ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >དངུལ་འཛིན།

ཚོགས་མིའི་བྱང་བུ།

ཚོགས་པ་གང་རུང་གི་ཁོངས་མི་ལ་སྤྲད་པའི་དཔང་བྱང་ངོ་། །

རིགས་དབྱེ།  

འབྲུག་རིས་བྱང་བུ།

ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གིས་བཀྲམ་པའི་འབྲུག་བྱང་གི་འབྲེལ་ཡོད་ཐོན་རྫས་དེ་ཡིན། དངུལ་བྱང་བཀྲམ་མཁན་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་བཀྲམ་པའི་བྱང་བུ་དེ་ཡིན་ཞིང་། བྱང་བུ་སྤྱོད་མཁན་གྱིས་བྱང་བུ་བཀྲམ་མཁན་དངུལ་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཡིད་རྟོན་གྲངས་བཅད་སྔོན་ལ་སྐྱི་དངུལ་བཀོལ་ཚར་རྗེས་དུས་ཆད་ལྟར་ཕྱིར་སྤྲོད་དགོས་པ་མ་ཟད། ད་དུང་དངུལ་ལོར་དེ་ཀྲུང་གོ་ནང་ཁུལ་དང་ཕྱི་རྒྱལ་དུ་བཀོལ་སྤྱོད་བྱས་ཆོག་པ་དང་། དེ་མི་དམངས་དངུལ་སྒོར་དང་ཕྱི་རྒྱལ་གྱི་དངུལ་ལོར་སོགས་སུ་བརྗེ་རྗེས་ཡིད་རྟོན་བྱང་བུ་བརྟེན་ནས་འཛད་སྤྱོད་བྱས་ཆོག་པ་ཡིན།

རིགས་དབྱེ།  

ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ།

ཧྲང་ཧའེ་དང་ཞང་ཀང་ཐད་སྦྲེལ་ནི་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་སའོ་དང་ཞང་ཀང་མཉམ་འབྲེལ་ཉོ་ཚོང་སའོ་གཉིས་ནས་ཆོག་མཆན་བཀོད་དེ་ས་ཆ་དེ་གའི་མ་དངུལ་འཇོག་མཁན་གྱིས་དངུལ་འཛིན་ཀུང་སིའི་ཉོ་ཚོང་ཁྱབ་ཁོངས་ལྟར་ཉོ་ཚོང་ཁྲོམ་རར་ཐོན་པའི་མ་རྐང་འཛིན་ཤོག་དང་། ཧྲང་ཧའེ་དང་ཞང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་ར་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱེད་པའི་ཉོ་ཚོང་ལམ་སྲོལ་ཞིག་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་མ་འཇོག་རིག་པ།

རྒྱལ་སྤྱིའི་མ་འཇོག་གཞུང་ལུགས་ནི་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱི་ཆ་རྐྱེན་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དུ་འགྱུར་བ་ནི་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་མངོན་གསལ་དང་འཕེལ་ཕྱོགས་ལྡོག་མེད་ཅིག་རེད། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དུ་འགྱུར་བ་ནི་ཐོན་སྐྱེད་དང་ཚན་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཀྱི་ལས་བགོས་དང་རྒྱལ་སྤྱིའི་ལས་བགོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བའི་འབྲས་བུ་ཡིན་པས། བརྒྱུད་རིམ་དེ་དུས་རབས16པའི་དུས་འགོའི་མི་སེར་སྤེལ་བ་རྒྱ་སྐྱེད་བྱུང་བ་དང་བསྟུན་ནས་འགོ་ཚུགས་པ་དང་། དུས་རབས20པའི་ལོ་རབས80པར་སླེབས་སྐབས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སུ་གྱུར་ཡོད།

རིགས་དབྱེ།  

བསྡུ་ཐབས་མེད་པའི་དངུལ་བུན།

དེ་ནི་ལོ་གསུམ་ཡན(ལོ་གསུམ་ཚུད)དངུལ་བུན་བསྡུ་སྐུལ་གྱི་དོ་དམ་ལ་བརྩིས་ནས་གཏན་འབེབས་ཀྱི་ཆ་རྐྱེན་ལྟར་བསྡུ་ཐབས་མེད་པའི་བུ་ལོན་ལ་གྱོང་གུན་ཕོག་པར་ངོས་འཛིན་བྱས་ནས་ཆོག་མཆན་མ་སྤྲད་པར་ཞིབ་བཤེར་རྩིས་སུབ་བྱེད་རྩིས་ཡོད་པའི་དངུལ་བུན་ལ་ཟེར།

