ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >དོ་དམ།

མི་མེད་དངུལ་ཁང་།

དངུལ་ཁང་ལས་བཟོ་བའི་རོགས་རམ་མི་དགོས་པར་དངུལ་ལེན་མཁན་གྱིས་གློག་རྡུལ་རྩིས་འཁོར་གྱི་སྒྲིག་ཆས་ལ་བརྟེན་ནས་རང་གིས་རང་ལ་ཞབས་འདེགས་ཞུ་བའི་དངུལ་ཁང་ཞིག་གི་མིང་།

རིགས་དབྱེ།  

ཨང་རྟགས།

ཨང་རྩིས་དུས་རབས་ཀྱི་མཚོན་རྟགས་གཙོ་བོ་ཡིན་ལ། མི་རེ་རེས་དམིགས་བསལ་གྱི་རྣམ་གྲངས་ཁྲོད་རང་ཉིད་ཀྱི་ཚབ་བྱེད་ཐུབ་པའི་ཨང་རྩིས་དེ་དག་ལ་ཟེར།

རིགས་དབྱེ།  

ཚོང་རའི་གཉེར་སྐྱོང་བརྟག་ཞིབ།

ཚན་རིག་གི་ཐབས་ཤེས་བཀོལ་ཏེ། དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་ཚོང་རའི་གཉེར་སྐྱོང་ཕྱོགས་ཀྱི་འབྲེལ་ཡོད་ཀྱི་ཆ་འཕྲིན་བསྡུ་ལེན་དང་། ལེགས་སྒྲིག དབྱེ་ཞིབ་བཅས་བྱས་མཐར། ཕྱི་ཡུལ་གྱི་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་ལྟ་ཚུལ་ཐོབ་ཐབས་བྱེད་པ་དང་། གནད་དོན་ཐག་གཅོད་པའི་གྲོས་གཞི་འདོན་པ། གཉེར་སྐྱོང་ཐབས་ཇུས་ཐག་གཅོད་མི་སྣར་གཉེར་སྐྱོང་ཁོར་ཡུག་རྒྱུས་ལོན་དང་། གོ་སྐབས་རྙེད་ཅིང་གནད་དོན་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱེད་པ་མ་ཟད། ད་དུང་ཚོང་ར་སྔོན་དཔོག་དང་གཉེར་སྐྱོང་ཇུས་ཐག་གཅོད་པའི་གཞི་འཛིན་ས་བྱས་ཆོག་པ་ཞིག་ལ་གོ།

རིགས་དབྱེ།  

ཚོང་རའི་དགོས་མཁོ་ཚད་ལེན།

ཁེ་ལས་ཀྱིས་མིག་སྔའི་དགོས་མཁོ་ཚོད་རྩིས་དང་། དངོས་ཡོད་ཀྱི་ཚོང་རའི་མངོན་མེད་ནུས་ཤུགས་དང་ཁེ་ལས་ལ་ཐོབ་འོས་པའི་ཚོང་རའི་ཐོབ་སྐལ་ཚོད་རྩིས་བྱེད་པར་གོ།

རིགས་དབྱེ།  

ཚོང་རའི་གཉེར་སྐྱོང་གི་སྡེབ་སྒྲིག

ཁེ་ལས་ཀྱིས་དམིགས་འབེན་ཚོང་ར་བདག་ཏུ་འཛིན་པ་དང་མགྲོན་པོའི་དགོས་འདོད་སྐོང་བའི་ཆེད་དུ། སྙོམས་སྒྲིག་དང་མཐུན་སྦྱོར་གྱིས་ཚོད་འཛིན་བྱ་ཐུབ་པའི་རྒྱུ་རྐྱེན་ལ་གོ་ཞིང་། དེ་ནི་ཐོན་རྫས་དང་རིན་གོང་གཅོད་པ། ཐབས་ལམ་དང་སྐུལ་འཚོང་བཅས་ཀྱིས་གྲུབ།

རིགས་དབྱེ།  

ཁེ་ལས་ཀྱི་འཐབ་ཇུས།

ཇུས་ཐག་གཅོད་པའི་རྣམ་པ་ཞིག་ཡིན་ཏེ། ཁེ་ལས་ཀྱི་དམིགས་ཡུལ་དང་དམིགས་འབེན་ཐག་གཅོད་བྱེད་པ་དང་། དམིགས་ཡུལ་མངོན་དུ་འགྱུར་བའི་བྱེད་ཕྱོགས་དང་འཆར་གཞི་གཙོ་བོ་འདོན་པ། ཁེ་ལས་ཀྱིས་དོན་གཉེར་བྱ་འོས་པའི་གཉེར་སྐྱོང་ལས་སྒོ་གཏན་འབེབས་བྱེད་པ། ཁེ་ལས་ཀྱི་དཔལ་འབྱོར་རྣམ་པ་དང་མི་ཆོས་རྩ་འཛུགས་ཀྱི་རྣམ་པ་གསལ་པོར་བྱེད་པ་དང་ཁེ་ལས་ཀྱིས་ལས་བཟོ་པ་དང་མགྲོན་པོ་སྤྱི་ཚོགས་བཅས་ལ་དཔལ་འབྱོར་དང་དཔལ་འབྱོར་མ་ཡིན་པའི་བྱས་རྗེས་འཇོག་པ་ཐག་གཅོད་བྱེད་པ་ཞིག་ཡིན་པར་འདོད།

