ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >དངུལ་རྩ།

ནོར་སྲིད་བགོ་བཤའ།

ནོར་སྲིད་བགོ་བཤའ་ནི་རྒྱལ་ཁབ་ཀྱི་འགན་ནུས་མངོན་འགྱུར་བྱ་བའི་ཆེད་དུ། ཆབ་སྲིད་ཀྱི་དབང་ཆའི་ནུས་པར་བརྟེན་ནས་རྒྱལ་དམངས་ཡོང་སྒོའི་ཁྲོད་ཀྱི་ཐོན་རྫས་ལྷག་མ་བགོ་བཤའ་བྱེད་པ་ཞིག་དང་། ནོར་སྲིད་དངུལ་རྩ་གྲབས་གསོག་དང་ཆ་བགོས། བེད་སྤྱོད་གཏོང་བའི་གོ་རིམ་གྱི་སྤྱི་མིང་ཡིན། གོ་རིམ་གསུམ་པོ་དེ་ལག་ལེན་གྱི་ཁྲོད་དུ་སྔ་གཞུག་དང་ཡང་ན་དུས་མཉམ་དུ་གནས་པ་ཞིག་ཡིན། གཏོང་ཡོང་གི་རྣམ་པས་བྱེ་བྲག་གི་སྣང་ཚུལ་མཚོན་གྱི་ཡོད།

རིགས་དབྱེ།  

ནོར་སྲིད་མ་དངུལ།

ནོར་སྲིད་མ་དངུལ་ནི་རྒྱལ་ཁབ་ནོར་སྲིད་དཀྱིལ་སྙིང་དུ་བཟུང་བ་ཞིག་ཡིན་ཞིང་། དེར་ཀྲུང་དབྱང་སྲིད་གཞུང་དང་ས་གནས་སྲིད་གཞུང་གི་ནོར་སྲིད་འགྲོ་སོང་འདུ་བར་མ་ཟད། རྒྱལ་ཁབ་ནོར་སྲིད་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་། ལས་དོན། སྲིད་འཛིན་ལས་ཁུངས་ཀྱི་དངུལ་ལོར་གྱི་གཏོང་ཡོང་ཀྱང་འདུ་བ་ཡིན། ནོར་སྲིད་མ་དངུལ་ནི་རྒྱལ་ཁབ་ཅིག་གི་སྤྱི་ཚོགས་མ་དངུལ་གྱི་གཙོ་ཁྲིད་ཡིན་ལ། དེས་སྤྱི་ཚོགས་མ་དངུལ་གྱི་འཁོར་རྒྱུག་ལ་ཚོད་འཛིན་དང་ཤན་ཤུགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད།

རིགས་དབྱེ།  

ནོར་སྲིད་འགྲོ་སྒོ།

ནོར་སྲིད་འགྲོ་སྒོ(Public finance expenditure) ནི་རྒྱལ་ཁབ་ཀྱིས་འགན་ནུས་སྣ་ཚོགས་མངོན་འགྱུར་བྱ་བའི་ཆེད་དུ། ནོར་སྲིད་ལས་ཁུངས་ཀྱིས་སྔོན་རྩིས་འཆར་གཞི་ལྟར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནོར་སྲིད་དངུལ་རྩ་དེ་འབྲེལ་ཡོད་སྡེ་ཁག་དང་ངོས་ཐད་ལ་བཏང་བའི་བྱ་འགུལ་ཞིག་ཡིན་པས། དེ་ལ་སྔོན་རྩིས་འགྲོ་སྒོ་ཞེས་ཀྱང་བྱ།

རིགས་དབྱེ།  

ནོར་སྲིད་རིག་པ།

ནོར་སྲིད་རིག་པ (Public Finance Program) ནི་རྒྱལ་ཁབ་གཙོ་གཞིར་བྱས་པའི་ནོར་སྲིད་བགོ་བཤའི་འབྲེལ་བའི་གྲུབ་ཚུལ་དང་འཕེལ་རྒྱས་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དེ་ནི་དཔལ་འབྱོར་རིག་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ཉེར་སྤྱོད་རིག་ཚན་གྱི་ཁོངས་སུ་གཏོགས།

