་སྐྲན་ནད་འགོག་ཐུབ་པ་དང་ཚོ་བྱང་ངེས། དུ་བ་འཐེན་པའི་མི་ལ་མཚོན་ནའང་ཉི་ཀོ་ཏིང་གི་གནོད་པ་ཇེ་ཆུང་དུ་འགྲོ་བར་ཕན། ཇ་འདི་ལ་འཚོ་བཅུད་ཀྱི་གྲུབ་ཆ་མོད་པོ་ཞིག་འདུས་ཡོད་པ་དང་། ཇ་ལྗང་གི་གྲུབ་ཆ་དེ་ཚོས་དུག་སེལ་དང་ན་རྒས་འགོག་པ་སོགས་བྱེད་ཐུབ། སྨན་བཅོས་བྱེད་པའི་དམིགས་བསལ་གྱི་ཕན་འབྲས་ལྡན།

རིགས་དབྱེ།  

ཏ་དབྱི།

ཏ་དབྱི་ནི་ཡུན་ནན་ཇ་ལས་ཚོགས་པས་ཐོན་སྐྱེད་བྱས་པའི་སྙན་གྲགས་ཅན་གྱི་མཚན་རྟགས་ཤིག་ཡིན། དེ་ནི་ཕོ་འར་ཇ་ཡི་ཚད་རྒྱུག་དང་ཕུལ་བྱུང་གི་ཚབ་བྱེད་ཅིག་ཡིན། དེའི་ནང་ཏ་དབྱི7572དེ་ཕོ་འར་ཇ་ལ་རྒྱུས་མངའ་གྱི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན་པ་དང་། ཏ་དབྱི7542དེ་ཕོ་འར་རློན་ཇའི་དཔྱད་འཇོག་གི་ཚད་རྒྱུག་ཏུ་བདམས་པ་ཡིན།

རིགས་དབྱེ།  

ཐེན་ཧྥུ་མིང་ཇ།

ཐེན་ཧྥུ་མིང་ཇ་ནི་སྤྱི་ལོ1993ལོར་བཙུགས་ཤིང་། དེ་ནི་ཇ་ལོ་རང་གིས་ཐོན་སྐྱེད་དང་ཕྱིར་འཚོང་། ཚན་རིག་ཞིབ་འཇུག རིག་གནས་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྣ་འཛོམས་རང་བཞིན་གྱི་ཇ་ལོ་ལྕགས་ཐག་ལག་འབྲེལ་གྱི་ཆེད་འཚོང་ཁང་ཞིག་ཡིན་ལ། ཐེན་ཧྥུ་ཚོགས་པའི་མངའ་འོག་གི་ཁེ་ལས་ཤིག་ཡིན། དེའི་རྩ་བ་ཧྥུ་ཅན་དུ་ཚུགས་ཡོད་ལ་དྲི་ཞིམ་རྒྱལ་ཡོངས་ལ་ཁྱབ་པ། མིང་འཛམ་གླིང་ལ་སྙན་གྲགས་རྒྱས་པའི་ཚོང་གཉེར་བསམ་ཚུལ་བསྟན་ཡོད། ཁེ་ལས་འདི་བཙུགས་ནས་སྤྱི་ལོ2010ལོའི་ཟླ2པའི་ཚེས9བར་སྐམ་སའི་ས་ཁུལ་དུ་ཚོང་ཁང1007ལྷག་གསར་འཛུགས་བྱས་ཡོད། ཁེ་ལས་འདིའི་བྱེད་སྒོའི་ཁྱབ་ཁོངས་རྒྱལ་ཡོངས་ལ་ཁྱབ་ཡོད་པ་དང་། ཐོན་རྫས་ཨ་རི་དང་ཨུ་རུ་སུ། ཡ་གླིང་ཤར་ལྷོ་ས་ཁུལ་དུ་ཕྱིར་འཚོང་བྱེད་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཧྥུ་ཅན་གྱི་ཧྥུ་ཀྲོའུ་དང་ཀྲང་ཀྲོའུ། ཨན་ཞི། སི་ཁྲོན་གྱི་ལེ་ཧྲན། ཀྲེ་ཅང་གི་ཞིན་ཁྲང་སོགས་མིང་ཆེ་བའི་ཇ་ཡི་ཐོན་གནས་སུ་ཁྱབ་རྒྱ་ཆེ་བའི་ཇ་ལོ་དང་ཇའི་བཟའ་ཆས་སོགས་ཀྱི་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་དང་། རིམ་པར་ཇ་ལྗང་དང་མེ་ཏོག་མོ་ལིའི་ཇ། ཝུའུ་ལུང་ཇ། ཐིའེ་ཀོན་དབྱིན། ལུང་ཅིང་ཇ་སོགས་ས་ཆ་སོ་སོའི་མིང་ཆེ་བའི་ཇ་དང་ཇའི་བཟའ་ཆས་སྣ་ཚོགས་ལ་ལས་སྣོན་བྱ་བཞིན་ཡོད། ཐེན་ཧྥུ་ཚོགས་པས་ཐོན་རྫས་བདེ་འཇགས་དང་གཙང་སྦྲ། རྒྱུ་སྤུས། བྲོ་བའི་ཁྱད་ཆོས་ཕྱོགས་གང་ཐད་ཀྱི་དོ་དམ་ཧ་ཅང་གཟབ་ནན་ཡིན།

