ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >དངུལ་ལོར།

ཤོག་དངུལ།

དངུལ་ཁང་གི་གསོག་དངུལ་རྣམ་པར་གནས་པའི་དངུལ་ལོར་ཏེ། སྒོར་མོའི་ཚབ་ཏུ་སྤྲོད་ལེན་བྱེད་པའི་དངུལ་ལོར་ཤོག་བུས་བཟོས་པ་ཞིག་གོ། །

རིགས་དབྱེ།  

དངུལ་ལོར།

དངུལ་ཁང་གི་གསོག་དངུལ་རྣམ་པར་གནས་པའི་དངུལ་ལོར་ཏེ། སྒོར་མོའི་ཚབ་ཏུ་སྤྲོད་ལེན་བྱེད་པའི་དངུལ་ལོར་ཤོག་བུས་བཟོས་པ་ཞིག་གོ། །

རིགས་དབྱེ།  

གྲངས་འཛིན་དམངས་སྒོར།

གྲངས་འཛིན་དམངས་སྒོར་ནི་ཀྲུང་གོའི་མི་དམངས་དངུལ་ཁང་གི་ཁྲིམས་བཀོད་གྲངས་འཛིན་དངུལ་ལོར་བཀྲམ་མེད་པ་ཞིག་ཡིན་ལ། གྲངས་འཛིན་དངུལ་ལོར་གྱི་གློག་རྡུལ་དངུལ་སྤྲོད་ཀྱང་ཟེར། དེ་ནི་ཐོ་ཁུངས་མ་ལག་གི་ཁྱབ་རྒྱ་རྨང་གཞིར་བཟུང་ནས་དངུལ་ཁང་གི་ཐོ་ཁུངས་ལྷོད་གཏོང་ནུས་པར་རྒྱབ་སྐྱོར་བྱས་ཏེ། ཤོག་སྒོར་དང་དངུལ་སྒོར་གྱི་རིན་གོང་དང་འདྲ་མཉམ་ཡིན་པའི་རིན་ཐང་གི་ཁྱད་ཆོས་དང་། ཁྲིམས་ཡོད་སྐྱིན་ཚབ་རང་བཞིན་གྱིས་མིང་གསང་ནས་དངུལ་སྤྲོད་ཐུབ་པའི་ལག་ཆ་ཞིག་ཡིན།

རིགས་དབྱེ།  

དངུལ་ལོར།

དངུལ་ལོར(Currency,CCY)ནི་རིན་གོང་འཇལ་བའི་ཡོ་བྱད་དང་། རྒྱུ་ནོར་ཉར་ཚགས་བཅས་བྱེད་ཐབས་ཤིག་ཡིན་ལ། རྒྱུ་ནོར་དབང་མཁན་དང་ཚོང་རའི་བརྗེ་རེས་བྱེད་དབང་སྐོར་གྱི་གན་རྒྱ་ཡིན་ལ། ངོ་བོའི་ཐོག་བདག་པོ་ཕན་ཚུན་བར་གྱི་ཁ་ཆད་ཡིན། འཁོར་རྒྱུག་ཁྲོད་ཀྱི་དངུལ་ལོར་དང་། སྲིད་གཞུང་གི་བུན་འཛིན། དངུལ་ཁང་གི་འཛིན་ཤོག་སོགས་ཚུད་ཡོད།

རིགས་དབྱེ།  

ལས་བཟོ་པའི་ཆ་སྙོམས་གླ་ཕོགས།

ལས་བཟོ་པའི་ཆ་སྙོམས་ཀྱི་གླ་ཕོགས་ཞེས་པ་ནི་ཁེ་ལས་དང་། བྱ་ལས། ལས་ཁུངས་བཅས་ཀྱི་ལས་བཟོ་པས་དུས་སྐབས་ངེས་ཅན་ཞིག་གི་ནང་མི་རེར་ཆ་སྙོམས་སུ་ཐོབ་པའི་དངུལ་ལོར་གྱི་གླ་ཕོགས་གྲངས་འབོར་ལ་ཟེར། “ལས་བཟོ་པའི་ཆ་སྙོམས་གླ་ཕོགས”ནི“སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས”ཡིན་པ་ལས“ལས་ཐོག་ལས་བཟོ་པའི་ཆ་སྙོམས་གླ་ཕོགས”མིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་བསྡོམས་རྩིས་ཚད་གཞི་ལྟར་ན། གླ་ཕོགས་ཀྱི་སྤྱི་འབོར་ནི་སྡེ་ཚན་འདི་དག་གིས་དུས་ཡུན་ངེས་ཅན་ཞིག་གི་ནང་ཐད་ཀར་ལས་ཁུངས་དེའི་ལས་བཟོ་པ་ཡོངས་ལ་གཏོང་སྤྲོད་བྱས་པའི་ངལ་རྩོལ་ཐོབ་ཆའི་སྤྱི་འབོར་ལ་ཟེར་ཞིང་། དེའི་ནང་དུ་དུས་ཚོད་བརྩི་བའི་གླ་ཕོགས་དང་། ཐོན་གྲངས་བརྩི་བའི་གླ་ཕོགས། བྱ་དགའི་དངུལ། ཕོགས་སྣོན་དང་ཁ་གསབ། ལས་དུས་འཕར་སྣོན་གྱི་གླ་ཕོགས། དམིགས་བསལ་གྱི་གནས་ཚུལ་འོག་གཏོང་སྤྲོད་བྱས་པའི་གླ་ཕོགས་བཅས་འདུས་ཡོད། དེ་མིན་གླ་ཕོགས་ཀྱི་སྤྱི་འབོར་བསྡོམས་རྩིས་བྱས་པ་ནི་མི་སྒེར་གྱི་དཔྱ་ཁྲལ་མ་འཇལ་གོང་གི་གླ་ཕོགས་ཡིན་པ་མ་ཟད། མི་སྒེར་གྱིས་སྤྲད་པའི་རྒན་གསོ་དང་། སྨན་བཅོས། སྡོད་ཁང་སོགས་མི་སྒེར་གྱི་རྩིས་ཁྲའི་ཐེབས་རྩ་ཡང་ཚུད་ཡོད། དེ་ནི་བྱང་བུའི་ནང་གི་གླ་ཕོགས་དང་ཁྱད་པར་ངེས་ཅན་ཡོད།