རིགས་དབྱེ།  

ནོར་སྲིད་ལམ་ལུགས།

ནོར་སྲིད་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་ནོར་སྲིད་བྱ་བར་གཏན་འབེབས་བྱས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ཞིང་། དེ་ནི་ནོར་སྲིད་གཏོང་ཡོང་ཆོས་ཉིད་ཀྱི་མཚོན་ཐབས་ཤིག་ཡིན་པ་དང་། བཀས་སྐུལ་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཡིན་ལ། ཁྲིམས་ལུགས་ཀྱི་ནུས་པ་ལྡན་པའོ།།

རིགས་དབྱེ།  

ནོར་སྲིད་སྲིད་ཇུས།

ནོར་སྲིད་སྲིད་ཇུས་ནི་དཔལ་འབྱོར་རིག་པའི་མིང་བརྡ་ཞིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་དུས་སྐབས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་འཁྲི་ལྟར་གཏན་འབེབས་བྱས་པའི་ནོར་སྲིད་བྱ་བའི་མཛུབ་སྟོན་རྩ་དོན་ལ་བྱ་བ་ཡིན་ཞིང་། ནོར་སྲིད་གཏོང་ཡོང་དང་ཁྲལ་སྡུད་སྲིད་ཇུས་ཀྱི་འགྱུར་བ་ལ་བརྟེན་ནས་སྤྱིའི་དགོས་མཁོ་ལ་ཤུགས་རྐྱེན་བཟོ་བ་དང་སྙོམས་སྒྲིག་བྱེད་པ་ཡིན། ནོར་སྲིད་སྲིད་ཇུས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་ཡོངས་ཀྱི་གྲུབ་ཆ་ཡིན།

རིགས་དབྱེ།  

ཀུང་སིའི་དངུལ་འཛིན།

ཀུང་སིའི་དངུལ་འཛིན་ནི་ཀུང་སི་དང་ཁེ་ལས་སོགས་ཀྱི་དཔལ་འབྱོར་ཁྲིམས་མི་ཡིས། མ་དངུལ་གཏོང་བའི་མ་དངུལ་གྲབས་གསོག་གམ་མ་དངུལ་གཏོང་བའི་མ་དངུལ་གྲབས་གསོག་ལ་ཐད་ཀར་འབྲེལ་བ་ཡོད་པའི་བྱ་སྤྱོད་ཀྱི་ཆེད་དུ་འགྲེམ་སྤེལ་བྱས་པའི་དངུལ་འཛིན་ལ་ཟེར་བ་ཡིན།

རིགས་དབྱེ།  

ཀྲུང་གོ་དངུལ་ཁང་།

ཀྲུང་གོ་དངུལ་ཁང་གི་མིང་སྤྱི་ལ་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཟེར་བ་ཡིན་ཞིང་། བསྡུས་མིང་ལBOC ཟེར། དེ་ཡི་སྤྱི་ཁྱབ་དངུལ་ཁང་ནི་པེ་ཅིང་ཧྥུ་ཞིང་མོན་སྲང་ལམ་ཆེན་མོའི་སྒོ་རྟགས1པ་རུ་ཡོད། དེ་ནི་རྒྱལ་ཁབ་ལ་དབང་བའི་དངུལ་ཁང་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན། དེ་ཡང་ཀྲུང་གོ་དངུལ་ཁང་གི་ལས་བགོས་ཁྱབ་ཁོངས་ནི་ཚོང་ལས་དངུལ་ཁང་དང་མ་དངུལ་གཏོང་བའི་དངུལ་ཁང་། ཉེན་འགོག མཁའ་འགྲུལ་བོགས་མ་གཏོང་ལེན་བཅས་ཡིན་ལ། དེ་ཡི་མངའ་ཞབས་སུ་ཀྲུང་གོ་དངུལ་ཁང་ཉེན་འགོག་སོགས་མ་རྐང་ཚོད་འཛིན་གྱི་དངུལ་རྩའི་ལས་ཁུངས་མང་བོ་ཡོད་པ་དང་། འཛམ་གླིང་ཡོངས་སུ་མི་སྒེར་དང་ཀུང་སི་ལ་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།