རིགས་དབྱེ།  

མེ་ཏོག་པདྨ་དཀར་པོའི་ཇ།

མེ་ཏོག་པདྨ་དཀར་པོའི་ཇ་དེའི་ཐོན་ཁུངས་ནི་ཧྥུ་ཅན་ཞིང་ཆེན་གྱི་ཧྥུ་ཏིང་གྲོང་ཁྱེར་དང་ཀྲེང་ཧོ་རྫོང་སོགས་ཡིན། དེ་ནི་ས་དེ་གའི་ལོ་རྒྱུས་ཁྲོད་སྙན་གྲགས་ཆེ་བའི་ཇ་རིགས་ཤིག་ཡིན་ཞིང་། དེ་ཇ་དཀར་གྱི་ཁོངས་སུ་གཏོགས། མེ་ཏོག་དེའི་ཕྱི་དབྱིབས་མཛེས་ལ་ལོ་མ་ཁམ་དམར་ཡིན། མེ་ཏོག་པདྨ་དཀར་པོའི་ཇ་དེ་མ་བཅོས་རྒྱུ་ཆ་ལྟར་དབྱེ་ན་ཀྲེང་ཧོ་ཇ་དཀར་ཆེན་པོ་དང་ཧྥུ་ཏིང་ཇ་དཀར་ཆེན་པོ། ཆུ་ལྷ་ཇ་དཀར་བཅས་ཡོད། མེ་ཏོག་པདྨ་དཀར་པོའི་ཇའི་བཟོ་སྟངས་ཤིན་ཏུ་སླ་སྟེ། འདབ་ལོ་གཏོར་བ་དང་རྩ་བ་སྐམ་པ་བཅས་བཟོ་རིམ་ཆེན་པོ་གཉིས་ཡོད། ཧྥུ་ཏིང་ཇ་དཀར་དང་ཧྷུ་ཏིང་ཧའོ་ཆེན་ཇ་དེ་མ་བཅོས་རྒྱུ་ཆར་བཟུང་ཡོད་ལ། སྲོལ་རྒྱུན་གྱི་བཟོ་རྩལ་ལས་སྣོན་བརྒྱུད་ནས་གྲུབ་པ་ཞིག་ཡིན།

རིགས་དབྱེ།  

ཝུའུ་ཡུས་ཐའེ།

ཝུའུ་ཡུས་ཐའེ་ནི་སྤྱི་ལོ1887ལོར་བཙུགས་ཤིང་། པེ་ཅིང་ཝུའུ་ཡུས་ཐའེ་ཇ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་པུའུ་པེ་ཅིང་དུ་ཡོད། ཀུང་ཟི་དེ་ཝུའུ་ཡུས་ཐའེ་ཇ་ཁང་དང་ཝུའུ་ཡུས་ཐའེ་ཇ་སྡེ་ནས་རིམ་འགྱུར་དང་འཕེལ་རྒྱས་བྱུང་བ་ཡིན། ཀུང་ཟི་བཙུགས་ནས་ད་བར་ལོ་ངོ་བརྒྱ་དང་ཉེར་དྲུག་གི་ལོ་རྒྱུས་ཡོད། སྤྱི་ལོ2007ལོར། པེ་ཅིང་ཝུའུ་ཡུས་ཐའེ་ཇ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་མངའ་འོག་གི་ཚོང་ཁང160ལྷག་གིས་གཅིག་གྱུར་གྱིས་སྤྱི་རྣམ་བཟོ་བཅོས་བྱས་པ་ལེགས་འགྲུབ་བྱུང་། སྤྱི་ལོ2010ལོར། ཝུའུ་ཡུས་ཐའེ་ནི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་དམིགས་བསལ་གྱི་ཚོང་ཟོག་ཐོན་སྐྱེད་ཁང་དང་སིལ་འཚོང་ཁང་དུ་གྱུར།