རིགས་དབྱེ།  

དངུལ་སྤྲོད་ནུས་པ།

དངུལ་སྤྲོད་ནུས་པ་ཞེས་པ་ནི་ཁེ་ལས་ཀྱིས་བུ་ལོན་འཇལ་བ་དང་། སྤྲོད་དགོས་པའི་དངུལ་སྤྲོད་ནུས་པ་ལ་ཟེར།

རིགས་དབྱེ།  

མ་དངུལ་ཁྲོམ་ར།

མ་དངུལ་ཁྲོམ་ར་ལ“དངུལ་ལོར་གྱི་བུ་ལོན་གཏོང་ལེན་ཁྲོམ་ར”ཡང་ཟེར། དེ་ནི་དངུལ་རྩའི་ཁྲོམ་རའི་རིགས་ཤིག་ཡིན་ལ། བུ་ལོན་གཏོང་ལེན་གྱི་མ་རྩ་གཉེར་སྐྱོང་བྱེད་པའི་དངུལ་བུན་གཏོང་ལེན་དང་དངུལ་བུན་གཏོང་ལེན་གྱི་ཁྲོམ་ར་ཡིན། ཁྲོམ་ར་དེ་རིགས་ལ་བརྟེན་ནས་བུ་ལོན་གཏོང་ལེན་གྱི་མ་རྩའི་ལྷག་མ་སྙོམས་སྒྲིག་བྱས་ཏེ་བུ་ལོན་གཏོང་ལེན་གྱི་མ་རྩ་བེད་སྤྱོད་ཐུབ་པ་བྱ་དགོས། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་བུ་ལོན་གཏོང་ལེན་གྱི་མ་རྩའི་ཁྲོམ་ར་དེ་རྒྱུན་དུ་དུས་ཐུང་གི་ལས་སྒོ་གཉེར་བའི་དངུལ་ལོར་ཁྲོམ་ར་དང་དུས་ཡུན་འབྲིང་རིང་གི་ལས་སྒོ་གཉེར་བའི་མ་རྩའི་ཁྲོམ་ར་གཉིས་སུ་དབྱེ་ཡོད། བུ་ལོན་གཏོང་ལེན་གྱི་མ་རྩའི་འབྱུང་ཁུངས་དང་གཏོང་གྲངས་དེ་རྒྱལ་ནང་དུ་ཚད་བཀག་མེད་པས། བུ་ལོན་གཏོང་ལེན་མ་རྩའི་ཁྲོམ་ར་ཡང་རྒྱལ་ནང་གི་བུ་ལོན་གཏོང་ལེན་མ་རྩའི་ཁྲོམ་ར་དང་རྒྱལ་སྤྱིའི་བུ་ལོན་གཏོང་ལེན་མ་རྩའི་ཁྲོམ་ར་གཉིས་སུ་དབྱེ་ཡོད། བུ་ལོན་གཏོང་ལེན་མ་རྩའི་ཁྲོམ་རའི་སྟེང་གི་སྐྱེད་ཀ་དེ་སྐབས་དེའི་མ་རྩ་མཁོ་སྤྲོད་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་ཁེལ་བྱ་དགོས།