རིགས་དབྱེ།  

སྤྱི་ཚོགས་ཀྱི་ནོར་ཤུགས།

སྤྱི་ཚོགས་ཀྱི་ནོར་ཤུགས་ནི་སྤྱི་ཚོགས་ཀྱི་ཐོན་རྫས་དང་རྒྱལ་དམངས་ཀྱི་ཡོང་འབབ་ཐོག་མའི་བགོ་བཤའ་དང་བགོ་བཤའ་བསྐྱར་མ་ལས་བྱུང་བ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་གྱི་གྲུབ་ཆ་གཙོ་བོ་མི་འདྲ་བར་གཏོགས་པའི་དངུལ་ལོར་གྱི་མ་དངུལ་ཡིན། ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ནོར་ཤུགས་དེ་དག་ནི་སྤྱི་ཚོགས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལ་ཁྲིད་སྟོན་བྱེད་པའི་འབྱུང་རྩ་ཡིན་ལ། སྤྱི་ཚོགས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་གཙོ་ཁྲིད་ཀྱི་སྟོབས་ཤུགས་ཡིན། ཕྱོགས་བསྡུས་ནས་བཤད་ན། སྤྱི་ཚོགས་ཀྱི་ནོར་ཤུགས་ནི་དངུལ་ལོར་གྱི་རྣམ་པའི་ཐོག་ནས་མངོན་པའི་སྤྱི་ཚོགས་ཀྱི་རིན་ཐང་ཐོན་ཁུངས་དང་། སྤྱི་ཚོགས་ཀྱི་རིན་ཐང་བཀོད་སྒྲིག སྤྱི་ཚོགས་ཀྱི་མ་དངུལ་འཁོར་རྒྱུག་དང་འཁོར་སྐྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཅིག་གི་རྒྱལ་སྟོབས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས། ཚོང་རའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད།

རིགས་དབྱེ།  

མ་རྐང་འཛིན་ཤོག་འགྲེམས་སྤེལ་དམིགས་ཡུལ།

མ་རྐང་འཛིན་ཤོག་འགྲེམས་སྤེལ་བྱེད་པའི་དམིགས་ཡུལ་སྣ་ཚོགས་ཡོད་ཅིང་། ཕལ་ཆེར་རིགས་གཉིས་སུ་ཕྱོགས་བསྡུས་བྱས་ཆོག་པ་སྟེ། གཅིག་ནི་མ་རྐང་ཀུང་སི་གསར་པ་འཛུགས་ཆེད་མ་རྩ་གྲབས་གསོག་བྱེད་པ་དང་། རིགས་གཞན་ཞིག་ནི་ད་ཡོད་ཀྱི་མ་རྐང་ཀུང་སིས་གཉེར་སྐྱོང་ལེགས་སུ་གཏོང་ཆེད་མ་རྐང་གསར་པ་འགྲེམས་སྤེལ་བྱེད་པ་དེ་ཡིན།

རིགས་དབྱེ།  

མ་རྐང་འཛིན་ཤོག་ཉོ་ཚོང་བར་གླ།

མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་པའི་བར་གླ་ཞེས་པ་ནི་མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་སྐབས་སྤྲོད་དགོས་པའི་དངུལ་ལ་ཟེར་ཞིང་། མ་རྐང་འཛིན་ཤོག་ཉོ་ཚོང་བྱེད་པའི་འགྲོ་ལུགས་འགྲིམ་དངུལ་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། རིས་སྦྱར་འཛིན་ཁྲལ་དང་། དངུལ་བརྒལ་གྲོན་དངུལ། དངུལ་འཛིན་ལྟ་སྐུལ་དོ་དམ་གྱི་གྲོན་དངུལ་བཅས་ཡིན། དངུལ་འཛིན་ཚོང་པའི་ཉོ་ཚོང་གི་བར་དངུལ་མཐོ་ཤོས་ནི་ཚོང་འགྲིག་དངུལ་གྲངས་ཀྱི3‰ཡིན་པ་དང་། དམའ་ཤོས་སྒོར5ནས་བཟུང་། ཉོ་ཚོང་རྐྱང་པའི་གླ་དངུལ་སྒོར5མ་ལོན་པར་སྒོར5ལྟར་བསྡུ་བ་རེད།