རིགས་དབྱེ།  

ཞའོ་ཧྲི་ཇ་ལོ།

དབྱི་ཁྲང་ཞའོ་ཧྲི་ཚོགས་པ་ཡིས་ཇ་ལོའི་ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་དང་ཚན་རིག་ཞིབ་འཇུག་གཞི་གཅིག་ཏུ་སྦྲེལ་ཏེ། ཞིང་ལས་ཐོན་རྫས་བརྒལ་བ་དང་། ཇ་ལོ་ལས་སྣོན་ཞིབ་ཚགས། ཚོང་དོན། དངོས་ཟོག་འཁོར་རྒྱུག མཚན་རྟགས་ཇུས་འགོད་ཁྱབ་ཁོངས་མང་པོ་གཞི་གཅིག་ཏུ་འདུས་པ། མ་དངུལ་ཚང་མ་དང་མ་རྐང་ཚོད་འཛིན་ཀུང་ཟི་ཆུང་བ16དང་། མ་རྐང་བཞག་ཡོད་པའི་ཀུང་ཟི་ཆུང་བ8ལྡན་པའི་ཧ་ཅང་ཆེ་བའི་དམངས་གཉེར་ཁེ་ལས་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

ལུང་ཅིང་ཇ།

ལུང་ཅིང་ཇ་ནི་རྒྱ་རིགས་ཀྱི་སྲོལ་རྒྱུན་ཁྲོད་མིང་དུ་གྲགས་པའི་ཇ་ལྗང་རིགས་ཀྱི་གྲས་གཅིག་ཡིན། ཀྲེ་ཅང་ཧང་ཀྲོའུ་ཞིས་ཧུའུ་ལུང་ཅིང་སྡེ་བའི་རྒྱུད་དུ་ཐོན་སྐྱེད་བྱས་ཤིང་། ད་ལྟ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལྡན། ལུང་ཅིང་ཇ་ལ་གཡུ་མདོག་གི་ཇ་མདོག་ལྡན་པ་དང་དྲི་ངད་ལྡང་བ། མངར་བའི་བྲོ་བ་ཞིམ་པ་ཡིན་ལ། ལྗང་མདོག དྲི་ཞིམ་པ། རོ་མངར་བ། དབྱིབས་མཛེས་བ་བཅས་ཀྱི་ཁྱད་ཆོས་བཞི་ལྡན་ནོ། །དུས་དེ་ནས་བཟུང་ཇ་དེར་ལུང་ཅིང་ཐོགས་ཡོད། ལུང་ཅིང་དེ་ཞིས་ཧུའུ་ཡི་ཞི་ཝུང་ཅ་རི་བོའི་ལུང་ཅིང་ཇ་ཡི་སྡེ་བ་རུ་གནས་ཡོད།

རིགས་དབྱེ།  

སྨྱུག་འདབ་སྔོ་ཇ།

སྨྱུག་འདབ་སྔོ་ཇ་ནི་ཀྲུང་གོའི་མིང་དུ་གྲགས་པའི་ཇ་རིགས་ཀྱི་གྲས་ཡིན་ཞིང་། དེ་ནི་ཇ་ལྗང་རིགས་ཡིན། ཇ་དེའི་ཐོན་གནས་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རི་ཡིན། (སྨྱུག་འདབ་སྔོ)ནི་ཇའི་རིགས་ཤིག་ཡིན་ལ་ཚོང་རྟགས་དང་ཀུང་ཟིའི་མིང་ཡང་ཡིན། དེ་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་སྨྱུག་འདབ་སྔོ་ཇ་ལས་ཚད་ཡོད་ཀུང་ཟི་ལ་གཏོགས། ཇ་དེའི་ལོ་འདབ་ཀྱི་ཕྱི་དབྱིབས་སྨྱུག་མའི་ལོ་མ་དང་འདྲ་ལ་མདོག་ལྗང་སྐྱ་འོད་དང་ལྡན་པ། བྲོ་བ་བསིལ་ཞིང་མངར་བ། འཐུང་རྗེས་དྲི་ཞིམ་ད་དུང་ཁ་ལ་འཁོར་བ་ཡིན། སྨྱུག་འདབ་སྔོ་ཇ་ནི་དཔྱིད་དུས་སུ་འཐུ་བའི་འགོ་བརྩམས་པ་ཡིན་ཞིང་། འཐུས་པའི་ལོ་མ་གསར་བ་དེ་མགོ་འབུས་ཇ་ལོ་དང་ལོ་མ་རེ་རེ་བཞིན་བཀར་བ་བརྒྱུད་ནས་སྔོ་སྐམ་དང་བཟོ་བཅོས། སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གྲུབ་པ་ཡིན།