རིགས་དབྱེ།  

མ་གནས་ཚོད་འཛིན།

མ་གནས་ཚོད་འཛིན་ནི་ཁེ་ལས་ཀྱི་ད་ཡོད་ཐོན་སྐྱེད་གཉེར་སྐྱོང་ནུས་པ་གྲུབ་པ་དང་རྒྱུན་ལྡན་སྲུང་སྐྱོང་དང་ཐད་ཀར་འབྲེལ་བའི་མ་གནས་ཡིན། དེའི་གཞི་རྩའི་ཁྱད་ཆོས་ནི། (1)འབྲེལ་ཡོད་ཀྱི་མ་གནས་བྱུང་མིན་དང་དེའི་གྲངས་འབོར་མང་ཉུང་ནི་ཁེ་ལས་ཀྱི་ད་ཡོད་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་གྲངས་འབོར་དང་ཐོན་སྐྱེད་གཞི་ཁྱོན། ཁེ་ལས་ནང་ཁུལ་གྱི་གཞི་རྩའི་རྩ་འཛུགས་སྒྲིག་གཞི་བཅས་ལ་རག་ལས་ཡོད། (2)མ་རྩ་ག་གེ་མོས་མ་འོངས་པའི་ཐོན་སྐྱེད་གཉེར་སྐྱོང་གི་དུས་ཡུན་དུ་མའི་ནང་དུ་མུ་མཐུད་དུ་ཕན་ནུས་འདོན་སྤེལ་བྱས་ཆོག དོན་དངོས་ཀྱི་ལས་ཀའི་ཁྲོད་དུ། མ་གནས་ལ་ཚོད་འཛིན་བྱེད་པའི་ཞིབ་ཕྲའི་ནང་དོན་ནི་སྤྱིར་བཏང་དུ་ཁེ་ལས་ཀྱི་དོ་དམ་པའི་ཐབས་ཇུས་འགའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་། བྱུང་མ་ཐག་རང་དགར་འགྱུར་ལྡོག་གཏོང་དཀའ་བའི་གཏན་འཇགས་རྒྱུ་ནོར་གྱི་རྙིང་ཚབ་རིན་དངུལ་དང་། འཕྲུལ་ཆས་སྒྲིག་ཆས་ཀྱི་བོགས་དངུལ་སོགས་གཏན་འཇགས་མ་གནས་ལ་ཟེར།

རིགས་དབྱེ།  

མ་དངུལ་རང་བཞིན་གྱི་མ་དངུལ་གྲབས་གསོག་གི་ཉེན་ཁ།

མ་དངུལ་རང་བཞིན་གྱི་མ་དངུལ་གྲབས་གསོག་གི་ཉེན་ཁ་དེར་མ་དངུལ་རང་བཞིན་གྱི་མ་དངུལ་གྲབས་གསོག་གི་ཉེན་ཁ་ཡང་ཟེར་ཞིང་། དེ་ནི་ཁེ་ལས་ཀྱིས་དམིགས་བསལ་གྱི་དུས་ཚོད་ནང་མ་དངུལ་ཕྱིར་གཏོང་བྱེད་ཚད་དེ་མ་དངུལ་གྱི་གྲངས་འབོར་ལས་བརྒལ་ནས་ཐོན་པའི་དུས་ཚོད་ཐིམ་ནས་བུ་ལོན་གྱི་མ་སྐྱེད་འཇལ་མི་ཐུབ་པའི་ཉེན་ཁ་ལ་ཟེར། གསེར་གྱི་རང་བཞིན་གྱི་མ་དངུལ་གྲབས་གསོག་གི་ཉེན་ཁས་ཁེ་ལས་ཀྱི་མ་འོངས་པའི་མ་དངུལ་གྲབས་གསོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད། དུས་མཚུངས་སུ་རྩིས་གཉེར་ཐག་གཅོད་ཐད་འགན་དབང་བྱུང་བའི་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་པས། ཁེ་ལས་ཀྱི་སྐབས་དེའི་གཏོང་སྒོ་ལས་མང་ནའང་ཁེ་ལས་ལ་མ་དངུལ་འཁོར་རྒྱུག་ཡོད་པའི་ངེས་པ་མེད་དེ། དེ་དང་ཁེ་ལས་ཀྱི་གཏོང་ཡོང་ཁེ་ལྷག་ཡིན་མིན་ཐད་ཀར་འབྲེལ་བ་མེད། མ་དངུལ་རང་བཞིན་གྱི་མ་དངུལ་གྲབས་གསོག་གི་ཉེན་ཁ་ཐོན་པའི་འབྱུང་རྩ་ནི་ཁེ་ལས་ཀྱི་རྒྱུ་ནོར་བདག་གཉེར་ཡག་པོ་མ་བྱུང་བའི་དབང་གིས་མ་དངུལ་སྔོན་རྩིས་བཀོད་སྒྲིག་ཡག་པོ་མ་བྱུང་བའམ་ཡང་ན་ལག་བསྟར་ཡག་པོ་མ་བྱུང་བར་གཏོང་སྤྲོད་ཀྱི་ཉམས་ཉེན་ཐོན་པ་དེ་རེད། དེ་མིན། མ་རྩའི་གྲུབ་ཚུལ་བཀོད་སྒྲིག་ལུགས་མཐུན་མིན་པ་དང་།བུ་ལོན་དུས་བཀག་གི་གྲུབ་ཚུལ་སྡེབ་སྒྲིག་ཡག་པོ་མ་བྱུང་བའི་སྐབས་སུ་ཁེ་ལས་ཀྱིས་སྐབས་ཤིག་རིང་བུ་ལོན་འཇལ་བའི་ཉེན་ཁ་འབྱུང་སྲིད།