རིགས་དབྱེ།  

ཀྲུང་གོ་བཟོ་ཚོང་དངུལ་ཁང་།

ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་མིང་སྤྱི་ལ་ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཟེར་བ་ཡིན་ཞིང་། བསྡུས་མིང་ལICBCཟེར་བ་ཡིན་ལ། སྤྱི་ལོ1984ལོའི་ཟླ1པའི་ཚེས1ཉིན་བཙུགས་པ་རེད།

རིགས་དབྱེ།  

ཀྲུང་གོ་ཞིང་ལས་དངུལ་ཁང་།

ཀྲུང་གོ་ཞིང་ལས་དངུལ་ཁང་ནི་ཀྲུང་གོའི་ཚོང་ཞུགས་དངུལ་ཁང་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་དངུལ་ཁང་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན། དེ་ནི་ཆེས་ཐོག་མར་སྤྱི་ལོ1951ལོར་བཙུགས་པ་དང་། ཀྲུང་གོ་གསར་བ་བཙུགས་པའི་ཚུན་གྱི་རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཐོག་མ་ཡིན་ཏེ། ཀྲུང་གོའི་དངུལ་རྩའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

རིགས་དབྱེ།  

ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་།

ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་བསྡུས་མིང་ལ་འཛུགས་སྐྲུན་དངུལ་ཁང་ཟེར་བ་ཡིན་ཞིང་། དེ་ཡི་ཐོག་མའི་མིང་ནི་ཀྲུང་གི་མི་དམངས་འཛུགས་སྐྲུན་དངུལ་ཁང་ཟེར་བ་ཡིན། དེ་ནི་སྤྱི་ལོ1996ལོའི་ཟླ3པའི་ཚེས26ཉིན་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་དུ་བརྗེས་པ་ཡིན།

རིགས་དབྱེ།  

ཀྲུང་དབྱང་དངུལ་ཁང་།

ཀྲུང་དབྱང་དངུལ་ཁང་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དངུལ་ལོར་དངུལ་རྩའི་དོ་དམ་གྱི་རྩ་འཛུགས་ལས་ཁུངས་ཡིན་ཞིང་། རྒྱལ་ཁབ་སོ་སོའི་དངུལ་རྩའི་མ་ལག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། རྒྱལ་ཁབ་ཀྱིས་དངུལ་ལོར་སྲིད་ཇུས་གཏན་འབེབ་དང་ལག་བསྟར་བྱས་པ་བརྒྱུད། རྒྱལ་དམངས་དཔལ་འབྱོར་སྤྱི་ཆ་ནས་སྙོམས་སྒྲིག་བྱས་ནས། དངུལ་རྩའི་ལས་ཁུངས་གཞན་དག་དང་ཡང་ན་དངུལ་རྩའི་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱ་བ་ཡིན།

རིགས་དབྱེ།  

གནམ་གྲུའི་པ་སེ།

གནམ་གྲུའི་པ་སེ་ནི་མི་རྣམས་གནམ་གྲུར་སྡོད་བྱའི་དངོས་དཔང་རིགས་ཤིག་ཡིན་ཞིང་། དེ་ལ་མིང་དངོས་བཀོལ་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། གནམ་གྲུའི་པ་སེ་མངག་ཉོ་མཁན་གྱིས་མཁའ་འགྲུལ་ཀུང་སིའམ་ལས་ཚབ་པ་སེ་འཚོང་སར་གནམ་གྲུར་སྡོད་མཁན་གྱི་མིང་དངོས་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། རྒྱལ་གྲོལ་ལམ་ཡིག་ཨང་གྲངས་སམ་ཀང་ཨའོ་ཐའེ་གསུམ་གྱི་ལམ་ཡིག་ཨང་རྟགས་བཅས་འདོན་སྤྲོད་བྱ་དགོས་པ་ཡིན། གཞན་གནམ་གྲུའི་པ་སེ་ལ་དམིགས་བསལ་གཟིགས་སྐྱོང་གནམ་གྲུའི་པ་སེ་དང་བར་བརྒྱུད་གནམ་གྲུའི་པ་སེ། གློག་རྡུལ་པ་སེ་བཅས་ཡོད་པ་ཡིན།