རིགས་དབྱེ།  

ཨའེ་པི།

ཨའེ་པི(Audemars Piguet)ནི་འཛམ་གླིང་སྟེང་གི་ཆུ་ཚོད་འཁོར་ལོ་བཟོ་བའི་ཚོང་རྟགས་གྲགས་ཅན་གསུམ་གྱི་གྲས་ཤིག་ཡིན། སྤྱི་ལོ1875ལོར། Jules-LouisAudemarsདངEdward-Auguste Piguetགཉིས་ཀྱིས་སུའེ་ཙེར་གྱི་པུའུ་ལ་སུའུ་སི་གྲོང་རྡལ་དུ་ཨའེ་པི(Audemars Piguet)ཡི་ཚོང་རྟགས་གསར་གཏོད་བྱས། གཞན་སྤྱི་ལོ1972ལོར། དབྱིན་ཇིའི་མཚོ་དམག་གི་འཐབ་གྲུའི་མིངRoyal Oakགཡར་ནས་ལག་འདོགས་ཆུ་ཚོད་འཁོར་ལོ་ཞིག་བཟོས་པ་ལེགས་འགྲུབ་ཆེན་པོ་བྱུང་།

རིགས་དབྱེ།  

པའེ་ཏ་ཧྥེ་ལི།

པའེ་ཏ་ཧྥེ་ལི་ནི་སྤྱི་ལོ1839ལོར་འགོ་ཚུགས་པའི་སུའེ་ཙེར་གྱི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་གྲགས་ཅན་ཞིག་ཡིན་ལ། འཛམ་གླིང་གི་ཆུ་ཚོད་འཁོར་ལོ་གྲགས་ཅན་བཅུ་ཡི་དང་པོར་བགྲངས་པ་ཡིན། དེ་ནི་སུའེ་ཙེར་གྱི་སྒེར་ཚུགས་ཀྱི་ཆུ་ཚོད་འཁོར་ལོའི་ཚོང་རའི་གྲས་ཤིག་ཡིན་ཞིང་། འགོ་ནས་མཇུག་བར་དུ་རང་གིས་ཐོན་སྐྱེད་བྱས་པ་རེད། ཆུ་ཚོད་འཁོར་ལོ་ལ་དགའ་བ་དང་སྐུ་དྲག་མཚོན་རྟགས་ནི་པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོ་ཞིག་ལོངས་སུ་ སྤྱད་རྒྱུ་དེ་རེད། དེ་ཡང་སྐུ་ཞབས་པའེ་ཏ(Antoine Norbert de Patek) དང་ཧྥེ་ལི(Jean-Adrien Philippe) གཉིས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ཆེད་ལས་ནུས་རྩལ་ལ་བརྟེན་ནས། སྤུས་ལེགས་ཀྱི་གསར་གཏོད་སྲོལ་རྒྱུན་རྒྱུན་འཛིན་བྱས།