རིགས་དབྱེ།  

མ་རྐང་འཛིན་ཤོག་འགྲེམས་སྤེལ།

མ་རྐང་འཛིན་ཤོག་འགྲེམས་སྤེལ་ནི་ཀུང་སིའི་མ་རྐང་འཛིན་ཤོག་གསར་པ་ཕྱིར་འཚོང་བྱེད་པའི་བརྒྱུད་རིམ་ཞིག་ཡིན། མ་རྐང་འཛིན་ཤོག་གསར་པ་འགྲེམས་སྤེལ་བྱས་མ་ཐག་བར་གནས་པའམ་ཡང་ན་ཅིན་རང་ཉིད་བསྡུ་དགོས་པའི་མིའི་ལག་ཏུ་འབྱོར་རྗེས་བསྡུ་མཁན་གྱིས་ཉོ་རྒྱུ་ཁས་བླངས་ཏེ་མ་རྐང་འཛིན་ཤོག་བཟུང་ན་མ་རྐང་འཇོག་མཁན་དུ་འགྱུར་བ། བརྒྱུད་རིམ་འདི་ལ་སྤྱིར་བཏང་དུ་གཏན་འཇགས་ཀྱི་གཅིག་སྡུད་བྱེད་ས་མེད་པའམ་ཡང་ན་ཀུང་སི་རང་ཉིད་ཀྱིས་འགྲེམ་སྤེལ་བྱེད་ཀྱིན་ཡོད་པ་དང་། སྤྱིར་བཏང་ནི་མ་དངུལ་འཇོག་པའི་དངུལ་ཁང་དང་། ཡིད་རྟོན་མངག་བཅོལ་ཀུང་སི། དངུལ་འཛིན་ཀུང་སི། བར་ཁེ་བ་སོགས་ཀྱིས་ཚོང་གཉེར་བྱེད་འགན་འཁུར་གྱིན་ཡོད། མ་རྐང་འཛིན་ཤོག་འགྲེམས་སྤེལ་བྱེད་པར་གནས་ཚུལ་གཉིས་ཡོད་པ་སྟེ། ①ཀུང་སི་གསར་པ་བཙུགས་ནས་མ་རྐང་འཛིན་ཤོག་ཐོག་མར་འགྲེམས་སྤེལ་བྱས་པ། ②བཙུགས་ཟིན་པའི་ཀུང་སིས་མ་རྐང་འཛིན་ཤོག་གསར་པ་འགྲེམས་སྤེལ་བྱས། དེ་གཉིས་འགྲེམས་སྤེལ་བྱེད་པའི་གོ་རིམ་དང་བྱེད་ཐབས་ཀྱི་ཐད་ནས་མི་འདྲ། ཀུང་སི་གསར་པ་འཛུགས་སྐབས་མ་རྐང་འཛིན་ཤོག་ཐོག་མར་འགྲེམས་སྤེལ་བྱེད་པར་ངེས་པར་དུ་འགྲོ་ལུགས་རབ་དང་རིམ་པ་འགྲིམ་དགོས། གྲོས་འགོ་འདོན་མཁན་གྱིས་ཀུང་སིའི་སྒྲིག་ཡིག་བཟོས་རྗེས་ཁྲིམས་རྩོད་པ་དང་རྩིས་པ་ཆེ་མོས་ཞིབ་བཤེར་བྱས་ཏེ་ཚགས་པར་ཐོག་ཡོངས་བསྒྲགས་བྱེད་པ་དང་ཆབས་ཅིག་གཙོ་གཉེར་ལས་ཁུངས་ལ་ཞིབ་བཤེར་བྱས་ནས་ཚད་ལོན་ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་ཞུས་ནས་ཐོ་འགོད་ལག་ཁྱེར་བླངས་ཏེ། བཅའ་ཁྲིམས་ཐོག་རང་ཚུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཐོབ་རྗེས་གཞི་ནས་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་ཆོག

རིགས་དབྱེ།  

མ་རྐང་འཛིན་ཤོག་འགྲེམས་སྤེལ་ཆ་རྐྱེན།

མ་རྐང་འཛིན་ཤོག་འགྲེམས་སྤེལ་བྱེད་པའི་ཆ་རྐྱེན་ནི་མ་རྐང་འཛིན་ཤོག་འགྲེམས་སྤེལ་བྱེད་མཁན་གྱིས་མ་རྐང་འཛིན་ཤོག་གི་རྣམ་པའི་ཐོག་ནས་མ་དངུལ་གྲབས་གསོག་བྱེད་སྐབས་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང་དགོས་མཁོ་སྐོང་ཐུབ་པའི་རྒྱུ་རྐྱེན་ཞིག་ཡིན་ཞིང་། དེར་རྒྱུན་དུ་ཐོག་མར་འགྲེམས་སྤེལ་བྱེད་པའི་ཆ་རྐྱེན་དང་། མ་དངུལ་འཕར་སྣོན་གཏོང་བའི་ཆ་རྐྱེན། མ་རྐང་བགོས་འགྲེམས་བྱེད་པའི་ཆ་རྐྱེན་སོགས་ཚུད་ཡོད།