རིགས་དབྱེ།  

ཞིང་ནགས་དཔལ་འབྱོར་དོ་དོམ།

ཞིང་ནགས་དཔལ་འབྱོར་དོ་དམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོགས་ཆུང་གིས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཞིང་ནགས་དཔལ་འབྱོར་དོ་དམ་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

ངལ་རྩོལ་དོ་དམ་རིག་པ།

ངལ་རྩོལ་དོ་དམ་རིག་པ་ནི་ངལ་རྩོལ་གྱི་ལས་ཆོད་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བར་ཞིབ་འཇུག་དང་། ངལ་རྩོལ་ནུས་ཤུགས་དང་། ངལ་རྩོལ་བྱ་ཡུལ། ངལ་རྩོལ་བྱེད་ཐབས་ཀྱི་བྱེད་སྒོའི་ཆོས་ཉིད་བཅས་སྒྲིག་འཛུགས་ལུགས་མཐུན་བྱེད་པའི་རིག་ཚན་ཞིག་ཡིན། ངལ་རྩོལ་དོ་དམ་རིག་པ་ནི་ངལ་རྩོལ་ཚན་རིག་དང་དོ་དམ་ཚན་རིག་གི་སྣོལ་འདྲེས་རིག་ཚན་ཞིག་ཡིན། ངལ་རྩོལ་དོ་དམ་རིག་པར་སྤྱི་ཁོག་ངལ་རྩོལ་དོ་དམ་རིག་པ་དང་ཕྲ་མཐོང་ངལ་རྩོལ་དོ་དམ་རིག་པ་གཉིས་ཡོད། རང་རྒྱལ་གནའ་རབས་ཀྱི་ལྕགས་རི་རིང་པོ་འཛུགས་སྐྲུན་བྱེད་པ་ནི་ངལ་རྩོལ་དོ་དམ་གྱི་ལག་ལེན་ཡིན། གནའ་བོའི་དཔལ་འབྱོར་རིག་པ་བ་ཡ་ཏང•སི་སྨིས་ཐའེ་ལུའོ་ཡི་གོང་དུ་ངལ་རྩོལ་ལས་བགོས་དང་ངལ་རྩོལ་དོ་དམ་བྱ་དགོས་ཞེས་སྔ་ས་ནས་བཏོན་ཡོད། ངལ་རྩོལ་དོ་དམ་ནི་རིག་ཚན་ཞིག་ཡིན་པའི་ཆ་ནས་ཞིབ་འཇུག་བྱེད་པའམ་ཡང་ན་ཉེ་རབས་ནས་འགོ་བརྩམས་པ་ཡིན། ངལ་རྩོལ་དོ་དམ་རིག་པ་ནི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་ཡིན་ཞིང་། དེ་ནི་དཔལ་འབྱོར་རིག་པ་དང་། སྤྱི་ཚོགས་རིག་པ། དོ་དམ་རིག་པ། སློབ་གསོ་རིག་པ། ཁོར་ཡུག་ཚན་རིག་སོགས་དང་འབྲེལ་བ་དམ་ཟབ་ཡོད།

རིགས་དབྱེ།  

དོ་དམ་མི་སྣ་གསར་སྤེལ།

དོ་དམ་མི་སྣ་གསར་སྤེལ(Management Development)ཞེས་པ་ནི་ཤེས་བྱ་བརྒྱུད་སྤྲོད་དང་། འདུ་ཤེས་སྒྱུར་བ། རྩལ་ནུས་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་མིག་སྔར་རམ་ཡང་ན་འབྱུང་འགྱུར་གྱི་དོ་དམ་ལས་ཀའི་ཕན་འབྲས་ཇེ་ལེགས་སུ་གཏོང་བའི་བྱེད་སྒོ་མཐའ་དག་ལ་ཟེར། དེའི་ནང་ཁེ་ལས་ནང་ཁུལ་གྱི་སློབ་ཁྲིད་འཆར་གཞི་ཚུད་ཡོད་པ་དཔེར་ན། སློབ་ཁྲིད་དང་། ཟུར་ཁྲིད། རེས་མོས་ཀྱིས་ལས་ཀ་བྱེད་པ་བཅས་ཡིན། ཆེད་ལས་སློབ་ཁྲིད་འཆར་གཞི་དཔེར་ན་དོ་དམ་མཐུན་ཚོགས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དང་སློབ་ཆེན་གྱིས་བཙུགས་པའི་གཉེར་སྐྱོང་དོ་དམ་མི་སྣMBAསློབ་ཁྲིད་འཆར་གཞི་ལྟ་བུ་ཡིན།