རིགས་དབྱེ།  

པའོ་ཕོ།

པའོ་ཕོ(Blancpain)ནི་སྤྱི་ལོ1735ལོར་ཡ་ཁོ•པའོ་ཕོ(Jehan-Jacques Blancpain)ཡིས་གསར་གཏོད་བྱས་པ་ཡིན་ལ། ད་ལྟའི་བར་ལོ་ངོ300ལྷག་གི་ལོ་རྒྱུས་ལྡན། དེ་ནི་སུའེ་ཙེར་གྱི་ལོ་རྒྱུས་སྟེང་དུས་ཡུན་ཆེས་རིང་བའི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཡིན་ལ། འཛམ་གླིང་སྟེང་དུ་ཆེས་ཐོག་མར་ཐོ་འགོད་བྱས་པའི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཀྱང་ཡིན། པའོ་ཕོ(Blancpain)ནི་རྙོག་འཛིང་ཅན་གྱི་འཕྲུལ་ཆས་ཆུ་ཚོད་འཁོར་ལོའི་གྲས་ཡིན་ལ། འཛམ་གླིང་སྟེང་དུ་ཚང་མ་རང་བདག་གིས་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ། གསར་བཟོ། སྒྲིག་སྦྱོར་སོགས་བྱས་ནས་ཕྱིར་འཚོང་བྱེད་པའི་ལག་འདོགས་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཀྱང་ཡིན།

རིགས་དབྱེ།  

པོ་ཅུའེ།

སྤྱི་ལོ1874ལོར། པོ་ཅུའེ(PIAGET)ཡི་ཚོང་རྟགས་ནི་ལོ19ཅན་གྱི་ཆོ་ཀྲི•ཨའེ་ཏེ་ཧྭ•པོ་ཅུའེ(Georges Edouard Piaget)ཡིས་གསར་གཏོད་བྱས་པ་ཡིན་ལ། སྤྱི་ལོ1874ལོར་གསར་གཏོད་བྱས་བ་ནས་བཟུང་། པོ་ཅུའེ(PIAGET)ཡིས་སྤུས་ལེགས་བཟོ་རྩལ་དང་ཚད་མེད་གསར་གཏོད་ནི་བརྩམས་ཆོས་རེ་རེའི་ནང་དུ་སིམ་པར་བྱ་བ་ཡིན་ཞིང་། དུས་མཚུངས་སུ་ལག་འདོགས་ཆུ་ཚོད་འཁོར་ལོ་དང་མུ་ཏིག་གི་བཟོ་རྩལ་མཉམ་བསྲེས་བྱས།

རིགས་དབྱེ།  

ཧའེ་ཨུའོ།

ཧའེ་ཨུའོ་རྟགས་ཅན་གྱི་ལག་འདོགས་ཆུ་ཚོད་འཁོར་ལོ་ནི་སྤྱི་ལོ1955ལོར་གསར་གཏོད་བྱས་པ་ཡིན་ལ། ད་ལྟའི་བར་དུ་ལོ་ངོ60ལྷག་གི་ལོ་རྒྱུས་ལྡན། དེ་ཡིས་ཧའེ་ཨུའོ་ལག་འདོགས་ཆུ་ཚོད་འཁོར་ལོའི་གསར་བཟོ་ལ་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཞག ད་ལྟ་དེ་ནི་ལག་འདོགས་ཆུ་ཚོད་འཁོར་ལོའི་འཕྲུལ་སྙིང་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། བསྐྱར་སྒྲིག ཕྱིར་འཚོང་བཅས་ཀྱི་ལག་འདོགས་ཆུ་ཚོད་འཁོར་ལོའི་ཐོན་སྐྱེད་རྟེན་གཞི་བཙུགས། དེ་ཡང་རྒྱལ་ཁབ་ཀྱིས་ཧའེ་ཨུའོ་རྟགས་ཅན་གྱི་ཆུ་ཚོད་འཁོར་ལོ་ནི་ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་ཐོན་རྫས་སུ་བདམས།

རིགས་དབྱེ།  

ཧན་མི་ཨེར་ཏུན།

ཧན་མི་ཨེར་ཏུན(HAMILTON)ཆུ་ཚོད་འཁོར་ལོ་ནི་སྤྱི་ལོ1892ལོར་གསར་དུ་བཙུགས་པ་ནས་ད་ལྟའི་བར་དུ་གཉེར་བ་རེད། བཀོལ་ཡུན་རིང་བའི་བྱེད་ནུས་དང་། བློ་གཤོགས་ཆེ་བ་དང་བློ་གཟུ་བོ་གནས་པ། གསར་གཏོད། བློ་བརྟན་འགྱུར་མེད་ཀྱི་ཨ་རིའི་ཇུས་འགོད་གཤིས་ལུགས་ལྡན་པས་དགའ་བསུ་ཆེན་པོ་ཐོབ།