རིགས་དབྱེ།  

མ་རྐང་འཛིན་ཤོག་ཉོ་ཚོང་གི་རིན་གོང་།

མ་རྐང་འཛིན་ཤོག་ཉོ་ཚོང་གི་རིན་གོང་ནི་མ་རྐང་འཛིན་ཤོག་ཉོ་ཚོང་ཁྲོམ་རའི་ཐོག་འཁོར་རྒྱུག་བཤུག་སྤྲོད་བྱེད་སྐབས་ཀྱི་རིན་གོང་ལ་ཟེར་ཞིང་། དེས་དངུལ་ལོར་སྲིད་ཇུས་ལ་ཐད་ཀར་འགྱུར་ལྡོག་གཏོང་ཐུབ།

རིགས་དབྱེ།  

ངལ་རྩོལ་ཉེན་འགོག་ཐེབས་རྩ།

ངལ་རྩོལ་ཉེན་འགོག་ཐེབས་རྩ་ནི་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ངལ་རྩོལ་ཉེན་འགོག་ཐེབས་རྩ་ལས་གྲུབ་པའི་ངལ་རྩོལ་ཉེན་འགོག་གི་གྲོན་དངུལ་གཏོང་སྤྲོད་བྱེད་པར་སྤྱོད་པའི་ཐེབས་རྩ་ཞིག་ཡིན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་བཟོ་ཚོགས་ཀྱི་གཞི་རིམ་ཨུ་ཡོན་ལྷན་ཁང་གིས་ཉར་ཚགས་བྱེད་བཞིན་པ་མ་ཟད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་གོའི་མི་དམངས་དངུལ་ཁང་ལས་ཚབ་ཏུ་མངགས་བཅོལ་བྱས། གཞི་རིམ་བཟོ་ཚོགས་ཀྱིས་ལས་བཟོ་པའི་འཆི་གོད་གྱོང་གསབ་དང་། ཁ་གསབ་རོགས་དངུལ། རྒུད་སྐྱོབ་གྲོན་དངུལ་བཅས་དང་དེ་བཞིན་ཐུན་མོང་གི་ངལ་རྩོལ་ཉེན་འགོག་བྱ་གཞག་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ངལ་རྩོལ་ཉེན་འགོག་འགན་ལེན་གྱི་བྱ་གཞག་ལ་སྤྱོད་པ་ཕུད་སྤྱོད་སྒོ་གཞན་ལ་སྤོས་མི་ཆོག ཁེ་ལས་སོ་སོའི་གྲོས་ཚོགས་སྡེ་ཁག་ཚང་མས་ངལ་རྩོལ་ཉེན་འགོག་གི་གྲོན་དངུལ་རང་ཚུགས་ཀྱི་རྩིས་གཉེར་བཙུགས་ཏེ། ངལ་རྩོལ་ཉེན་འགོག་ཐེབས་རྩའི་འགྲོ་སོང་གི་བྱ་བའི་འགན་འཁུར་དགོས།

རིགས་དབྱེ།  

འགན་སྲུང་བྱེད་ཐབས།

འགན་སྲུང་བྱེད་ཐབས་ཞེས་པ་ནི་ཁོངས་མིས་ནང་འདྲེན་བྱེད་ཚད་འཕར་བ་མ་ཟད་རྒྱལ་ནང་གི་ཐོན་ལས་ལ་གནོད་འཚེ་ཚབས་ཆེན་བཟོས་པའམ་ཡང་ན་གནོད་འཚེ་ཚབས་ཆེན་བཟོ་ཉེན་ཡོད་སྐབས།《སྤྱི་ལོ1994ལོའིGAT T》ནང་ནང་འདྲེན་ཚོད་འཛིན་བྱེད་ཐབས་སྤྱད་པ་ལ་ཟེར།