རིགས་དབྱེ།  

དོ་དམ་ཆ་འཕྲིན་མ་ལག

དོ་དམ་ཆ་འཕྲིན་མ་ལག་ནི་མིས་གཙོ་ཁྲིད་བྱེད་པ་དང་། རྩིས་འཁོར་གྱི་མཁྲེགས་ཆས་དང་། མཉེན་ཆས། དྲ་རྒྱའི་འཕྲིན་གཏོང་སྒྲིག་ཆས་བཅས་དང་དེ་བཞིན་གཞུང་ལས་སྒྲིག་ཆས་གཞན་དག་བེད་སྤྱད་དེ་ཆ་འཕྲིན་བསྡུ་རུབ་དང་། སྐྱེལ་འདྲེན། ལས་སྣོན། གསོག་འཇོག གསར་བཅོས། རྒྱ་སྐྱེད། སྲུང་སྐྱོང་བཅས་བྱེད་པའི་མ་ལག་ཅིག་ཡིན།

རིགས་དབྱེ།  

རྒྱུད་ཁོངས་འདྲ་བཟོ།

རྒྱུད་ཁོངས་འདྲ་བཟོ་ནི་རྒྱུད་ཁོངས་དབྱེ་ཞིབ་ཀྱི་དམིགས་ཡུལ་ལྟར། མ་ལག་གི་རྒྱུ་ཆ་སོ་སོའི་རང་བཞིན་དང་ཕན་ཚུན་འབྲེལ་བའི་རྨང་གཞིའི་སྟེང་དུ། མ་ལག་གི་ཆགས་ཚུལ་དང་བྱ་སྤྱོད་ཀྱི་གོ་རིམ་ཞིབ་འབྲི་བྱས་ཡོད་པ་མ་ཟད། གཏན་ཚིགས་ཀྱི་འབྲེལ་བ་ངེས་ཅན་ཞིག་གམ་ཡང་ན་གྲངས་ཚད་ཀྱི་འབྲེལ་བ་ངེས་ཅན་ཞིག་ལྡན་པའི་འདྲ་བཟོ་བྱས་པའི་དཔེ་དབྱིབས་ཤིག་ཡིན། དེར་གཞིགས་ནས་ཚོད་ལྟ་དང་ཡང་ན་གྲངས་ཚད་ཀྱི་དབྱེ་ཞིབ་བྱས་ཏེ། ཡང་དག་པའི་ཐབས་ཇུས་ལ་མཁོ་བའི་ཆ་འཕྲིན་སྣ་ཚོགས་ཐོབ་ཏུ་འཇུག་དགོས།

རིགས་དབྱེ།  

ལས་ནུས་རིག་པ།

ལས་ནུས་རིག་པར་མི་ལ་དབང་པའི་བཟོ་སྐྲུན་རིག་པའམ་མིའི་འཕྲུལ་འཁོར་གྱི་བཟོ་སྐྲུན་རིག་པའང་ཟེར། དེ་ནི་སྐྱེ་ཁམས་རིག་པ་དང་། སེམས་ཁམས་རིག་པ། འཕྲོད་བསྟེན་རིག་པ། མིའི་ལུས་ཁམས་ཀྱི་ཚད་འཇལ་ཞིབ་འཇུག་ཐོན་སྐྱེད་མ་ལག་བཅས་ཀྱི་ནང་དུ་མིའི་བར་དང་། འཕྲུལ་འཁོར། ཁོར་ཡུག་བཅས་ཀྱི་བར་ཕན་ཚུན་ནུས་པ་ཐོན་རེས་བྱེད་པའི་སྣ་འཛོམས་ཚན་རིག་ཅིག་ཡིན། ལས་ནུས་རིག་པ། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་རྒྱ་ཁྱབ་ཤེས་བྱའི་ནང་དོན་བསྡུ་ལེན་བྱས་ཡོད་ཅིང་། དེ་ནི་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་མཐའ་མཚམས་ཀྱི་རིག་ཚན་ཞིག་ཡིན། འཕྲུལ་ཆས་བཟོ་ལས་ཀྱི་ཁྲོད་དུ། ལས་ཆོད་རིག་པ་ཡིས་ཇི་ལྟར་ཇུས་འགོད་བྱས་པའི་འཕྲུལ་འཁོར་དང་། ཡོ་བྱད། སྒྲིག་ཆས་ཆ་ཚང་བཅས་བཀོལ་སྤྱོད་བྱེད་ཐབས་དང་ལས་སྒྲུབ་ཁོར་ཡུག་བཀོལ་སྤྱོད་བྱེད་མཁན་གྱི་བླང་བྱ་དང་འཚམ་པར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་ཡོད།