རིགས་དབྱེ།  

ཅང་ཧྲི་ཏན་ཏུན།

ཅང་ཧྲི་ཏན་ཏུན(Vacheron Constantin)ནི་འཛམ་གླིང་ན་མིང་དུ་གྲགས་པའི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཀྱི་གྲས་ཤིག་ཡིན་ལ། སྤྱི་ལོ1755ལོར། སུའེ་ཙེར་གྱི་རི་ནེ་ཝ་རུ་གསར་གཏོད་བྱས་པ་སང་། འཛམ་གླིང་ཡོངས་ཀྱི་ཆེས་སྔ་བའི་ཆུ་ཚོད་འཁོར་ལོའི་བཟོ་གྲྭ་ཡིན་ཞིང་། འཛམ་གླིང་ན་མིང་དུ་གྲགས་པའི་ཆུ་ཚོད་འཁོར་ལོ་ཡི་བཟོ་གྲྭའི་གྲས་ཤིག་ཀྱང་ཡིན། ཅང་ཧྲི་ཏན་ཏུན་གྱིས་སུའེ་ཙེར་གྱི་ཆུ་ཚོད་འཁོར་ལོ་གསརབཟོ་ཡི་ཉིང་བཅུད་རྒྱུད་འཛིན་གྱིས་མཚམས་ཆད་མ་མྱོང་བར་མ་ཟད། དུས་མཚུངས་སུ་ཆུ་ཚོད་འཁོར་ལོ་གསར་བཟོའི་ལག་རྩལ་མང་བོ་གསར་གཏོད་བྱས་ནས། ཆུ་ཚོད་འཁོར་ལོ་གསར་བཟོའི་་ལས་རིགས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག

རིགས་དབྱེ།  

ཁ་ཏི་ཡ།

ཁ་ཏི་ཡ(Cartier SA )ནི་ཧྥ་རན་སེའི་ཆུ་ཚོད་འཁོར་ལོ་དང་ནོར་བུ་གསར་བཟོ་ཁང་ཞིག་ཡིན། སྤྱི་ལོ1847ལོར། Louis-François Cartierཡིས་ཕ་རི་སིའིRue Montorgueil ཨང་རྟགས31ནས་གསར་དུ་བཙུགས། སྤྱི་ལོ1874ལོར། དེའི་བུ་ཡ་ཧྥ•ཁ་ཏི་ཡས་དོ་དམ་དབང་ཆ་རྒྱུད་འཛིན་བྱས་པ་དང་། རིམ་བཞིན་དེའི་ཚ་བོ་དག་གིས་དར་སྤེལ་བྱས་ནས་འཛམ་གླིང་གི་ཚོང་རྟགས་གྲགས་ཅན་དུ་གྱུར། ད་ལྟ་སུའེ་ཙེར་ལི་ཧྥེང་ ཚོགས་པའི(Compagnie Financière Richemont SA)ཁོངས་གཏོགས་ཀུང་ཟི་ཡིན།

རིགས་དབྱེ།  

ཞི་ཐིའེ་ཁྲེང་།

ཞི་ཐིའེ་ཁྲེང་ནི་འཛམ་གླིང་ན་མིང་དུ་གྲགས་པའི་ལག་འདོགས་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཡིན། རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཆེན་མོ་ཞིག་ཡིན་པའི་ཆ་ནས། ཞི་ཐིའེ་ཁྲེང་ཚོགས་པ་ཡིས་ཉི་ཧོང་དུ་ཁེ་ལས46བཙུགས་ཡོད་པ་དང་། ཉི་ཧོང་ལས་གཞན་པའི་རྒྱལ་ཁབ་ཏུ་ཁེ་ལས64བཙུགས་ཡོད་དེ། འཛམ་གླིང་དུ་ཁྱོན་སྡོམ་ཡན་ལག་ཀུང་ཟི་110ཡོད།

རིགས་དབྱེ།  

ཀྲི་པའེ།

ཀྲི་པའེ་ནི་སུའེ་ཙེར་གྱི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཡིན། ཀྲི་པའེ་ཆུ་ཚོད་འཁོར་ལོའི་འཕྲུལ་སྙིང་ཇུས་འགོད་དང་གསར་བཟོ། གསར་སྤེལ། བྱེད་བཞིན་ཡོད།