རིགས་དབྱེ།  

བུ་བཙའི་འགན་བཅོལ་ཐེབས་རྩ།

བུ་བཙའི་འགན་བཅོལ་ཐེབས་རྩ་ནི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གྲུབ་ཆ་ཞིག་ཡིན་པ་དང་། བུ་བཙའི་ལས་བཟོ་པར་ཆེད་མངགས་འབྲེལ་ཡོད་ཐོབ་ཐང་སྤྲོད་པའི་གྲོན་དངུལ་ཞིག་ཡིན། བུ་བཙའི་འགན་བཅོལ་ཐེབས་རྩའི་ནུས་པ་གཙོ་བོ་ནི་ཕྲུ་གུ་སྐྱེ་ཆེད་གནས་སྐབས་ལས་གནས་དང་ཁ་བྲལ་བའི་བུད་མེད་ལས་བཟོ་པར་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཁ་གསབ་སྤྲོད་རྒྱུ་དེ་ཡིན།

རིགས་དབྱེ།  

འཚོལ་ཞིབ་མ་གནས།

འཚོལ་ཞིབ་མ་གནས་ནི་དངུལ་རྩའི་རིག་པའི་ཁྲོད་དངུལ་རྩའི་ཁྲོམ་རའི་འཚོལ་ཞིབ་བྱེད་སྒོ་རང་ཉིད་ལ་གཏོང་དགོས་པའི་མ་གནས་ལ་ཟེར། སྐབས་འགར་འཚོལ་ཞིབ་བྱེད་སྒོར་མཁོ་བའི་འགྲོ་སོང་ལ་ཟེར་བ་དང་། སྐབས་འགར་གོ་སྐབས་རྗེས་མར་བཏང་བའི་རིན་དོད་ལ་སྒུག་ཡོད། འཚོལ་ཞིབ་མ་གནས་ལ་མངོན་གསལ་རང་བཞིན་གྱི་མ་གནས་དང་ལྐོག་གྱུར་གྱི་མ་གནས་ཚུད་ཡོད། དཔེར་ན་དངུལ་བཏང་ནས་བརྡ་ཁྱབ་བྱས་ཏེ་དངུལ་རྩའི་རྒྱུ་ནོར་གྱི་ཉོ་མཁན་དང་འཚོང་མཁན་གཉིས་མངོན་གསལ་གྱི་མ་གནས་སུ་བརྩིས་ཏེ། དུས་ཚོད་ངེས་ཅན་ཞིག་སྤྱད་དེ་ཉོ་ཚོང་ཁ་གཏད་དེ་ལྐོག་གྱུར་གྱི་མ་གནས་སུ་གཏན་འཁེལ་བྱེད་དགོས།

རིགས་དབྱེ།  

རྒྱུ་ནོར་གྱི་ཉེན་འགོག་འགན་ལེན་ལ་སྐྱིན་ཚབ་སྤྲོད་པ།

རྒྱུ་ནོར་གྱི་ཉེན་འགོག་འགན་ལེན་ལ་སྐྱིན་ཚབ་སྤྲོད་པ་ཞེས་པ་ནི་རྒྱུ་ནོར་གྱི་བདག་པོས་རང་ཉིད་ཀྱི་རྒྱུ་ནོར་རམ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིས་རང་ཉིད་ཀྱི་ཁེ་གྱོང་གི་འབྲེལ་བ་ཡོད་པའི་རྒྱུ་ནོར་དེ་ཉེན་འགོག་འགན་ལེན་གྱི་དམིགས་བྱར་བྱས་ནས་ཉེན་འགོག་འགན་ལེན་ཀུང་སིར་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གྲངས་འབོར་ངེས་ཅན་ཞིག་འཇལ་སྤྲོད་བྱ་རྒྱུ་དང་། ཉེན་འགོག་འགན་ལེན་ཀུང་སིས་ཉེན་འགོག་འགན་ལེན་བྱ་ཡུལ་དུ་གྱུར་པའི་རྒྱུ་ནོར་གྱི་ཉེན་ཁའི་གྱོང་གུན་འཁུར་རྒྱུའི་ཁས་ལེན་བྱས་ན། ཉེན་འགོག་འགན་ལེན་ཀུང་སིས་དེ་དང་ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའི་བར་གྱི་ཁ་ཆད་ལྟར་ཉེན་འགོག་འགན་ལེན་གྱི་བྱུར་ཉེས་བྱུང་སྐབས་ཉེན་འགོག་འགན་ལེན་བྱ་ཡུལ་ལ་སྐྱིན་ཚབ་སྤྲོད་དགོས།