རིགས་དབྱེ།  

གཞུང་སྡུད་དངུལ་འཛིན།

གཞུང་སྡུད་དངུལ་འཛིན་ནི་བར་སྦྱོར་ལས་ཁུངས་བརྒྱུད་ནས་སྤྱི་ཚོགས་ཀྱི་ངེས་གཏན་མ་ཡིན་པའི་མ་དངུལ་གཏོང་མཁན་མང་ཆེ་བར་ཁ་ཕྱོགས་ཏེ། ཡོངས་ཁྱབ་སྒོས་འགྲེམ་སྤེལ་བྱས་པའི་དངུལ་འཛིན་རིགས་ཤིག་ལ་གོ་བ་ཡིན།

རིགས་དབྱེ།  

གྲུ་གཟིངས་པ་སེ།

གྲུ་གཟིངས་པ་སེ་ནི་མི་རྣམས་གྲུ་གཟིངས་ལ་སྡོད་བྱའི་དངོས་དཔང་རིགས་ཤིག་ཡིན་ཞིང་། དེ་ལ་དབྱེ་ན་གྲུ་གཟིངས་པ་སེ་དཀྱུས་མ་དང་མགྱོགས་མྱུར་གྲུ་གཟིངས་པ་སེ། རིན་ཡོངས་པ་སེ། བྱིས་པའི་པ་སེ། དབང་བོ་སྐྱོན་ཅན་དང་དམག་མིའི་དམིགས་བསལ་གཟིགས་སྐྱོང་པ་སེ་བཅས་ཡོད། ཡང་གྲུ་གཟིངས་པ་སེ་ནི་སྤྱིའི་ཆ་ནས་རིམ་པ་བདུན་དུ་ཕྱེས་ཡོད་ཅིང་། དམིགས་བསལ་རིམ་པ་དང་རིམ་པ་དང་པོ། རིམ་པ་གཉིས་པ། རིམ་པ་གསུམ་པ། རིམ་པ་བཞི་བ། རིམ་པ་ལྔ་བ། རིམ་པ་འོག་མ་བཅས་ཡིན།

རིགས་དབྱེ།  

ཉར་འཛིན།

ཉར་འཛིན་ནི་དངུལ་ཁང་གིས་འཛིན་ཡིག་གང་དེར་བརྟེན་ནས་གསོག་དངུལ་ལས་སྒོ་བསྒྲུབ་པའི་ཡིད་རྟོན་དངོས་དཔང་རིགས་ཤིག་ཡིན་ལ། དེ་ནི་སྤྱིར་བཏང་དུ་ཐེངས་གཅིག་ལ་ཉར་ལེན་གྱི་སྡེབ་བཅོལ་སྡེབ་ལེན་དང་དུས་བཀག་སྐབས་བསྟུན་གྱི་གསོག་ཉར་སྐབས་སུ་བཀོལ་བ་ཡིན།

རིགས་དབྱེ།  

ཉེན་འགོག

ཉེན་འགོག་ནི་མི་ཚེའི་ནོར་དོན་འཆར་འགོད་ཀྱི་ལག་ཆ་རིགས་ཤིག་ཡིན་ལ། དེ་ནི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག ཉེན་ཁའི་དོ་དམ་གྱི་གཞི་རྩའི་བྱེད་ཐབས་རིགས་ཤིག་ཡིན་པར་མ་ཟད། དངུལ་རྩའི་མ་ལག་དང་སྤྱི་ཚོགས་འགན་ལེན་མ་ལག་གི་སྲོག་ཤིང་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ཐེབས་རྩའི་དངུལ་འཛིན།