རིགས་དབྱེ།  

པའེ་ཧྲ།

པའེ་ཧྲ་ནི་ཧུའུ་ནན་གྱི་ཐ་མག་གྲགས་ཅན་ཞིག་ཡིན། ཁ་མདོག་ནི་དཀར་པོ་ནས་མདོག་ནག་ཏུ་གྱུར་ཡོད། དེ་ལ་པའེ་ཧྲ་མཉེན་པོ་དང་དང་སྒམ་བུའི་པའེ་ཧྲ་གཉིས་དང་། སྤུས་ལེགས་པའེ་ཧྲ་རབས་དང་པོ་དང་གཉིས་པ། སྤུས་ལེགས་པའེ་ཧྲ་མཉེན་པོ་བཅས་ཡོད།

རིགས་དབྱེ།  

ཧུང་ཧོ།

ཧུང་ཧོའི་ཚོང་རྟགས་ལ་ཐ་མག་འཐེན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ལོ་མ་འཐེན་པའི་དུས་རབས་ནས་ཐ་མག་འཐེན་པའི་དུས་རབས་ལ་བརྒལ་ནས། དཀའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་པ་ཡིན་མོད། འོན་ཀྱང་སྔར་བཞིན་རྒྱ་ཆེའི་ཐ་མག་འཐེན་མཁན་གྱི་དགའ་བསུ་ཆེན་པོ་ཐོབ།

རིགས་དབྱེ།  

ཧུང་ཧྲོང་ཞི།

ཧུང་ཧྲོང་ཞི་ནི་ཧྲང་ཧའེ་ཐ་མག་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཐ་མག་གི་ཚོང་རྟགས་གྲགས་ཅན་ཞིག་ཡིན། ཚོང་རྟགས་དེ་ཡི་ཐ་མག་ནི་དྲི་ཞིམ་པ་ཡིན་མོད། ཐ་མག་འཐེན་ན་བདེ་ཐང་ལ་གནོད་པས། ཐ་མག་མ་འཐེན་ན་བཟང་།

རིགས་དབྱེ།  

ལི་ཆུན།

ལི་ཆུན་ནི་ཧང་ཀྲོའུ་ཐ་མག་བཟོ་གྲྭའི་ཚོང་རྟགས་རྙིང་བ་ཞིག་ཡིན། སྤྱི་ལོ1960ལོར་གསར་དུ་བཙུགས། སྤྱི་ལོ1995ལོར། ཚོང་རའི་དགོས་མཁོ་འཚམ་པའི་ཆེད་དུ་ཚོང་རྟགས་རྙིང་བ་དེ་བསྐྱར་བཟོ་བྱས་ལ། ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་པའི་ཁས་ལེན་ཐོབ། ལི་ཆུན་གྱི་ཐོན་རྫས་ཇེ་མང་དུ་བཏང་བ་དང་ཚོང་ར་རྒྱ་སྐྱེད། ཚོང་རྟགས་མ་དངུལ་གསོག་འཇོག་བཅས་ཀྱིས་རིམ་བཞིན་འཕེལ་རྒྱས་སུ་སོང་།

རིགས་དབྱེ།  

ཡུས་ཞི།

ཡུས་ཞི་ནི་ཧུང་ཐ་ཐ་མག་ཚད་ཡོད་འགན་ལེན་ཀུང་ཟི་ཡིས་ཐོན་སྐྱེད་བྱས་པ་རེད། བཟོ་གྲྭ་དེ་ནི་སྤྱི་ལོ1956ལོར་གསར་དུ་བཙུགས་པ་ཡིན།

རིགས་དབྱེ།  

ཡུན་ཡན།

སྤྱིར་བཏང་དུ་ཡུན་ཡན་ཞེས་པ་ནི་དུ་རླངས་དང་སྨུག་སྤྲིན་ལ་གོ་དགོས་པ་ཡིན་མོད། འདིར་བརྗོད་པའི་ཡུན་ཡན་ནི་ཡུན་ནན་གྱི་ཐ་མག་ཅེས་པའི་དོན་ཡིན་ལ། སྤྱི་ལོ1958ལོའི་ཟླ7པར། ཡུན་ནན་ཐ་མག་བཟོ་གྲྭས་དངོས་སུ་ཐོན་སྐྱེད་བྱེད་འགོ་བརྩམས།

