ཚོང་རའི་དགོས་མཁོ་ཚད་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོང་རའི་དགོས་མཁོ་ཚད་ལེན།
ཁེ་ལས་ཀྱིས་མིག་སྔའི་དགོས་མཁོ་ཚོད་རྩིས་དང་། དངོས་ཡོད་ཀྱི་ཚོང་རའི་མངོན་མེད་ནུས་ཤུགས་དང་ཁེ་ལས་ལ་ཐོབ་འོས་པའི་ཚོང་རའི་ཐོབ་སྐལ་ཚོད་རྩིས་བྱེད་པར་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场需求
ཕྱི་ཡིག་གི་མིང་།
market demand
1 ངོ་སྤྲོད།

ཚོང་རའི་དགོས་མཁོ་ཚད་ལེན་ནི་ཚོང་རའི་གོ་སྐབས་ཤེས་རྟོགས་དང་དབྱེ་ཞིབ་བྱས་ཏེ། དམིགས་འབེན་ཚོང་ར་འདེམས་པ་དང་ཞིབ་འཇུག་བྱེད་པ་དང་། གཉེར་སྐྱོང་གི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་མ་ཟད་གཉེར་སྐྱོང་གི་བརྒྱུད་རིམ་ཚོད་འཛིན་བྱེད་ཆེད་ཡིན། ཚོང་རའི་དགོས་མཁོ་ཚད་ལེན་ནི་ཁེ་ལས་ཀྱིས་མིག་སྔའི་དགོས་མཁོ་ཚོད་རྩིས་དང་། དངོས་ཡོད་ཀྱི་ཚོང་རའི་མངོན་མེད་ནུས་ཤུགས་དང་ཁེ་ལས་ལ་ཐོབ་འོས་པའི་ཚོང་རའི་ཐོབ་སྐལ་ཚོད་རྩིས་བྱེད་པར་གོ། ཡིན་ཡང་། སྤྱད་ཆོག་པའི་ཚོང་རའི་འཆར་གཞི་དང་གཉེར་སྐྱོང་གི་འཆར་ཟིན་གཏན་འབེབས་བྱེད་པར་མ་ཟད། ད་དུང་ཁེ་ལས་ཀྱིས་གཏོང་སྤྲོད་ཐུབ་པའི་གཉེར་སྐྱོང་དང་མཐུན་པའི་ཚོང་རའི་དགོས་མཁོ་ལ་ཞིབ་འཇུག་དང་དབྱེ་ཞིབ། ཚོད་རྩིས་བྱེད་པ་དེ་ལ་ཚོང་རའི་སྔོན་དཔག་ཟེར།

གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཚོང་ར་ནི་ཐོན་རྫས་རིགས་ཤིག་གི་དོན་དངོས་ཀྱི་ཉོ་་མཁན་དང་མངོན་མེད་ཉོ་་མཁན་ཡོངས་རྫོགས་ཡིན་ལ། ཐོན་རྫས་འདིར་དགའ་བ་ཡོད་པའི་མགྲོན་པོ་ཚོགས་པར་ཟེར་བ་དང་། དེར་མངོན་མེད་ཚོང་རའང་ཟེར། ཉོ་་མཁན་གྱི་ཐོབ་ཐང་གཏན་འཁེལ་བྱེད་པར་སྤྱིར་བཏང་དུ་གཞི་འཛིན་སའི་ཁྱད་ཆོས་གསུམ་ཡོད་དེ། དགའ་བ་ཡོད་པ་དང་། ཡོང་འབབ། ཉོ་་སྒྲུབ་ཐབས་ལམ་བཅས་ཡིན། ནུས་ལྡན་ཚོང་ར་ནི་ཐོན་རྫས་ག་གེ་མོར་དགའ་བ་ཡོད་པ་དང་གཏོང་སྤྲོད་ཀྱི་ནུས་པ་ཡོད་པར་མ་ཟད། ད་དུང་ཐོན་རྫས་དེ་ཐོབ་ཐུབ་པའི་མགྲོན་པོ་ཚོགས་པར་ཟེར། ཐོན་རྫས་ཁ་ཤས་ཤིག་ཉོ་་མཁན་ལ་ཆ་རྐྱེན་ངེས་ཅན་ཞིག་འཛོམས་ན་ད་གཟོད་ཐོབ་ཐུབ་པ་ཡིན།  དཔེར་ན། བཅའ་ཁྲིམས་ཀྱིས་གཏན་འཁེལ་ལྟར་ལོ་ཚད་ངེས་ཅན་ཞིག་ཏུ་སླེབས་ན་རླངས་འཁོར་ཉོས་ཆོག་པ་ལྟ་བུ། ནུས་ལྡན་ཚོང་རའི་ཁྲོད་དུ་ཆ་རྐྱེན་འདི་འཛོམས་པའི་མགྲོན་པོས་ཐོན་རྫས་དེ་དག་གི་ཚད་མཐུན་དང་ནུས་ལྡན་གྱི་ཚོང་ར་གྲུབ་པ་ཡིན། ཁེ་ལས་ཀྱིས་གཉེར་སྐྱོང་ལ་འབད་འཐབ་བྱེད་པའི་ཁ་ཕྱོགས་དེ་བྱེ་བྲག་གི་ཚད་མཐུན་ནུས་ལྡན་གྱི་ཚོང་ར་ཁག་གཅིག་ཏུ་འཁོར་ན། དེ་ཁེ་ལས་ཀྱི་དམིགས་འབེན་ཚོང་རར་འགྱུར་ཐུབ། ཁེ་ལས་དང་དེ་མིན་འགྲན་རྩོད་མཁན་གྱིས་གཉེར་སྐྱོང་ལ་འབད་པ་དེས་ཐོན་རྫས་ངེས་ཅན་ཞིག་བཙོངས་ཐུབ་པ་དང་། ཐོན་རྫས་དེ་ཉོ་་སྒྲུབ་བྱེད་པའི་མགྲོན་པོ་ཚོགས་པས་རྫས་དེའི་སིམ་འཛུལ་ཚོང་ར་ཆགས་པ་ཡིན། དཔེར་ན།གཤམ་གྱི་དཔེ་རིས་ལྟར་ཡིན།