རིགས་དབྱེ།  

འཁོར་རྒྱུག་ཁྲོད་ཀྱི་དངུལ་ལོར།

འཁོར་རྒྱུག་ཁྲོད་ཀྱི་དངུལ་ལོར་ཞེས་པ་ནི་དུས་སྐབས་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བའི་ཁྲོད་བེད་སྤྱོད་བྱས་ཆོག་པའི་དངུལ་ལོར་བསྡོམས་འབོར་ལ་ཟེར་ཞིང་། དེའི་ནང་ལག་དངུལ་དང་གཏོང་སྤྲོད་བྱེད་ཐབས་སུ་སྤྱད་ཆོག་པའི་དངུལ་འགྲུལ་འཛིན་ཡིག་དང་དངུལ་འགྲུལ་འཛིན་ཡིག་སོགས་ཚུད་པ་ལས། དངུལ་ལོར་གཙོ་བོ་དང་དངུལ་ལོར་རམ་འདེགས་ལ་ཟེར་བ་མིན། དེ་ནི་རྒྱལ་ཁབ་ཀྱི་རྩིས་གཞིའི་དངུལ་ལོར་གྱི་མཚོན་ཚུལ་ཡིན།

རིགས་དབྱེ།  

ལོའི་སྐྱེད་ཀའི་དཔྱ་ཁྲལ་མ་འཇལ་གོང་གི་ཁེ་སྤོགས།

ལོའི་སྐྱེད་ཀའི་དཔྱ་ཁྲལ་མ་འཇལ་གོང་གི་ཁེ་སྤོགས(EBIT)ནི་ཐ་སྙད་ཅིག་ཡིན་པ་དང་།དེ་ནི་ཁེ་ལས་ཀྱིས་ནོར་དོན་འགྲོ་གྲོན་མ་འཐེན་གོང་གི་ཁེ་སྤོགས་ལ་ཟེར།

རིགས་དབྱེ།  

ཐོན་སྐྱེད་རང་བཞིན་གྱི་མ་དངུལ།

ཐོན་སྐྱེད་རང་བཞིན་གྱི་མ་དངུལ་གཏོང་བ་ནི་ཐད་ཀར་དངོས་པོའི་ཐོན་སྐྱེད་དམ་དངོས་པོའི་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་བའི་འཛུགས་སྐྲུན་མ་དངུལ་ལ་ཟེར། ཐོན་སྐྱེད་ཀྱི་རང་བཞིན་ལྡན་པའི་མ་དངུལ་འཇོག་གྲངས་ནི་ད་ལྟ་སྤྱོད་བཞིན་པའི་བསྡོམས་རྩིས་རྒྱག་སྟངས་ལྟར་བཟོ་ལས་དང་། ཨར་ལས། ཞིང་ནགས་ཆུ་བེད། སྐྱེལ་འདྲེན་དང་ཡིག་ཟམ་གློག་འཕྲིན། ཚོང་ལས་དང་དངོས་རྫས་མཁོ་འདོན། ས་གཤིས་ཐོན་ཁུངས་རྩད་ཞིབ། གྲོང་ཁྱེར་གྱི་རང་འབབ་ཆུ་ཀ་ལ་དང་སོལ་རླངས་སོགས་སྤྱི་སྤྱོད་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་གྲངས་ཚུད་པའི་བསྡོམས་རྩིས་རྒྱག་སྟངས་ཀྱི་རྒྱ་ཁྱོན་ལ་གཞིགས་ནས་བརྩི་དགོས། སྡེ་ཁག་དང་ཁེ་ལས་ནང་བཟོ་ཁང་དང་། སྒྲིག་ཆས། གློག་སྐུད་དང་ལྕགས་མདོང་། ཐོན་སྐྱེད་སྒྲུབ་རིམ་བཅས་ལ་སྤྱོད་རྒྱུའི་མ་དངུལ་རྣམས་ཐོན་སྐྱེད་ཀྱི་རང་བཞིན་ལྡན་པའི་མ་དངུལ་དུ་བརྩིས་ནས་སྡོད་ཁང་དང་། སློབ་གྲྭ། ཟ་ཁང་། བུ་བཅོལ་ཁང་སོགས་འཚོ་བར་སྤྱོད་རྒྱུའི་མ་དངུལ་རྣམས་ཐོན་སྐྱེད་ཀྱི་རང་བཞིན་མིན་པའི་མ་དངུལ་དུ་བརྩི་དགོས། ཐོན་སྐྱེད་རང་བཞིན་གྱི་མ་དངུལ་འཇོག་པའི་ཁྱབ་ཁོངས་སྐོར་ལ་ལྟ་ཚུལ་མི་མཐུན་པས་ཞིབ་འཇུག་དང་དཔྱད་བསྡུར་བྱེད་བཞིན་ཡོད།