ཐེབས་རྩའི་དངུལ་འཛིན་ལ་མ་དངུལ་གཏོང་བའི་ཐེབས་རྩའི་དངུལ་འཛིན་ཡང་ཟེར་བ་རེད། དེ་ནི་མ་དངུལ་གཏོང་བའི་ཐེབས་རྩའི་གྲོས་འདོན་མཁན་གྱིས་མང་ཚོགས་ལ་ཡོངས་ཁྱབ་ཀྱིས་འགྲེམ་སྤེལ་བྱས་པ་ཡིན་ལ། འཛིན་ཤོག་བདག་གིར་འཛིན་མཁན་གྱིས་བདག་གིར་བཟུང་བའི་སྐལ་གྲངས་ལྟར། རྒྱུ་ནོར་གྱི་བདག་དབང་ལོངས་སྤྱོད་དང་རྒྱུ་ནོར་གྱི་ཡོང་སྒོ་ལེན་པའི་དབང་ཆ། རྒྱུན་ནོར་ལྷག་མ་བགོ་བཤའི་དབང་ཆའི་བདེན་དཔང་ལ་གོ་བ་ཡིན།

རིགས་དབྱེ།  

ཐོབ་ཐང་དངུལ་འཛིན།

ཐོབ་ཐང་དངུལ་འཛིན་ནི་འཛིན་ཤོག་བདག་གིར་འཛིན་མཁན་ལ་དབང་ཆ་ངེས་ཅན་ལག་ལེན་གྱི་ཐོབ་ཐང་ལྡན་པའི་དངུལ་འཛིན་ལ་ཟེར་བ་ཡིན། དཔེར་ན། རླངས་འཁོར་པ་སེ་དང་གནམ་གྲུའི་པ་སེ། དངོས་བཅོལ་དཔང་ཡིག་ལ་སོགས་པ་ལྟ་བུ།

རིགས་དབྱེ།  

དངུལ་ཁང་།

དངུལ་ཁང་ནི་ཁྲིམས་ལྟར་བཙུགས་པའི་དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་གཉེར་བའི་དངུལ་རྩའི་ལས་ཁུངས་ཡིན་ལ། དེ་ནི་ཚོང་ཟོག་དངུལ་ལོར་དཔལ་འབྱོར་འཕེལ་རྒྱས་བྱུང་ནས་རིམ་པ་ངེས་ཅན་ལ་བསླེབས་པའི་ཐོན་དངོས་ཡིན། དེ་ཡང་དངུལ་ཁང་ནི་དངུལ་རྩའི་ལས་ཁུངས་ཀྱི་ཡ་གྱལ་ཡིན་ཞིང་། དེ་ལ་ཀྲུང་གོ་དངུལ་ཁང་དང་ཚོང་ལས་དངུལ་ཁང་། མ་དངུལ་གཏོང་བའི་དངུལ་ཁང་། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་། འཛམ་གླིང་དངུལ་ཁང་བཅས་རིགས་མི་འདྲ་བ་མང་བོ་ཡོད། དེ་སྔ་མིང་རྒྱལ་རབས་ཀྱི་དུས་མཇུག་ནས་ཀྲུང་གོར་དངུལ་ཁང་ཞེས་པའི་རྩ་འཛུགས་དེ་ཡོད་ཅིང་། མི་རྣམས་ཀྱི་ལག་ཏུ་གནས་སྐབས་བེད་སྤྱོད་མེད་པའི་དངུལ་ལོར་ཡོད་ན། དེ་དག་དངུལ་ཁང་ལ་བཞག་ནས་སྐྱེད་ཀ་ལེན་པ་ཡིན། ཡང་མི་རྣམས་གྱིས་ལས་གཉེར་རམ་འཚོ་བར་དངུལ་ལོར་དགོས་གལ་ཆེན་པོ་ཡོད་པའི་སྐབས་སུ། དངུལ་ཁང་ནས་བུ་ལོན་བསྐྱི་བ་ཡིན།