རིགས་དབྱེ།  

དོ་དམ་ལས་གྲྭའི་ཆེད་ལས་ཅན་གྱི་མཉམ་སྒྲུབ།

སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན། ཆེད་ལས་ཅན་ཞེས་པ་ནི་བཟོ་ལས་སམ་ལས་རིགས་ནང་ཁུལ་གྱི་སྡེ་ཁག་སོ་སོ་དང་ཁེ་ལས་ཀྱིས་ཆེད་ལས་ལྟར་ལས་བགོས་ལུགས་མཐུན་བྱེད་པ་དང་། ཐོན་སྐྱེད་རོགས་ལས་ནི་ཆེད་ལས་ཅན་དུ་འགྱུར་བའི་སྡེ་ཁག་དང་ཁེ་ལས་བར་ཐོན་སྐྱེད་ཀྱི་ལས་འགན་གཅིག་འདྲ་སྒྲུབ་ཕྱིར་བཙུགས་པའི་འཕྲེད་ཕྱོགས་ཀྱི་ཐོན་སྐྱེད་འབྲེལ་བ་ཞིག་ཡིན། རོགས་ལས་དངོས་སུ་བྱས་ན་ཆེད་ལས་སྡེ་ཁག་དང་ཁེ་ལས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་པ་དང་། མཉམ་ལས་བྱེད་རྒྱུ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དེང་རབས་ཀྱི་བཟོ་ལས་ཐོན་སྐྱེད་ནང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཟམ་མི་འཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།

རིགས་དབྱེ།  

ལས་ཡུལ་དོ་དམ།

ལས་ཡུལ་དོ་དམ་དེ་ལས་ཡུལ་གྱི་ངལ་ལས་སྒོ་སྲུང་དོ་དམ་དང་། ཨར་ལས་བྱ་ཡུལ་གྱི་དངོས་མིང་ལམ་ལུགས་ཀྱི་དོ་དམ། ཨར་སྐྲུན་རིམ་པ་གསུམ་པའི་བདེ་འཇགས་སློབ་གསོའི་དོ་དམ། ལས་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ། ལས་ཡུལ་གྱི་དཔྱད་ཡིག་དོ་དམ། ཁེ་ལས་ཀྱི་རྒྱང་ཁྲིད་དོ་དམ་དང་དེ་བཞིན་སྲིད་གཞུང་གི་དོ་དམ་སྡེ་ཚན་གྱི་དྲ་སྦྲེལ་དངོས་མིང་ལམ་ལུགས་ཀྱི་དོ་དམ་སོགས་ཕྱོགས་མང་པོར་ཡོད།

རིགས་དབྱེ།  

མི་ཤུགས་ཐོན་ཁུངས་གསར་སྤེལ་འཐབ་ཇུས།

མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་འཐབ་ཇུས་ནི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པ་ཞིག་ཡིན། ཨ་མེ་རི་ཁའི་དགེ་རྒན་ཆེན་མོ་ཧ་པི་ཤུན་དང་དགེ་རྒན་ཆེན་མོ་མེ་ཡེ་སི་གཉིས་ཀྱིས་སྤྱི་ལོ1964ལོར་བཏོན། ཁོང་ཚོས་སློབ་གསོའི་ཕྱོགས་བསྡུས་སྟོན་གྲངས་ཤིག་ཇུས་འགོད་བྱས་ནས་རྒྱལ་ཁབ་ཅིག་གི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་ཚད་ལ་དཔྱད་དཔོག་བྱས་ནས་དེ་ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འབྲེལ་བ་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

རིགས་དབྱེ།  

ཤེས་ལྡན་མི་སྣ་རིག་པ།

ཤེས་ལྡན་མི་སྣ་རིག་པ་ནི་ཤེས་ལྡན་མི་སྣ་འཚར་ལོངས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣ་དོ་དམ་དང་བཀོལ་སྤྱོད་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་གསར་དར་རིག་གཞུང་ཞིག་ཡིན། ཤེས་ལྡན་མི་སྣ་རིག་པའི་ཞིབ་འཇུག་གི་ནང་དོན་གཙོ་བོ་ནི།(1)ཤེས་ལྡན་མི་སྣ་དང་ཤེས་ལྡན་མི་སྣའི་གྲུབ་ཚུལ་ལ་ཞིབ་འཇུག (2)ཤེས་ལྡན་མི་སྣ་འཚར་ལོངས་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག (3)ཤེས་ལྡན་མི་སྣ་གྲངས་མེད་ཐོན་པའི་ཆོས་ཉིད་ལ་ཞིབ་འཇུག (4)ཤེས་ལྡན་མི་སྣ་གསར་སྤེལ་དང་ཤེས་ལྡན་མི་སྣའི་དོ་དམ་ཞིབ་འཇུག