རིགས་དབྱེ།  

གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་ལྷོ་ཕྱོགས་རྒྱལ་ཁབ་ཁག་བར་གྱི་མཉམ་ལས་ཐེབས་རྩ།

གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་ལྷོ་ཕྱོགས་རྒྱལ་ཁབ་ཁག་བར་གྱི་མཉམ་ལས་ཐེབས་རྩ་ནི་ཀྲུང་གོ་སྲིད་གཞུང་གིས་སྤྱི་ལོ2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལ་རྒྱབ་སྐྱོར་བྱེད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་སྲིད་གཞུང་གིས་མཉམ་ལས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། ཀྲུང་གོ་ནི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཁག་ཀྲུང་གོ་འཕེལ་རྒྱས་ཀྱི“སྟབས་བདེའི་རླངས་འཁོར”ལ་བསྡད་དེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

དངུལ་འཛིན་མ་འཇོག

དངུལ་འཛིན་མ་འཇོག་ནི་དངུལ་ཁང་གི་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་གྲས་ཡིན། འཇར་མན་དང་སུད་སི། ཨོ་སི་ཊི་རི་ཡ་སོགས་རྒྱལ་ཁབ་ཉུང་ཤས་ཀྱིས་ཀུན་ནུས་ཅན་གྱི་ཚོང་ལས་དངུལ་ཁང་གི་ལམ་ལུགས་ལག་ལེན་བསྟར་བ་ཕུད། རྒྱལ་ཁབ་མང་ཆེ་བར་ཚོང་ལས་དངུལ་ཁང་གིས་བཟོ་ཚོང་ཁེ་ལས་ཀྱི་མ་རྐང་ཉོ་སྒྲུབ་བྱ་བ་ཁྲིམས་ཀྱིས་བཀག་པས། ཚོང་ལས་དངུལ་ཁང་གི་དངུལ་འཛིན་མ་འཇོག་གི་ཁ་གཏད་ཡུལ་གཙོ་བོ་ནི་བུན་འཛིན་སྣ་ཚོགས་ཡིན་ཞིང་། དེར་སྲིད་གཞུང་གི་བུན་འཛིན་དང་སྲིད་གཞུང་ལས་ཁུངས་ཀྱི་བུན་འཛིན། ས་གནས་སྲིད་གཞུང་གི་བུན་འཛིན། ཀུང་སིའི་བུན་འཛིན། དངུལ་རྩིའི་བུན་འཛིན་བཅས་ཡོད།

རིགས་དབྱེ།  

དངུལ་ཁང་ནང་འཁོར་གྱི་བཅོལ་དངུལ།

དངུལ་ཁང་ཆུང་ཤས་མང་པོས་དངུལ་ཁང་ཆེ་བ་སྟེ། ཁོ་ཚོའི་ངོ་ཚབ་དངུལ་ཁང་དུ་དངུལ་བཅོལ་བ་རེད། དངུལ་ཁང་ཆེ་བས་ཁོ་ཚོར་གླ་ཆ་སྤྲོད་ཕྱིར་དུ། དེ་ཚོར་སྤྲོད་འཛིན་ཞིབ་རྩིས་དང་། ཕྱི་དངུལ་བརྗེ་རེས། དངུལ་འཛིན་ཉོ་སྒྲུབ་བཅས་ཀྱི་ཞབས་ཕྱི་སྒྲུབ་བཞིན་ཡོད། ལམ་ལུགས་འདི་ལ་ངོ་ཚབ་ལམ་ལུགས་ཞེས་འབོད།

རིགས་དབྱེ།  

ཀུང་སི་ཅན་གྱི་ཐེབས་རྩ།

ཀུང་སི་ཅན་ཀྱི་ཐེབས་རྩ་ཞེས་པ་ནི་ཐེབས་རྩ་དེ་ཉིད་མ་རྐང་ཚད་ཡོད་ཀུང་སི་ཞིག་ཡིན་ཐོག རང་ཉིད་ཀྱི་རྐང་འཛིན་འགྲེམ་སྤེལ་བྱེད་པ་དང་། མ་འཇོག་མཁན་གྱིས་ཐེབས་རྩའི་རྐང་འཛིན་ཉོས་ནས་ཐེབས་རྩ་དེ་གའི་རྐང་བདག་བྱས་ཏེ་མ་རྐང་ལྟར་རྐང་སྐྱེད་ལེན་པ་ཡིན།