རིགས་དབྱེ།  

དངུལ་ཁང་དངུལ་འགྲུལ་འཛིན་ཤོག

དངུལ་ཁང་དངུལ་འགྲུལ་འཛིན་ཤོག་ནི་འཛིན་ཤོག་སྟེར་མཁན་དངུལ་ཁང་གིས་ཆོག་མཆན་བཀོད་ནས་སྤྲད་པའི་འཛིན་ཤོག་ལ་གོ་བ་ཡིན་ཞིང་། དེ་ཡིས་འཛིན་ཤོག་མཐོང་བའི་སྐབས་སྡོམ་རྩིས་ཀྱི་དངུལ་གྲངས་དངོས་ལ་གཞིགས་ཏེ། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དངུལ་ལེན་མཁན་ནམ། ཡང་ན་འཛིན་ཤོག་བདག་གིར་འཛིན་མཁན་ལ་དངུལ་འཇལ་སྤྲོད་ཀྱི་འཛིན་ཤོག་ལ་ཟེར་བ་ཡིན།

རིགས་དབྱེ།  

དངུལ་འགྲུལ་འཛིན་ཤོག

དངུལ་འགྲུལ་འཛིན་ཤོག་ནི་འཛིན་ཤོག་སྟེར་མཁན་གྱིས་ཆོག་མཆན་བཀོད་ནས་སྤྲད་པ་ཡིན་ལ། དངུལ་འཇལ་སྤྲོད་མཁན་གྱིས་འཛིན་ཤོག་མཐོང་བའི་སྐབས་སམ་དུས་བཀག་ནང་། དངུལ་ལེན་མཁན་ནམ་འཛིན་ཤོག་བདག་གིར་འཛིན་མཁན་ལ་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས། དངུལ་འཇལ་སྤྲོད་ཀྱི་ཆ་རྐྱེན་བཏོན་པའི་འཛིན་ཤོག་ལ་ཟེར་བ་ཡིན།

རིགས་དབྱེ།  

དངུལ་འཛིན།

དངུལ་འཛིན་ནི་དཔལ་འབྱོར་ཁེ་དབང་གི་འཛིན་ཡིག་སྣ་ཚོགས་ཀྱི་སྤྱི་མིང་ལ་བྱ་བ་ཡིན་ཞིང་། དངུལ་འཛིན་བདག་གིར་འཛིན་མཁན་ལ་མངའ་བའི་དམིགས་བསལ་གྱི་ཁེ་དབང་ར་སྤྲོད་བྱེད་ཀྱི་བཅའ་ཁྲིམས་དཔང་ཡིག་རིགས་ཤིག་ཡིན། དེ་ལ་གཙོ་བོ་མ་རྩའི་དངུལ་འཛིན་དང་དངུལ་ལོར་དངུལ་འཛིན། ཚོང་ཟོག་དངུལ་འཛིན་བཅས་འདུ་བ་ཡིན། དེ་ཡང་སྒྲ་དོག་འཇུག་གི་དངུལ་འཛིན་ནི་གཙོ་བོ་དངུལ་འཛིན་ཚོང་རའི་ཁྲོད་ཀྱི་དངུལ་འཛིན་ཐོན་རྫས་ལ་གོ་བ་ཡིན་པར་མ་ཟད། རྒྱུ་ནོར་བདག་དབང་ཚོང་རའི་ཐོན་རྫས་ནི་མ་རྐང་འཛིན་ཤོག་ལྟ་བུ་དང་བུན་འཛིན་ཚོང་རའི་ཐོན་རྫས་ནི་བུན་འཛིན་ལྟ་བུ། མཆེད་སྐྱེས་ཚོང་རའི་ཐོན་རྫས་ནི་རྐང་དངུལ་འཛིན་ལོར་གྱི་དུས་བཀག་ཚོང་ཟོག་དང་བུན་དབང་། སྐྱེད་ཀའི་ཚད་ཀྱི་དུས་བཅད་ཚོང་ཟོག་ལ་སོགས་པ་ལྟ་བུ། གཞན་དངུལ་འཛིན་རིག་པའི་རིག་ཚན་མ་ལག་ནི་མཐོང་སྣེ་མི་འདྲ་བ་ནས་དངུལ་འཛིན་ཚོང་རའི་བྱེད་ལས་ཀྱི་ཁྱད་ཆོས་དང་འཁོར་སྐྱོད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཡན་ལག་རིག་ཚན་སྣ་ཚོགས་ཀྱིས་ཕྱོགས་བསྡུས་སྒོས་གྲུབ་པའི་སྐྱེ་ལྡན་མ་ལག་ཅིག་ཡིན་ལ། དེ་ལ་གཙོ་བོ་སྲོལ་རྒྱུན་གྱི་དངུལ་འཛིན་རིག་པའི་གཞུང་ལུགས་དང་རིམ་འགྱུར་གྱི་དངུལ་འཛིན་རིག་པའི་གཞུང་ལུགས་གཉིས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ཆེན་པོ་གཉིས་འདུ་བ་ཡིན།