རིགས་དབྱེ།  

རྣམ་གྲངས་དོ་དམ་རྩ་འཛུགས་སྒྲིག་གཞི།

ལས་གྲྭར་རྣམ་གྲངས་ཀྱི་བཅའ་ཁྲིམས་ལྟར་ཨར་ལས་རྒྱག་པའི་དོ་དམ་ལག་བསྟར་བྱ་དགོས། རྣམ་གྲངས་ཀྱི་སྤྱི་གཉེར་བའི་ཆུ་ཚད་མཐོ་བའི་ལག་རྩལ་དང་དོ་དམ་མི་སྣ་གདན་ཞུ་བྱས་ནས་རྣམ་གྲངས་ཀྱི་དཔལ་འབྱོར་དང་རང་བྱུང་ཚན་རིག་པུའུ་བཙུགས་པ་དང་རྣམ་གྲངས་ཀྱི་ཐབས་ཇུས་རིམ་པ་ནི་རྣམ་གྲངས་ཀྱི་སྤྱི་གཉེར་བ་དང་། ཐོན་སྐྱེད་རྣམ་གྲངས་ཀྱི་སྤྱི་གཉེར་བ། སྤུས་ཚད་རྣམ་གྲངས་ཀྱི་སྤྱི་གཉེར་བ། རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་བཅས་ལས་གྲུབ་པ་ཞིག་ཡིན།

རིགས་དབྱེ།  

དོ་དམ་ཚན་རིག་དང་བཟོ་སྐྲུན་རིགས།

ཆེད་ལས་གསོ་སྐྱོང་བྱེད་པར་དགོས་ངེས་ཀྱི་རྩིས་རིག་དང་། དཔལ་འབྱོར་རིག་པ། རྩིས་འཁོར་བཅས་ཀྱི་ཉེར་སྤྱོད་རྨང་གཞི་ལྡན་པ། དོ་དམ་རིག་ཚན་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་ལྡན་པ་དང་། སྔོན་ཐོན་གྱི་དོ་དམ་བསམ་བློ་དང་། བྱེད་ཐབས། རྩ་འཛུགས། ལག་རྩལ་བཅས་དང་དེ་བཞིན་རྩིས་རིག་དང་རྩིས་འཁོར་གྱི་དཔེ་དབྱིབས་ལ་བརྟེན་ནས་གཉེར་སྐྱོང་དོ་དམ་དང་། སྒྲིག་འཛུགས་དོ་དམ། ལག་རྩལ་དོ་དམ་བཅས་བྱེད་པའི་རིང་གི་གནད་དོན་ལ་དབྱེ་ཞིབ་དང་། ཇུས་ཐག་གཅོད་པ། སྒྲིག་འཛུགས་དང་ལག་བསྟར་གྱི་ནུས་པ་ལྡན་པའི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

རིགས་དབྱེ།  

དོ་དམ་ལས་གྲྭ།

བཟོ་ལས་ཁེ་ལས་རྩ་འཛུགས་ཀྱིས་ཐོན་སྐྱེད་ནུས་ལྡན་བྱེད་པར་ཞིབ་འཇུག་བྱས་ནས་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དང་དཔལ་འབྱོར་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བའི་ཚན་རིག་དང་མཐུན་པར་བྱ་དགོས། དོ་དམ་བཟོ་བཀོད་ཀྱིས་རྩིས་རིག་དང་། དངོས་ལུགས་རིག་པ། སྤྱི་ཚོགས་ཚན་རིག་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བསྡུ་ལེན་བྱེད་པ་དང་། མ་ལག་ལས་གྲྭ་དང་བཟོ་བཀོད་ཇུས་འགོད་ཀྱི་རྩ་བའི་རིགས་པ་དང་བྱེད་ཐབས་བེད་སྤྱད་དེ། མཁོ་སྤྲོད་གཏན་འཁེལ་གྱི་ཆ་རྐྱེན་འོག དམིགས་འབེན(ཐོན་རྫས་ཀྱི་རིགས་དང་། ཐོན་ཚད། སྤུས་ཚད། མ་གནས། ངལ་རྩོལ་ཐོན་སྐྱེད་ཀྱི་ཚད་དང་། ཁེ་སྤོགས་ཀྱི་ཚད་སོགས)དེ་ཕུགས་བསམ་གྱི་ཚད་ལ་སླེབས་པར་མ་ཟད། དེའི་ཕན་འབྲས་ལ་སྔོན་དཔག་དང་གདེང་འཇོག་ཀྱང་བྱེད་ཐུབ།