རིགས་དབྱེ།  

གན་རྒྱ་ཅན་གྱི་ཐེབས་རྩ།

གན་རྒྱ་ཅན་གྱི་ཐེབས་རྩ་ནི་མངག་བཅོལ་བ་དང་བཅོལ་ཡུལ། ཕན་ཁེ་ཐོབ་པ་བོ་གསུམ་ཡིད་རྟོན་མ་འཇོག་གི་གན་རྒྱ་ལྟར་རྩ་འཛུགས་བྱས་ཤིང་། ཐེབས་རྩ་དེ་ཉིད་ནི་ཁྲིམས་མི་ཞིག་མ་ཡིན་ནོ༎

རིགས་དབྱེ།  

བཀག་སྡོམ་ཐེབས་རྩ།

བཀག་སྡོམ་ཐེབས་རྩའི་མ་རྐང་ནི་ཅུང་བརྟན་པོ་ཡིན། སྤྱིར་བཏང་དུ་མ་འཇོག་པར་རྐང་གསར་འགྲེམ་སྤེལ་དང་རྐང་རྙིང་ཕྱིར་བསྡུ་མི་བྱེད་མོད། མ་འཇོག་པས་མ་རྐང་ཉོས་རྗེས་ཁྲོམ་ར་བར་མར་ཕྱིན་ནས་བཙོང་བ་ན་ལག་དངུལ་དུ་བརྗེ་ཐུབ། དངུལ་འཛིན་གཞན་པ་དང་འདྲ་བར་བཀག་སྡོམ་ཐེབས་རྩ་དང་མ་རྐང་རིན་གོང་ནི་དེ་ཡི་མཁོ་སྤྲོད་ཀྱིས་ཐག་གཅོད་བཞིན་ཡོད།

རིགས་དབྱེ།  

སྒོ་འབྱེད་ཐེབས་རྩ།

སྒོ་འབྱེད་ཐེབས་རྩའི་འགྲེམ་སྤེལ་སྤྱིའི་ཚད་བརྟན་པོ་མ་ཡིན་པར། ལས་གཉེར་ཐབས་ཇུས་དང་དོན་དངོས་ཀྱི་དགོས་མཁོ་ལྟར་འགྲེམ་སྤེལ་བྱེད། མ་འཇོག་མཁན་གྱིས་ནམ་ཡིན་ཡང་ཐེབས་རྩའི་རྐང་འཛིན་མང་དུ་ཉོ་བའམ། ཡང་ན་ཐེབས་རྩ་ལ་རང་གི་ལག་གི་རྐང་འཛིན་ཕྱིར་བསྡུ་རུ་བཅུག་ནས་ལག་དངུལ་དུ་བརྗེ་བར་བྱེད།

རིགས་དབྱེ།  

དངུལ་ལོར་ཁྲོམ་རའི་ཐུན་མོང་ཐེབས་རྩ།

དངུལ་ལོར་ཁྲོམ་རའི་ཐུན་མོང་ཐེབས་རྩ་ནི་ཐེབས་རྩ་དམིགས་བསལ་བ་ཞིག་ཡིན། ཐུན་མོང་ཐེབས་རྩ་གཞན་པ་དང་འདྲ་བར། མ་རྐང་བཙོང་ནས་མ་དངུལ་གྲབས་གསོག་བྱེད་པ་ཡིན།

རིགས་དབྱེ།  

ཡོང་སྒོ་ཐེབས་རྩ།

རྐང་འཛིན་དང་བུན་འཛིན། དངུལ་ལོར་ཁྲོམ་རའི་ཡོ་བྱད་བཅས་མ་དངུལ་འཇོག་ཡུལ་གཙོ་བོར་འཛིན། སོ་སོའི་མ་འཇོག་ཐབས་ཇུས་ལྟར། ཐེངས་དེའི་ཡོང་འབབ་དམིགས་འབེན་དུ་འཛིན་པར་ཡོང་སྒོ་ཐེབས་རྩ་ཟེར་ཞིང་། ཐེབས་རྩ་འདིས་མ་འཇོག་མཁན་གྱི་དགོས་མཁོ་རིགས་མི་འདྲ་བ་དག་བསྐངས་ཡོད།