རིགས་དབྱེ།  

མ་དངུལ་འཇོག་བསྡུའི་དོ་དམ།

མ་དངུལ་འཇོག་བསྡུའི་དོ་དམ་ཞེས་པ་ནི་སྲིད་གཞུང་གིས་ཐོན་ལས་སྲིད་ཇུས་དང་ནོར་སྲིད་སྲིད་ཇུས་ཀྱི་དམིགས་ཚད་ངེས་ཅན་ཞིག་མངོན་འགྱུར་བྱ་ཆེད་རྒྱལ་ཁབ་ཀྱི་ཡིད་རྟོན་བྱེད་ཐབས་བརྒྱུད་བེད་མེད་དུ་ལུས་པའི་མ་དངུལ་སྣ་ཚོགས་དང་ལྷག་པར་དུ་དམངས་ཁྲོད་ཀྱི་བེད་མེད་དུ་ལུས་པའི་མ་དངུལ་གཅིག་སྡུད་བྱས་ནས་གཅིག་གྱུར་ཐོག་ནོར་སྲིད་སྡེ་ཚན་གྱིས་ཚོད་འཛིན་དང་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་རེད། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལྟར་ཁེ་སྤོགས་དེ་ཐད་ཀའི་དམིགས་ཡུལ་དུ་མི་འཛིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐད་ཀའམ་གཞན་བརྒྱུད་ཀྱི་དངུལ་བུན་གཏོང་ཐབས་སྤྱད་དེ་ཁེ་ལས་སམ་བྱ་ལས་སྡེ་ཚན་གྱིས་ཐོན་སྐྱེད་དང་བྱ་གཞག་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་བྱེད་སྒོ་ཞིག་ཡིན། མ་དངུལ་འཇོག་བསྡུའི་དོ་དམ་ནི་སྲིད་ཇུས་རང་བཞིན་གྱི་མ་དངུལ་འཇོག་བསྡུའི་རིགས་ཤིག་ཡིན་པ་དང་། དེ་ནི་སྤྱིར་བཏང་གི་ནོར་སྲིད་མ་འཇོག་དང་མི་འདྲ་ལ། སྤྱིར་བཏང་གི་ཚོང་ལས་རང་བཞིན་གྱི་མ་འཇོག་དང་ཡང་མི་འདྲ་བར། དེ་གཉིས་བར་གྱི་སྲིད་གཞུང་གི་མ་འཇོག་བྱེད་སྟངས་གསར་པ་ཞིག་ཡིན།

རིགས་དབྱེ།  

ལག་དངུལ་མ་འཇོག

ལག་དངུལ་མ་འཇོག་ཅེས་པ་ནི་དངུལ་ལོར་མ་རྩ་དེ་མ་དངུལ་འཇོག་པ་ལ་ཟེར། ལག་དངུལ་མ་དངུལ་འཇོག་པ་ནི་ཐད་ཀར་མ་དངུལ་འཇོག་པའི་ཁྲོད་ཀྱི་མ་དངུལ་གཏོང་པའི་རྣམ་པ་གལ་ཆེན་ཞིག་ཡིན་ལ། ཁེ་ལས་ལ་ལག་དངུལ་ཡོད་ན་མཁོ་བའི་དངོས་པོ་ཐོབ་ཐུབ་པ་དང་། འགྲོ་གྲོན་སྣ་ཚོགས་སྤྲོད་ཆོག་པས་སྟབས་བསྟུན་གྱི་རང་བཞིན་ཆེ་ཤོས་ལྡན་ཡོད། དེར་བརྟེན་ཁེ་ལས་ཀྱིས་མ་དངུལ་འཇོག་མཁན་བརྩོན་ལེན་དང་ལག་དངུལ་གྱི་བྱེད་ཐབས་སྤྱད་དེ་མ་དངུལ་གཏོང་གང་ཐུབ་བྱེད་དགོས། མ་དངུལ་གཏོང་བའི་ཁྲོད་དུ་ལག་དངུལ་གཏོང་བའི་གྲངས་ཀ་དེ་མ་དངུལ་བཏང་བའི་དངོས་པོ་དང་བཟོ་ལས་ཐོན་དབང་གི་གནས་སུ་ད་དུང་བཟོ་གྲྭ་འཛུགས་པའི་འགྲོ་སོང་དང་རྒྱུན་ལྡན་གྱི་འཁོར་རྒྱུག་དགོས་མཁོ་བསྐོང་དགོས།

རིགས་དབྱེ།  

ཁྲོམ་རའི་སྐྱེད་ཚད།

ཁྲོམ་རའི་སྐྱེད་ཚད་ནི་དངུལ་ལོར་གྱི་མ་རྩའི་མཁོ་སྤྲོད་ཀྱི་འབྲེལ་བས་གཏན་དུ་འབེབས་པའི་སྐྱེད་ཚད་ལ་ཟེར།