རིགས་དབྱེ།  

དོ་དམ་ཚན་རིག་ལས་གྲྭའི་ཆེད་ལས།

ཆེད་ལས་འདིར་བསྐྱེད་བསྲིང་བྱེད་པར་དགོས་ངེས་ཀྱི་རྩིས་རིག་དང་། དཔལ་འབྱོར་རིག་པ། རྩིས་འཁོར་བཅས་ཀྱི་ཉེར་སྤྱོད་རྨང་གཞི་ལྡན་དགོས། དོ་དམ་རིག་ཚན་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་ཏན་ཏིག་ལྡན་པ་དང་སྔོན་ཐོན་གྱི་དོ་དམ་བསམ་བློ་དང་། བྱེད་ཐབས། རྩ་འཛུགས། ལག་རྩལ་བཅས་དང་དེ་བཞིན་རྩིས་རིག་དང་རྩིས་འཁོར་གྱི་དཔེ་དབྱིབས་ལ་བརྟེན་ནས་གཉེར་སྐྱོང་དོ་དམ་དང་། སྒྲིག་འཛུགས་དོ་དམ། ལག་རྩལ་དོ་དམ་ཁྲོད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་། ཇུས་ཐག་གཅོད་པ། སྒྲིག་འཛུགས་དང་ལག་བསྟར་བྱེད་པ་བཅས་ཀྱི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་དགོས།

རིགས་དབྱེ།  

ཐོན་སྐྱེད་དང་གཉེར་སྐྱོང་བྱེད་ཁོངས།

ཐོན་སྐྱེད་དང་གཉེར་སྐྱོང་བྱེད་ཁོངས་ཀྱི་བསྡུས་མིང་ལ“གཉེར་སྐྱོང་ཁྱབ་ཁོངས”ཟེར། བཟོ་ཚོང་ཁེ་ལས་ཀྱིས་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་ཚོང་ཟོག་གི་རིགས་སམ་ཞབས་ཞུའི་རྣམ་གྲངས་ཀྱི་ཁྱབ་ཁོངས། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཐོ་འགོད་བྱེད་སྐབས། རེ་ཞུའི་ཐོ་འགོད་རེའུ་མིག་སྟེང་ཁ་སྐོང་བྱེད་དགོས་པའི་དོན་ཚན་གཙོ་བོའི་གྲས་ཤིག་ཡིན། སོ་སོས་ཐོན་སྐྱེད་བྱས་པའི་ཐོན་རྫས་དང་། གཉེར་སྐྱོང་བྱེད་པའི་ཚོང་ཟོག ཞབས་ཞུའི་རྣམ་གྲངས་བཅས་ཀྱི་བསྡུར་ཚད་མི་འདྲ་བར་གཞིགས་ནས་གཙོ་གཉེར་དང་ཞོར་དུ་གཉེར་སྐྱོང་བྱེད་པ་གཉིས་སུ་དབྱེ་ཡོད།

རིགས་དབྱེ།  

ཐོན་སྐྱེད་ཀྱི་རྒྱུ་རྐྱེན།

ཐོན་སྐྱེད་ཀྱི་རྒྱུ་རྐྱེན་ནི་དཔལ་འབྱོར་རིག་པའི་ནང་གི་གཞི་རྩའི་ཁྱབ་ཁོངས་ཤིག་ཡིན་ཞིང་། དེའི་ནང་མིའི་རྒྱུ་རྐྱེན་གཙོ་བོ་དང་། དངོས་པོའི་རྒྱུ་རྐྱེན་གཙོ་བོ་དང་དེ་དང་ཟུང་འབྲེལ་བྱེད་པའི་རྒྱུ་རྐྱེན་ཡང་ཚུད་ཡོད། ཐོན་སྐྱེད་རྒྱུ་ཆ་གཙོ་བོ་ཞེས་པ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་སྐབས་དགོས་པའི་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་ལ་ཟེར། དེ་ནི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་དང་ཁྲོམ་རའི་གཙོ་རྐང་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ངེས་པར་དུ་ཚང་དགོས་པའི་གཞི་རྩའི་རྒྱུ་རྐྱེན་ཞིག་ཡིན། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ནང་ངལ་རྩོལ་དང་། ས་ཞིང་། མ་རྩ། ཆ་འཕྲིན། གཞི་གྲངས་བཅས་རིགས་ལྔ་ཚུད་ཡོད། ཚན་རྩལ་འཕེལ་རྒྱས་དང་ཤེས་བྱའི་ཐོན་དབང་ལམ་ལུགས་བཙུགས་པ་དང་ཆབས་ཅིག་ལག་རྩལ་ཡང་བལྟོས་བཅས་ཀྱི་རང་ཚུགས་ཀྱི་རྒྱུ་རྐྱེན་གཙོ་བོར་བརྩིས་ནས་ཐོན་སྐྱེད་ནང་ཞུགས་ཡོད། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འདི་དག་ཚོང་རའི་བརྗེ་རེས་བྱས་ཏེ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་གོང་དང་དེའི་མ་ལག་སྣ་ཚོགས་གྲུབ་པ་རེད།