.png

ཐོན་རྫས་ག་གེ་མོ་ཞིག་གི་སྤྱིའི་དགོས་མཁོ་ནི་གཉེར་སྐྱོང་འབད་བརྩོན་གྱི་ཆུ་ཚད་ངེས་ཅན་ཞིག་གི་འོག་དུས་སྐབས་ངེས་ཅན་གྱི་ནང་དུ་ཆེད་དམིགས་ཀྱི་ས་ཁུལ་དང་ཆེད་དམིགས་ཀྱི་གཉེར་སྐྱོང་ཁོར་ཡུག་ཁྲོད་དང་། ཆེད་དམིགས་ཀྱི་མགྲོན་པོ་ཚོགས་པ་བཅས་ཀྱིས་ཉོ་་ངེས་པའི་ཐོན་རྫས་དེའི་སྤྱི་གྲངས་ལ་ཟེར། ཚོང་རའི་དགོས་མཁོ་ལ་ཐོན་རྫས་ལེགས་སྒྱུར་དང་རིན་གོང་། བགོ་ཚོང་དང་སྐུལ་འཚོང་སོགས་ཚོད་འཛིན་ཐུབ་པའི་རྒྱུ་རྐྱེན་གྱིས་ཐེབས་པས། ཚོང་རའི་སྤྱིའི་དགོས་མཁོ་དང་ལས་རིགས་གཉེར་སྐྱོང་གི་འགྲོ་གྲོན་བར་དུ་རྟེན་འབྱུང་གྲངས་ཀྱི་འབྲེལ་བ་གནས་ཡོད།

ཁེ་ལས་ཀྱི་དགོས་མཁོ་ནི་ཚོང་རའི་དགོས་མཁོ་སྤྱིའི་ཁྲོད་ཁེ་ལས་ཀྱིས་ཟིན་པའི་ཐོབ་སྐལ་ལ་ཟེར། སྤྱི་འགྲོས་ལས་མཚོན་ན།

Q i=S i×Q

ཚོང་རའི་འགྲན་རྩོད་ཁྲོད་དུ། ཁེ་ལས་ཀྱིས་ཚོང་ར་ཟིན་ཚད་དང་དེས་གཉེར་སྐྱོང་ལ་འབད་བརྩོན་བྱེད་པ་དེ་ཡ་དོའི་བསྡུར་ཚད་དུ་གྲུབ་པ་ཡིན། གལ་ཏེ་གཉེར་སྐྱོང་ལ་བརྩོན་པ་དང་གཉེར་སྐྱོང་གི་འགྲོ་གྲོན་གཉིས་ཡ་དོའི་བསྡུར་ཚད་དུ་གྲུབ་པའི་དབང་དུ་བཏང་ན།