རིགས་དབྱེ།  

གཞུང་ཕྱོགས་སྐྱེད་ཀ

གཞུང་ཕྱོགས་སྐྱེད་ཀ་ནི་སྲིད་གཞུང་གི་དངུལ་རྩའི་དོ་དམ་ལས་ཁུངས་སམ་ལྟེ་བའི་དངུལ་ཁང་གིས་གཏན་དུ་འབེབས་པའི་སྐྱེད་ཀར་གོ་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ཆེ་མཐོང་ལེགས་སྒྲིག་གི་དམིགས་ཡུལ་དུ་སླེབས་པའི་སྲིད་ཇུས་རིགས་ཤིག་ཡིན།

རིགས་དབྱེ།  

ཡུན་ཐུང་སྐྱེད་ཚད།

བུ་ལོན་གཏོང་ལེན་གྱི་དུས་ཡུན་ལོ་གཅིག་མན་ཡིན་པའི་སྐྱེད་ཚད་ལ་ཡུན་ཐུང་སྐྱེད་ཚད་ཟེར། སྐྱེད་ཚད་དེ་དུས་ཡུན་རིང་ཐུང་གི་སྒོ་ནས་དབྱེ་ན། ཡུན་ཐུང་སྐྱེད་ཚད་དང་ཡུན་རིང་སྐྱེད་ཚད་གཉིས་སུ་དབྱེ་ཡོད།

རིགས་དབྱེ།  

ཡུན་རིང་སྐྱེད་ཚད།

བུ་ལོན་གཏོང་ལེན་གྱི་དུས་ཡུན་ལོ་གཅིག་ཡན་གྱི་སྐྱེད་ཚད་ལ་ཡུན་རིང་སྐྱེད་ཚད་ཟེར། སྐྱེད་ཚད་ལ་དུས་ཡུན་རིང་ཐུང་གི་སྒོ་ནས་དབྱེ་ན། ཡུན་ཐུང་སྐྱེད་ཚད་དང་ཡུན་རིང་སྐྱེད་ཚད་གཉིས་ཡོད།

རིགས་དབྱེ།  

མིང་ཐོག་སྐྱེད་ཚད།

མིང་ཐོག་སྐྱེད་ཚད་ནི་ཀྲུང་དབྱང་དངུལ་ཁང་ངམ་མ་དངུལ་གྱི་བུ་ལོན་གཏོང་མཁན་ལས་ཁུངས་གཞན་དག་གིས་ཁྱབ་བསྒྲགས་བྱས་པའི་འགྲོ་རྒྱུག་དངུལ་ལོར་ཚད་བརྒལ་འགྲེམ་པའི་རྒྱུ་རྐྱེན་ལེགས་སྒྲིག་མ་བྱས་པའི་སྐྱེད་ཀའི་ཚད་ལ་ཟེར། དེ་ནི་སྐྱེད་ཀ(ཐོབ་ཆ)ཡི་དངུལ་ལོར་གྱི་གྲངས་འབོར་དང་མ་དངུལ་གྱི་དངུལ་ལོར་གྱི་གྲངས་འབོར་བར་གྱི་བསྡུར་ཚད་ཡིན། འགྲོ་རྒྱུག་དངུལ་ལོར་ཚད་བརྒལ་འགྲེམ་པར་ཁ་གསབ་བྱེད་པ་ལ(འགྲོ་རྒྱུག་དངུལ་ལོར་དམ་དུ་གཏོང་བ)ཉེན་ཁའི་སྐྱེད་ཀའི་ཚད་ཟེར།

རིགས་དབྱེ།  

དངོས་ཡོད་སྐྱེད་ཚད།

དངོས་ཡོད་སྐྱེད་ཚད་ཅེས་པ་ནི་འགྲོ་རྒྱུག་དངུལ་ལོར་ཚད་བརྒལ་འགྲེམ་རྗེས་དངུལ་བཅོལ་མཁན་ནམ་མ་དངུལ་འཇོག་མཁན་ལ་ཐོབ་པའི་དངོས་ཡོད་སྐྱེད་ཀ་ལ་ཟེར། རྒྱལ་ཁབ་གང་ཞིག་གི་དངོས་ཡོད་སྐྱེད་ཀའི་ཚད་ཇི་ལྟར་མཐོ་ན་རྒྱལ་ཁབ་དེའི་དངུལ་ལོར་གྱི་ཡིད་རྟོན་བྱེད་ཚད་དེ་བས་ལེགས་པ་དང་ཚ་རླབས་དེ་གར་འཕྱུར་བའི་གོ་སྐབས་དེ་བས་མཐོ་བ་ཡོད།

རིགས་དབྱེ།  

དངུལ་ལོར་གྱི་རིམ་འགྱུར།

རང་རྒྱལ་དུ་གནའ་དུས་སུ་ཉ་ལྕིབས་ཕྱི་སྐོགས་ཀྱིས་དངུལ་ལོར་བྱས་མྱོང་བ་དང་། དངུལ་ལོར་བླུགས་མའི་གྲས་སུ་གྲི་དང་། སྟ་རེ། ཨ་ལོང་བཅས་ཀྱི་དབྱིབས་རིས་ཡོད་ཅིང་། དངོས་ཟོག་ཅེས་ཉ་ལྕིབས་དང་། དོང་ཙེ་ཞེས་འཇོར། བྲེ་ཞེས་གཤོང་སོགས་གནའ་རང་རྒྱལ་གྱི་ཚོང་ཟོག་བརྗེ་རེས་སུ་བྱུང་བ་ལས་ང་ཚོས་དེའི་གྲས་སུ་ཞིང་ལས་ཡོ་བྱད་ཀྱང་དངུལ་ལོར་བྱས་མྱོང་ཡོད།