རིགས་དབྱེ།  

ཀྲུང་ཧྭ།

ཀྲུང་དཔའ་སྤུས་རྟགས་ཅན་གྱི་ཐ་མག་གི་རིགས་ནི་རིན་གོང་མཐོ་བ་ལ་སྤུས་ཀ་ལེགས་པོ་ཅན་དེ་ཡིན། རྒྱལ་ཁབ་ཀྱི་ཐ་མག་གི་འཐུས་ཚབ་ཡིན། ཀྲུང་དཔའ་ཐ་མག་གི་ཁ་དོག་ནི་གསེར་མདོག་ཡིན་པ་དང་དྲི་ཞིམ་འཐུལ་བ་ཞིག་ཡིན།དེ་སྔོན་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་སུ་བདམས་ཡོད་ལ། རྒྱལ་ཡོངས་ཀྱི་ཚོང་རྟགས་གྲགས་ཅན་བཅུ་རུ་བདམས་ཟིན། ཀྲུང་དཔའ་ཐ་མག་ནི་ཚད་ལྡན་གྱི་ཐོན་རྫས་ཞིག་ཡིན།

རིགས་དབྱེ།  

ཀྲུང་ནན་ཧའེ།

ཀྲུང་ནན་ཧའེ་ཐ་མག་ནི་པེ་ཅིང་ཐ་མག་བཟོ་གྲྭའི་སྔ་དུས་ཀྱི་ཐོན་རྫས་ཡིན།

རིགས་དབྱེ།  

པའོ་ཏའོ།

པའོ་ཏའོ་མིག་ཤེལ་ལ་ལོ་ངོ30ལྷག་གི་ལོ་རྒྱུས་ལྡན་ཞིང་། རྒྱལ་སྤྱི་རིམ་པའི་ཚད་མཐོའི་ཚན་རིག་ལག་རྩལ་གྱི་ཐོན་རྫས་ནང་འདྲེན་བྱས་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་མཐོ་རིམ་སློབ་གྲྭ་དག་ལ་མཉམ་འབྲེལ་གྱིས་ཆེད་ལས་མི་སྣ་གསོ་སྐྱོང་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་རྒྱུ་སྤུས་སྡེ་ཁག་གི་ཞིབ་དཔྱད་ཚད་ལེན་ལ་ཞུགས་ནས། སྤུས་ཚད་མཐོ་བའི་ཚོང་ཟོག་དབྱེ་ཞིབ་དོན་འཁྱོལ་ཡོང་བར་བྱས་ཏེ། ཁེ་ལས་དང་སྲིད་གཞུང་གི་མཐོ་རིམ་སློབ་གྲྭ། མིག་ཤེལ་ཐོན་ལས་གསར་གཏོད་བྱེད་བཞིན་ཡོད།

རིགས་དབྱེ།  

པའོ་ཧྲེང་།

པའོ་ཧྲེང་ཉི་ཤེལ་ནི་ཞ་མོན་ཆོན་ཧྲེང་ཁེ་ལས་ཚད་ཡོད་ཀུང་ཟིའི་ཉི་ཤེལ་ཐོན་རྫས་ཡིན། ཚོང་དོན་སྐྱེས་པར་དམིགས་ནས་ཇུས་འགོད་བྱས་པའི་རྫིག་པོའི་རིགས་ཀྱི་ཉི་ཤེལ་དང་། གྲོང་ཁྱེར་སྐྱེས་མར་དམིགས་ནས་ཇུས་འགོད་བྱས་པའི་མཛེས་མའི་རིགས་ཀྱི་ཉི་ཤེལ། བྱིས་པར་དམིགས་ནས་ཇུས་འགོད་བྱས་པའི་བྱིས་པའི་རིགས་ཀྱི་ཉི་ཤེལ། འུལ་སྐྱོད་ལ་དགའ་བའི་མི་རྣམས་ལ་དམིགས་ནས་ཇུས་འགོད་བྱས་པའི་འགུལ་སྣང་རིགས་ཀྱི་ཉི་ཤེལ་དངNXPརིགས་ཀྱི་ཉི་ཤེལ། མདོག་འགྱུར་རིགས་ཀྱི་ཉི་ཤེལ། རྒྱང་སྒྲིབ་དང་རྒས་འགྱུར་གྱི་མིག་ཤེལ་ནབ་མཁན་རྣམས་ལ་དམིགས་ནས་དེར་མཐུན་གྱི་མིག་ཤེལ་ཇུས་འགོད་བྱ་བ་སོགས་ཡིན།

རིགས་དབྱེ།