ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >ཀུང་ཟི།

རང་ས་གནས་ཀྱི་ཁེ་ལས།

རང་ས་གནས་ཀྱི་ཁེ་ལས་ནི་རྒྱལ་ཁབ་གཅིག་གི་མངའ་ཁོངས་ནང་གཙོ་བོ་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་གཙོ་བོ་རྒྱལ་ནང་དུ་ཐོན་སྐྱེད་དང་།ཕྱིར་ཚོང་།ངལ་ནུས་སོགས་དཔལ་འབྱོར་བྱེད་སྒོ་སྤེལ་བའི་ཁེ་གཉེར་རང་བཞིན་གྱི་རྩ་འཛུགས་ལ་ཟེར།

རིགས་དབྱེ།  

དངུལ་རྩའི་ཞབས་ཞུ་ཀུང་སི།

དངུལ་རྩའི་ཞབས་ཞུ་ཀུང་སི་ཞེས་པ་ནི་ལས་སྒོ་སྤེལ་ནས་མཁོ་མཁན་ལ་དངུལ་རྩའི་རིགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་ཀུང་སི་ལ་ཟེར། ཀུང་སི་དེ་རིགས་ཀྱིས་དངུལ་ལོར་ཉོ་ཚོང་བྱེད་ཐབས་སྤྱད་དེ་རིན་ཐང་ལྡན་པའི་དངོས་རྫས་བསྲེས་ནས་དངུལ་རྩའི་བྱེད་སྒོའི་ནང་ཞུགས་མཁན་དང་སྐུ་མགྲོན་ལ་ཐུན་མོང་ཐོག་ཕན་པ་ཐོབ་པའི་བྱེད་སྒོ་ཞིག་རེད། འཛམ་གླིང་ཚོང་དོན་ཚོགས་པའི་ཟུར་བཀོད་ཡིག་ཆའི་ནང་དོན་ལྟར་ན། དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་གཤམ་གསལ་གྱི་རིགས་གྲས་ལས་ཁུངས་ཚུད་ཡོད་དེ། འགན་བཅོལ་དང་དེའི་འབྲེལ་ཡོད་ཞབས་ཞུའི་ནང་ད་དུང་དངུལ་ཁང་ཡོད་ཚད་དང་དངུལ་རྩའི་ཞབས་ཞུ་གཞན་དག(འགན་བཅོལ་ཕུད)ཚུད་ཡོད།

རིགས་དབྱེ།  

རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས།

རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཞེས་པ་ནི་ཁེ་ལས་ཀྱི་མ་རྩ་ཡོངས་རྫོགས་ནང་རྒྱལ་ཁབ་ཀྱི་མ་རྩའི་རྐང་དངུལ་གྱིས་བསྡུར་ཚད་ཅུང་མཐོ་བ་ཟིན་པར་མ་ཟད། རྒྱལ་ཁབ་ཀྱིས་དངོས་སུ་ཚོད་འཛིན་བྱེད་པའི་ཁེ་ལས་ལ་ཟེར། མ་རྐང་ཚོད་འཛིན་བལྟོས་མེད་བྱེད་པའི་ཁེ་ལས་དང་མ་རྐང་ཚོད་འཛིན་བལྟོས་བཅས་བྱེད་པའི་ཁེ་ལས་ཚུད་ཡོད།

རིགས་དབྱེ།  

ཀུང་སིའི་དཔྱ་ཁྲལ་ལམ་ལུགས།

ཀུང་སིའི་དཔྱ་ཁྲལ་ལམ་ལུགས་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཐོབ་ཁྲལ་ལམ་ལུགས་ཀྱི་རིགས་ཤིག་ཡིན། དཔྱ་ཁྲལ་བསྡུ་ཡུལ་ནི་ཀུང་སིའི(ཁྲིམས་མི)ཐོབ་ཆ་ཡིན། དེའི་ནང་གཉེར་སྐྱོང་གི་ཐོབ་ཆ་དང་། སྐྱེད་ཀའི་ཐོབ་ཆ། ཁྱབ་དཔང་སྤྱད་པ་ལས་བྱུང་བའི་ཐོབ་ཆ། མ་རྩའི་ཁེ་སྤོགས་ཀྱི་ཐོབ་ཆ། ངལ་ལས་ཀྱི་ཐོབ་ཆ། ཐོབ་ཆ་གཞན་དག་སོགས་ཚུད་ཡོད།

རིགས་དབྱེ།  

སྤྱིའི་ཐོབ་ཆ།

སྤྱིའི་ཐོབ་ཆ་ནི་མི་སྒེར་དང་། ཁྲིམས་མི། སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་བཅས་ཀྱིས་དུས་ཡུན་ངེས་ཅན་ཞིག་གི་ནང་ངལ་རྩོལ་དང་། གཉེར་སྐྱོང་། མ་དངུལ་འཇོག་པ་བཅས་སམ་ཡང་ན་རྒྱུ་ནོར་དང་ཁེ་དབང་མི་གཞན་ལ་སྤྲད་ནས་བེད་སྤྱོད་བྱེད་དུ་བཅུག་ནས་ཐོབ་པའི་ཡོངས་འབབ་དང་ངལ་རྩོལ་གྱི་ཐོབ་ཆ་ཡིན་ཞིང་། དེ་ནི་ལེན་མཁན་གྱིས་བཀོལ་སྤྱོད་བྱེད་པའི་སྤྱིའི་ཐོབ་ཆ་ཡིན། ཐོབ་ཆ་གཙང་མ་དེ་གཞི་ནས་ཐོབ་ཁྲལ་གྱི་ཁྲལ་འཇལ་བྱ་ཡུལ་དུ་བརྩིས་ཆོག

རིགས་དབྱེ།