རིགས་དབྱེ།  

རྒན་གཉོར་ཐེབས་རྩ།

རྒན་གཉོར་ཐེབས་རྩ་ཞེས་པ་ནི་རྒན་གཉོར་འགན་བཅོལ་ཀུང་སིས་མངགས་བཅོལ་དོ་དམ་དང་ལེན་བྱེད་པའི་གཞི་རྩའི་རྒན་གཉོར་འགན་བཅོལ་ཐེབས་རྩ་དང་། ཁེ་ལས་དང་ལས་རིགས་སོགས་ཀྱི་ལོ་ཕོགས་ཐེབས་རྩ་སོགས་རྒན་གཉོར་མ་དངུལ་ལ་ཟེར།

རིགས་དབྱེ།  

སྒེར་གྱི་རྒན་གཉོར་ཐེབས་རྩ།

སྒེར་གྱི་རྒན་གཉོར་ཐེབས་རྩ་ནི་རྒྱུན་པར་ཁེ་ལས་ཀྱིས་གླ་བའི་ཆེད་དུ་བཙུགས་ཤིང་། སྔོན་སྤྲོད་རྒན་གཉོར་དངུལ་དེ་གླ་བ་དང་གླ་དཔོན་གཉིས་ཀྱིས་མཉམ་དུ་འཁུར་དགོས་པ་དང་ཆབས་ཅིག་ཏུ། སྲིད་གཞུང་གིས་དཔྱ་ཁྲལ་བསྡུ་སྐབས་གུ་ཡངས་གཟིགས་སྐྱོང་བྱེད། སྒེར་གྱི་རྒན་གཉོར་ཐེབས་རྩར་ཚོང་ལས་དངུལ་ཁང་གི་ཡིད་རྟོན་ཁང་དང་། མི་སྲོག་ཉེན་འགོག་ཀུང་སིའམ་ཡང་ན། རྒན་གཉོར་ཐེབས་རྩའི་ཆེད་འདྲོངས་སྤྱི་གཉེར་གྱིས་དོ་དམ་བྱེད་ཅིང་། ནམ་རྒྱུན་ཀུང་སིའི་རྐང་འཛིན་ལ་མ་དངུལ་འབོར་ཆེན་འཇོག་པ་ཡིན།

རིགས་དབྱེ།  

ལས་བཟོ་བའི་ཐུན་མོང་མ་རྐང་།

ལས་བཟོ་བའི་ཐུན་མོང་མ་རྐང་ཞེས་པ་ནི་སྔར་ཡོད་ཁེ་ལས་ཀྱིས་རྒྱུ་ནོར་བདག་དབང་དབྱེ་འབྱེད་གཏན་འཁེལ་བྱེད་སྐབས། ངལ་རྩོལ་བ་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལས་གྲུབ་པའི་མ་རྐང་གི་ཁོངས་སུ་གཏོགས་པ་དང་། དེའི་མ་རྐང་འཛིན་དབང་ནི་ཁེ་ལས་དེ་གའི་ལས་བཟོ་པ་ཐུན་མོང་ལ་དབང་བ་ཡིན།

རིགས་དབྱེ།  

འཕེན་སྐར།

འཕེན་སྐར་ནི་མ་རྐང་དངུལ་འཛིན་གྱི་བརྡ་ཆད་ཅིག་ཡིན། མ་དཔེ་དེ་ནི་ཐོ་བའི་དབྱིབས་ཀྱི་སྒྲོན་སྟེགས་ལྟ་བུ་ཞིག་ཏུ་གྱུར་ཡོད། མ་རྐང་འཛིན་ཤོག་གི་རིན་གོང་མཐོ་བ་ཡོད་པ་དེ་འཕེན་སྐར་གྱི་སྣང་ཚུལ་ཐོན་པའི་ཉིན་དེར་མཇུག་སྒྲིལ་བའི་རིན་གོང་དེ་ཉིན་གཅིག་གོང་གི་མཇུག་སྒྲིལ་བའི་རིན་གོང་ལས་མཐོ་བ་ཡོད་པ་དང་། དེ་རྗེས་མ་རྐང་གི་རིན་གོང་མཐོ་ཙམ་དུ་འཕར་ཡང་མཐར་འགོ་ཚུགས་རིན་གོང་ལས་དམའ་བའི་ཐོག་ནས་མཇུག་སྒྲིལ་གྱིན་ཡོད་པ་རེད།

རིགས་དབྱེ།  

ཁེ་དབང་དངུལ་འཛིན།

ཁེ་དབང་དངུལ་འཛིན་གྱིས་དམིགས་འཛུགས་ཀུང་སིའི་བདག་དབང་གི་ཐོབ་སྐལ་གྱི་ཚབ་བྱ་བ་ཡིན།

རིགས་དབྱེ།