རིགས་དབྱེ།  

དངུལ་བུན་སྤྱིར་བཏང་བ།

དངུལ་བུན་སྤྱིར་བཏང་བ་ཞེས་པ་ནི་དངུལ་སྡུད་ཐབས་ཆེས་རྒྱུན་ལྡན་ཞིག་ཡིན་ཏེ། དངུལ་བུན་གཏོང་མཁན་དང་སྐྱི་མཁན་ཕྱོགས་གཉིས་ཀྱིས་བསྐྱིས་དངུལ་ཕྱིར་སྤྲོད་པའི་དུས་ཚོད་དང་སྐྱེད་ཀ་ཐག་བཅད་རྗེས། དུས་བཅད་ལྟར་མ་དངུལ་དང་སྐྱེད་ཀ་མཉམ་གཅིག་ཏུ་འཇལ་བ་ཞིག་ལ་ཟེར།

རིགས་དབྱེ།  

དངུལ་རྩ་སྐྱེ་འཕེལ་གྱི་ཡོ་བྱད།

དངུལ་རྩ་སྐྱེ་འཕེལ་གྱི་ཡོ་བྱད་ནི་གན་རྒྱ་རིགས་ཤིག་དང་། དེའི་རིན་ཐང་ནི་གན་རྒྱས་མཆན་བཀོད་དངོས་པོའི་དངུལ་རྩའི་ཡོ་བྱད་དང་། སྟོན་གྲངས། མ་འཇོག་ཡོ་བྱད་གཞན་གྱི་འགྱུར་བས་གཏན་དུ་འབེབས། དངུལ་རྩ་སྐྱེ་འཕེལ་གྱི་ཡོ་བྱད་ཀྱི་ཁོངས་སུ་ཡུན་རིང་གན་རྒྱ་དང་འབྱུང་འགྱུར་གན་རྒྱ། འདེམ་དབང་གན་རྒྱ། དཔང་ཡིག(warrant) བརྗེ་རེས་གྲོས་མཐུན།(swap) བཤུག་ཆོག་པའི་དངུལ་འཛིན(conuertibles)བཅས་འདུས།

རིགས་དབྱེ།  

ཡུན་རིང་གན་རྒྱ།

ཡུན་རིང་གན་རྒྱ་ནི་དངུལ་རྩ་སྐྱེ་འཕེལ་གྱི་ཡོ་བྱད་སླ་ཤོས་ཀྱི་རིགས་ཡིན། མ་འོངས་པའི་དུས་བཅད་ཞིག་ཏུ། ཐག་བཅད་རིན་གོང་ལྟར་རྒྱུ་ནོར་ཚད་ངེས་ཅན་ཉོ་ཚོང་བྱེད་ཐག་གཅོད་པའི་གན་རྒྱ་ཡིན། ཡུན་རིང་གན་རྒྱ་རུ་ཕྱོགས་གཉིས་ཀྱིས་ཉོ་ཚོང་བྱེད་པར་ཐག་བཅད་པའི་རྒྱུ་ནོར་ལ་མཆན་བཀོད་རྒྱུ་ནོར་ཟེར་ཞིང་། ཐག་བཅད་རིན་གོང་ལ་གྲོས་མཐུན་རིན་གོང་ཟེར། ཐག་བཅད་རིན་གོང་ལྟར་མཆན་བཀོད་རྒྱུ་ནོར་བཙོང་མཁན་ལ་སྟོང་བའི་ཕྱོགས་ཟེར་བ་དང་། ཐག་བཅད་རིན་གོང་ལྟར་མཆན་བཀོད་རྒྱུ་ནོར་ཉོ་མཁན་ལ་སྣ་མང་ཕྱོགས་ཟེར་རོ༎

རིགས་དབྱེ།  

འབྱུང་འགྱུར་གན་རྒྱ།

འབྱུང་འགྱུར་གན་རྒྱ་ནི་ཡུན་རིང་གན་རྒྱར་གཞི་བྱས་ནས་དར་བའི་ཉོ་ཚོང་གན་རྒྱ་ཚད་ལྡན་ཞིག་ཡིན། ཡུན་རིང་གན་རྒྱ་བཞིན་འབྱུང་འགྱུར་གན་རྒྱའང་མ་འོངས་པའི་དུས་བཅད་ཞིག་ཏུ། ཐག་བཅད་རིན་གོང་ལྟར་རྒྱུ་ནོར་ཚད་ངེས་ཅན་ཉོ་ཚོང་བྱེད་ཐག་གཅོད་པའི་གན་རྒྱ་ཡིན།