རིགས་དབྱེ།  

ཐོན་སྐྱེད་འབྲེལ་བའི་མ་ལག

མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་གྲུབ་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ཡིན། དེ་ནི་ཐོན་སྐྱེད་བྱེད་སྟངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཡིན་ལ། སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་བ་དང་དཔལ་འབྱོར་འབྲེལ་བའང་ཟེར།

རིགས་དབྱེ།  

ཐོན་སྐྱེད་འབྲེལ་བའི་ཡང་བསྐྱར་ཐོན་སྐྱེད།

ཐོན་སྐྱེད་འབྲེལ་བའི་ཡང་བསྐྱར་ཐོན་སྐྱེད་བྱེད་པ་ཞེས་པ་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆས་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་དུ་གྲུབ་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་བ་ངེས་ཅན་ཞིག་རྒྱུན་ཆད་མེད་པར་བསྐྱར་དུ་མངོན་པ་དང་འཕེལ་རྒྱས་འགྲོ་བར་ཟེར་བ་ཡིན། མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་རིམ་ཁྲོད། མ་རྩ་ཅན་ནི་ཐོན་སྐྱེད་རྒྱུ་ཆས་དང་། འཚོ་བའི་རྒྱུ་ཆས། དངུལ་ལོར་བཅས་ཀྱི་བདག་པོ་ཡིན་པ་དང་། བཟོ་པ་ནི་ངལ་རྩོལ་ནུས་ཤུགས་མ་གཏོགས་ཅི་ཡང་མེད་པའི་འབྱོར་མེད་པ་ཡིན་པ། ཐོན་སྐྱེད་རྒྱུ་ཆས་ནི་ཕྱི་རོལ་ཡུལ་གྱི་ངལ་རྩོལ་གྱི་ཆ་རྐྱེན་ཡིན་པ། ངལ་རྩོལ་ནུས་ཤུགས་ནི་རང་སྣང་གི་ངལ་རྩོལ་ཆ་རྐྱེན་ཡིན་པ་བཅས་ངལ་རྩོལ་གྱི་ཆ་རྐྱེན་འདི་གཉིས་ཁ་ཕྲལ་བ་ནི་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་བྱ་རིམ་དོན་དངོས་ཐོག་གི་རྨང་གཞི་དང་འགོ་ཚུགས་ས་རེད། མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་བསྐྱར་མ་བྱེད་རིམ་གྱིས་རང་ཉིད་ཀྱི་འགོ་རྩོམ་ས་ཡིན་པའི་ཆ་དེ་ཡང་མཇུག་འབྲས་སུ་བརྩིས་ནས་ཡང་བསྐྱར་ཐོན་སྐྱེད་བྱས་པ་རེད།

རིགས་དབྱེ།  

ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དབྱེ་འབྱེད་བྱེད་ཐབས།

ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དབྱེ་འབྱེད་བྱེད་ཐབས་ནི་ངལ་རྩོལ་དང་། མ་རྩ། ཤེས་བྱ་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་བསྡུར་ཚད་དམ་ཡང་ན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་བརྟེན་པའི་ཚད་ལ་གཞིགས་ནས་ཐོན་ལས་ལ་རིགས་དབྱེ་བའི་བྱེད་ཐབས་ཤིག་ཡིན། དཔལ་འབྱོར་གྱི་བྱེད་སྒོ་གང་ཞིག་སྤེལ་རུང་ས་ཆ་དང་། མ་རྩ། ངལ་རྩོལ། ཤེས་བྱ་སོགས་ཚུད་པའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ངེས་ཅན་ཞིག་གཏོང་དགོས། རིགས་མི་འདྲ་བའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའི་གྲུབ་ཆ་མི་འདྲ་བ་དང་། ལག་རྩལ་གྱི་བླང་བྱ་མི་འདྲ་བ། ཁྱད་ཆོས་མི་འདྲ་བ། ནུས་པ་མི་འདྲ་བ་བཅས་ཀྱི་དབང་གིས་དེས་བཏང་བའི་ཐོན་སྐྱེད་རྒྱུ་ཆའི་བསྡུར་ཚད་ཀྱང་མི་འདྲ། དེར་བརྟེན་རིགས་མི་འདྲ་བའི་དཔལ་འབྱོར་བྱེད་སྒོ་ཡིས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ལ་བརྟེན་པའི་ཚད་ཀྱང་མི་འདྲ། དགོས་མཁོ་ལྟར་ཐོན་སྐྱེད་རྒྱུ་ཆའི་བསྡུར་ཚད་མི་འདྲ་བ་དང་ཐོན་སྐྱེད་རྒྱུ་ཆ་མི་འདྲ་བར་བརྟེན་དགོས་པའི་ཚད་མི་འདྲ་བར་གཞིགས་ནས་ཐོན་སྐྱེད་སྡེ་ཁག་ཡོངས་རྫོགས་ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་དང་། མ་རྩ་མང་འདུས་ཅན་གྱི་ཐོན་ལས། ཤེས་ཡོན་མང་འདུས་ཅན་གྱི་ཐོན་ལས་བཅས་རིགས་གསུམ་དུ་དབྱེ་ཆོག