S i=M i÷∑ M i

ཁེ་ལས་སྔོན་དཔག་ནི་ཁེ་ལས་ཀྱི་ཕྱིར་འཚོང་སྔོན་དཔག་ལ་གོ་ཞིང་། ཁེ་ལས་ཀྱིས་བདམས་ཟིན་པའི་གཉེར་སྐྱོང་འཆར་གཞི་དང་ཚོད་དཔག་བྱས་པའི་གཉེར་སྐྱོང་ཁོར་ཡུག་དང་མཐུན་པའི་ཕྱིར་འཚོང་གི་བསྡོམས་འབོར་ཏེ། སྔོན་དཔག་བྱས་པའི་ཁེ་ལས་ཀྱི་ཕྱིར་འཚོང་ཆུ་ཚད་ལ་ཟེར། ཁེ་ལས་ཀྱི་མངོན་མེད་ནུས་ཤུགས་ནི་ཁེ་ལས་ཀྱི་ཕྱིར་འཚོང་གི་མངོན་མེད་ནུས་ཤུགས་ཡིན་ལ། དེ་ནི་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པར་འགྲན་རྩོད་མཁན་ལས་འབད་བརྩོན་ཆེ་བ་བྱེད་སྐབས། ཁེ་ལས་ཀྱི་དགོས་མཁོ་ཡོད་རྒུའི་རིན་ཐང་ལ་ཟེར།

2 ཚོང་རའི་དགོས་མཁོ་སྔོན་དཔག་བྱེད་ཐབས།

རྒྱུན་དུ་བཀོལ་བའི་ཚོང་རའི་དགོས་མཁོ་སྔོན་དཔག་བྱེད་ཐབས་ཤེས་གཙོ་བོར་གཤམ་གྱི་རིགས་འགའ་ཡོད་པ་སྟེ།

1. ཉོ་་མཁན་གྱི་བསམ་འཆར་ལ་བརྟག་དཔྱད་བྱེད་པའི་ཐབས་ཤེས། དེ་ནི་ཉོ་་མཁན་ལ་ཉོ་་སྒྲུབ་དམིགས་བྱ་དང་བསམ་འཆར་ཐད་ཀར་འདྲི་ཞིབ་བྱེད་པ་བརྒྱུད་ནས་ཕྱིར་འཚོང་གི་ཚད་གཞི་ཐག་གཅོད་པར་གོ། གལ་ཏེ་ཉོ་་མཁན་གྱི་ཉོ་་སྒྲུབ་དམིགས་བྱ་གསལ་པོ་ཡིན་པ་མ་ཟད། ད་དུང་བརྟག་དཔྱད་མཁན་ལ་མ་གསང་བཤད་པའི་འདོད་བློ་ཡོད་ན། དེ་རིགས་མྱུར་དུ་ཉོ་་སྒྲུབ་བྱ་སྤྱོད་དུ་འགྱུར་སྲིད་ལ། དེར་མཚོན་ན་སྔོན་དཔོག་གི་ཐབས་འདི་ཧ་ཅང་ནུས་ལྡན་ཡིན། ཉོ་་མཁན་གྱི་དམིགས་བྱར་བརྟག་དཔྱད་བྱེད་པའི་བྱེ་བྲག་གི་ཐབས་ཤེས་ཧ་ཅང་མང་པོ་ཡོད། དཔེར་ན། ཐད་ཀར་བཅར་འདྲི་དང་ཁ་པར་གྱི་ལམ་ནས་བརྟག་དཔྱད་བྱེད་པ། དྲ་རྒྱ་དང་ཡང་ན་སྦྲག་ཐོག་ནས་བརྟག་དཔྱད་བྱེད་པ། ཉོ་་མཁན་རྩ་འཛུགས་བྱས་ཏེ་བཞུགས་མོལ་ཚོགས་འདུར་ཞུགས་པ་སོགས་ཡོད།

2. ཕྱིར་འཚོང་མི་སྣའི་བསམ་འཆར་ཕྱོགས་བསྡུ་བྱེད་པའི་ཐབས་ཤེས། ཕྱིར་འཚོང་མི་སྣའི་བསམ་འཆར་ལ་ཉན་པ་བརྒྱུད་དེ་ཚོང་རའི་དགོས་མཁོ་སྔོན་དཔག་བྱེད་པ་དེ་ཡིན། ཕྱིར་འཚོང་མི་སྣར་གཞི་རིམ་གྱི་ཚོང་གཉེར་བ་དང་སྐུལ་འཚོང་མི་སྣ་དང་དེ་མིན་ལས་སྒོའི་འཐུས་ཚབ་བཅས་ཡོད། ཐབས་ཤེས་འདི་སྟབས་བདེ་སྤྱོད་འཐུས་ཅན་ཞིག་ཡིན་ནའང་ལྟ་ཚུལ་དེར་མི་སྒེར་གྱི་ཤེས་རྟོགས་ཀྱི་ཆུ་ཚད་སོགས་རང་ངོས་ཀྱི་རྒྱུ་རྐྱེན་གྱིས་བཀག་རྒྱ་ཐེབས་སླ་བ་ཞིག་ཡིན་པར་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན།