རིགས་དབྱེ།  

འདེམ་དབང་གན་རྒྱ།

འདེམ་དབང་གན་རྒྱས་དེ་འཇོག་མཁན(འདེམ་དབང་ཉོ་བ་བོ)ལ་དབང་ཆ་ཞིག་སྟེར་ནས། མ་འོངས་པའི་དུས་བཅད་ཅིག་ཏུ། ཐག་བཅད་རིན་གོང་ལྟར་འདེམ་དབང་གན་རྒྱ་བཙོང་མཁན་ལ་ཚོང་ཟོག་གམ་དངུལ་རྩའི་རྒྱུ་ནོར་ཚད་ངེས་ཅན་ཉོ་བའམ(འཕར་བའི་འདེམ་དབང)བཙོང(འགྲིབ་པའི་འདེམ་དབང)དུ་འཇུག་ཆོག།

རིགས་དབྱེ།  

ཕྱི་དངུལ་ཁྲོམ་ར་བརྗེ་རེས།

ཕྱི་དངུལ་ཁྲོམ་ར་བརྗེ་རེས་ནི་བརྗེ་རེས་པ་ཕྱོགས་གཉིས་ཀྱིས་འཛའ་ཐང་ངེས་གཏན་ལྟར་དངུལ་ལོར་རིགས་གཉིས་ཀ་བརྗེ་རེས་བྱས་ཐོག མ་འོངས་པའི་དུས་བཅད་ངེས་ཅན་ནང་འཛའ་ཐང་དེ་ལྟར་ཕན་ཚུན་གྱིས་དེ་སྔའི་དངུལ་ལོར་ཕྱིར་ཉོ་ཐག་གཅོད་པར་གོ་དགོས། སྤྱིར་ཕྱི་དངུལ་ཁྲོམ་ར་བརྗེ་རེས་ཀྱི་དུས་བཅད་ཅུང་ཐུང་བས། སྐྱེད་ཀ་གཏོང་སྤྲོད་ལ་འབྲེལ་བ་མེད།

རིགས་དབྱེ།  

མ་རྩའི་ཁྲོམ་ར་བརྗེ་རེས།

མ་རྩའི་ཁྲོམ་ར་བརྗེ་རེས་ཀྱི་ལས་རིམ་ནི་ཕྱི་དངུལ་ཁྲོམ་ར་བརྗེ་རེས་དང་གཅིག་མཐུན་ཡིན་ཞིང་། ཕྱོགས་གཉིས་ཀྱིས་འཛའ་ཐང་ཆ་མཚུངས་ལྟར་ཕན་ཚུན་གྱི་དངུལ་ལོར་ཉོ་ཚོང་བྱེད་མོད། དེའི་དུས་ཡུན་ཅུང་རིང་སྟེ། རྒྱུན་པར་ལོ་ངོ5ནས10བར་ཡིན་པ་དང་། གྲོས་མཐུན་དུས་བཅད་ནང་བརྗེ་རེས་པ་ཕྱོགས་གཉིས་ཀྱིས་རང་ཉིད་ཀྱིས་ཉོས་པའི་དངུལ་ལོར་ལ་སྐྱེད་ཀ་སྤྲོད་དགོས།

རིགས་དབྱེ།  

སྐྱེད་ཚད་བརྗེ་རེས།

སྐྱེད་ཚད་བརྗེ་རེས་ནི་བརྗེ་རེས་པ་ཕྱོགས་གཉིས་ཀྱིས་རང་གི་བུན་བདག(བུ་ལོན)གི་སྐྱེད་འབབ(འགྲོ་སོང)དང་ཕ་རོལ་པོའི་བུན་བདག(བུ་ལོན)གི་སྐྱེད་འབབ(འགྲོ་སོང)ཕན་ཚུན་བརྗེ་རེས་བྱ་བར་གོ་དགོས།

རིགས་དབྱེ།  

སྐྱེད་ཡིག་བརྗེ་རེས།

སྐྱེད་ཡིག་བརྗེ་རེས་ནི་དངུལ་ལོར་རིགས་མཐུན་གྱི་སྐྱེད་འབབ་གཏན་ཆགས(སྤྲོད་པ)དང་སྐྱེད་འབབ་གཡོ་བ་ཅན(སྤྲོད་པ)གཉིས་བརྗེ་བ་ལ་འཇུག། བུན་བདག(བུ་ལོན)འདི་གཉིས་ཀའི་མ་རྩའི་མིང་ཐོག་རིན་ཐང་དང་། དུས་ཆད། སྐྱེད་སྤྲོད་ཉི་མ་བཅས་འདྲ་ཡང་། མི་འདྲ་ས་ནི་འདི་ལས་བུན་བདག(བུ་ལོན)གཅིག་ཤོས་གཡོ་བ་ཅན་ཡིན་པ་དང་། གཅིག་ཤོས་ནི་སྐྱེད་ཚད་གཏན་ཆགས་ཡིན་པ་དེའོ༎

རིགས་དབྱེ།