རིགས་དབྱེ།  

འཁོར་སྐྱོད་དཔལ་འབྱོར་གོང་སྤེལ་འཆར་འགོད།

འཁོར་སྐྱོད་དཔལ་འབྱོར་གོང་སྤེལ་འཆར་འགོད་ནི་ཐོན་ཁུངས་ཐོན་སྐྱེད་བྱེད་ཚད་དང་། ཟོག་རོ་ཡང་བསྐྱར་བེད་སྤྱོད། ཐོན་ཁུངས་ཅན་དུ་སྒྱུར་ཚད་སོགས་ཀྱི་དམིགས་ཚད་གཏན་འབེབས་བྱེད་པའི་འཆར་འགོད་ལ་ཟེར། དེའི་ནང་འཆར་འགོད་དམིགས་ཚད་དང་། བེད་སྤྱོད་ཁྱབ་ཁོངས། ནང་དོན་གཙོ་བོ། གཙོ་གནད་ལས་འགན་དང་འགན་སྲུང་བྱ་ཐབས་སོགས་ཚུད་ཡོད།

རིགས་དབྱེ།  

འཁོར་སྐྱོད་དཔལ་འབྱོར་གྱི་ཁྲིམས་འཛུགས།

འཁོར་སྐྱོད་དཔལ་འབྱོར་གྱི་ཁྲིམས་འཛུགས་ནི་འཁོར་སྐྱོད་དཔལ་འབྱོར་གྱི་བསམ་བློ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ནང་དུ་བྲིས་པ་དང་། བཅའ་ཁྲིམས་ཀྱིས་འགན་སྲུང་བྱས་པ་བརྒྱུད་ནས། འཁོར་སྐྱོད་དཔལ་འབྱོར་དེ་ས་ཁོངས་ཀྱི་རིམ་པར་ལག་བསྟར་བྱེད་དུ་འཇུག་པ་དེ་ཡིན།

རིགས་དབྱེ།  

འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་འབྲེལ་ཐག

འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་འབྲེལ་ཐག་ཅེས་པ་ནི་ཐོན་ལས་གཅིག་པའམ་ཡང་ན་ཐོན་ལས་མི་འདྲ་བའི་ནང་ཐོན་ཁུངས་འཁོར་རྒྱུག་བྱ་ཐབས་དང་། རིན་ཐང་འཕར་རྒྱུ་ཁྲིད་ཕྱོགས་སུ་བྱེད་པ། འཛད་སྤྱོད་པའི་དངོས་པོ་དང་ཁོར་ཡུག་གི་དགོས་མཁོ་སྐོང་རྒྱུ་དམིགས་ཚད་དུ་བྱེད་པ། ལག་རྩལ་གྱི་གཏན་ཚིགས་འབྲེལ་བ་དང་ཡུལ་དུས་ཀྱི་བཀོད་པ་གཞིར་བཟུང་གོང་འོག་འབྲེལ་བའི་ཁེ་ལས་རྩ་འཛུགས་ཀྱི་རྣམ་པ་ཆགས་པ་བཅས་ལ་ཟེར།

རིགས་དབྱེ།  

གྲུབ་འབྲས་ལ་དཔྱད་ཞིབ་དོ་དམ་བྱེད་པ།

གྲུབ་འབྲས་ལ་དཔྱད་ཞིབ་དོ་དམ་བྱེད་པ་ནི་ཐོན་སྐྱེད་གཉེར་སྐྱོང་གི་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་། དམིགས་བསལ་གྱི་ཚད་གཞི་དང་དམིགས་ཚད་སྤྱད་དེ། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ། ལས་ཀའི་གྲུབ་འབྲས་དངོས་ལ་རིན་ཐང་བརྡར་གཅོད་བྱེད་པའི་གོ་རིམ་ཞིག་ཡིན།

རིགས་དབྱེ།  

དོ་དམ་རིག་པའི་ཚགས་པར།

《དོ་དམ་རིག་པའི་ཚགས་པར》ནི་སྤྱི་ལོ2004ལོར་གསར་དུ་བཏོན་པ་དང་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲུང་ཧྭ་ཚན་རྩལ་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་དོ་དམ་རིག་པའི་ལྟེ་བའི་དུས་དེབ་ཅིག་རེད། སྤྱི་ལོ2018ལོའི་ཟླ5པའི་ཚེས24ཉིན《དོ་དམ་རིག་གཞུང་ཚགས་པར》གྱི་རྩོམ་སྒྲིག་པུའི་གཞུང་ཕྱོགས་དྲ་བའི་ཐོག་མངོན་པར་གཞིགས་ན《དོ་དམ་རིག་གཞུང་ཚགས་པར》ལ་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན72ཡོད་པ་རེད།

རིགས་དབྱེ།