3. ཆེད་མཁས་པའི་བསམ་འཆར་ལ་ཉན་པའི་ཐབས་ཤེས། ཆེད་མཁས་པའི་ཉམས་མྱོང་དང་བརྡར་ཤ་གཅོད་པ་གཞིར་བཟུང་ནས་སྔོན་དཔག་མང་པོ་གཅིག་བསྡུ་བྱེད་པའི་ཐབས་ཤེས། ཏི་ཨེར་ཧྥའེ་ཡི་ཐབས་ཤེས་སོགས་རིགས་གསུམ་ཡོད། ཏི་ཨེར་ཧྥའེ(Delphi)ནི་གནའ་བོའི་ཞི་ལའི་ལྷ་སྒྲུང་ཁྲོད་ཀྱི་ས་མིང་ཞིག་ཡིན། ངག་རྒྱུན་ལྟར་ན་ཨ་པའོ་ལའོ་ཡིས་ས་དེ་ནས་གདུག་རྩུབ་ཅན་གྱི་འབྲུག་བསད་པ་དང་། མཁར་ནང་དུ་ཨ་པའོ་ལའོ་ཡི་ལྷ་ཁང་ཡོད་པས། ལྷ་རྣམས་ལོ་ལྟར་ས་དེར་འཛོམས་ནས་མ་འོངས་པར་ཚོད་དཔག་བྱེད་པ་ཡིན། ཨ་རིའི་ལན་ཏི་ཀུང་སིས་དུས་རབས20པའི་ལོ་རབས40པའི་མཇུག་ཏུ་ཐབས་ཤེས་འདི་གཏན་འབེབས་བྱས་ཤིང་། མ་ལག་གི་གོ་རིམ་སྤྱད་དེ་མིང་མི་འགོད་པ་དང་ཡང་བསྐྱར་སྤེལ་བའི་རྣམ་པར་བརྟེན་ནས། སྔོན་ལ་ལས་གཞི་ཚོ་ཆུང་བསྒྲིགས་རྗེས་ཆེད་མཁས་པར་བརྟག་དཔྱད་རྩ་གནད་དང་རྒྱབ་ལྗོངས་ཀྱི་དཔྱད་ཡིག་འདོན་སྤྲོད་བྱས། དེ་ནས་རེས་མོས་ལྟར་ཆེད་མཁས་པའི་བསམ་འཆར་བསྡུ་ལེན་བྱས་རྗེས་ཡང་བསྐྱར་དུ་སྔོན་དཔག་གི་མཇུག་འབྲས་ཕྱོགས་བསྒྲིགས་བྱས། མཐའ་མར་ཆེད་མཁས་པ་རྣམས་ཕན་ཚུན་ངོ་ཐུག་ཏུ་མི་འཇུག་པར་བསམ་འཆར་དེ་དག་བཅོས་བྱེད་པའི་འདྲི་རྩད་ཐེངས་བཞི་ནས་ལྔ་ཙམ་བྱས་མཐར། ད་གཟོད་བསམ་འཆར་དེ་རིམ་གྱིས་གཅིག་མཐུན་ཡོང་བ་དང་། སྔོན་དཔག་གི་མཇུག་འབྲས་ཀྱང་ཅུང་གནད་ལ་འཁེལ་བ་ཞིག་ཡིན།

4. ཚོང་ར་ཚོད་ལྟ་བྱེད་པའི་ཐབས་ཤེས། མངའ་ཁོངས་་ཁ་ཤས་སུ་ཕྱིར་འཚོང་ཚོད་ལྟ་བྱེད་པ་བརྒྱུད། ཉོ་་མཁན་གྱི་རྣམ་འགྱུར་ལ་ལྟ་རྟོག་བྱས་ནས་ཕྱིར་འཚོང་གི་ཚད་གཞི་སྔོན་དཔག་བྱེད་པ་དེ་ཡིན། ཐབས་ཤེས་འདི་དུས་ཡུན་ཅུང་རིང་ཞིང་འགྲོ་གྲོན་ཆེ་བས།  མ་དངུལ་གཏོང་གྲངས་མང་ཞིང་ཉེན་ཁ་ཆེ་བ་དང་། ཁྱད་ཆོས་ལྡན་པའི་ཐོན་རྫས་ཚོང་རའི་སྔོན་དཔོག་ཕྱོགས་སུ་སྤྱོད་པ་ཁྱབ་ཆེ།

5. དུས་ཚོད་ཀྱི་གོ་རིམ་ལྟར་སྒྲིག་པའི་ཐབས་ཤེས། དེ་ནི་དཔལ་འབྱོར་སྡོམ་རྩིས་ཀྱི་དམིགས་ཚད་རིགས་ག་གེ་མོ་ཞིག་གི་གྲངས་ཚད་དེ་དུས་ཚོད་ཀྱི་སྔ་གཞུག་གོ་རིམ་ལྟར་སྒྲིག་པ་མ་ཟད། ནར་འགྱངས་དང་ཚོད་རྩིས་བྱེད་པར་བརྟེན་ནས་མ་འོངས་པའི་འཕེལ་ཕྱོགས་སྔོན་དཔག་བྱེད་པར་གོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།