རིགས་དབྱེ།  

དངུལ་རྩ།

དངུལ་རྩ་ནི་དངུལ་ལོར་གྱི་འགྲེམ་སྤེལ་དང་འཁོར་རྒྱུག ཕྱིར་སྡུད་བཅས་ལ་གོ་བ་ཡིན་ཞིང་། དངུལ་བུན་གྱི་གཏོང་ལེན་དང་ཕྱིར་སྡུད། བཅོལ་དངུལ་གྱི་གསོག་ཉར་དང་འདོན་ལེན། བརྗེ་སྤོར་སོགས་ཀྱི་དཔལ་འབྱོར་བྱེད་སྒོ་ལ་གོ་བ་ཡིན། དེ་ཡང་དངུལ་རྩ་ཡིས་ད་ཡོད་ཀྱི་ཐོན་ཁུངས་ལ་བསྐྱར་དུ་ཧྲིལ་འདྲེས་བྱས་རྗེས། རིན་ཐང་དང་ཁེ་བཟང་གི་ནུས་མཚུངས་འཁོར་རྒྱུག་མངོན་འགྱུར་བྱ་བ་ཡིན། གཞན་དངུལ་རྩ་ནི་བརྗེ་རེས་ཀྱི་བྱེད་སྒོ་རིགས་ཤིག་ཡིན་ལ། དངུལ་རྩའི་བརྗེ་རེས་རང་སྟེང་ནས་རིན་ཐང་གསར་གཏོད་བྱས་པ་ནི་མ་ཡིན།

རིགས་དབྱེ།  

དངུལ་རྩའི་དངུལ་འཛིན།

དངུལ་རྩའི་དངུལ་འཛིན་ནི་དངུལ་ཁང་དང་དངུལ་ཁང་མ་ཡིན་པའི་དངུལ་རྩའི་ལས་ཁུངས་ཀྱིས་འགྲེམ་སྤེལ་བྱས་པའི་དངུལ་འཛིན་ལ་ཟེར་བ་ཡིན་ཞིང་། དེ་ནི་འཛད་སྤྱོད་དང་མ་དངུལ་གཏོང་བའི་འགྲོ་སྒོ་མིག་སྔར་གྱི་ཡོང་འབབ་ལས་མཐོ་བའི་ལས་ཁུངས་སམ། ཁྱིམ་ཚང་དང་ཁེ་ལས། སྲིད་གཞུང་སོགས་ཀྱིས་བྱིན་པའི་གཡར་འཛིན་ནམ་བྱུང་འཛིན་ལ་གོ་བ་ཡིན་ལ། དངུལ་རྩའི་ལས་རིགས་དང་དངུལ་འཛིན་ལས་རིགས་གཉི་གའི་གནད་དོན་གྱི་སྤྱི་སྡོམ་ཡིན། དེ་ལ་མ་རྐང་འཛིན་ཤོག་དང་བུན་འཛིན་གཉིས་འདུ་བ་ཡིན།

རིགས་དབྱེ།  

དངུལ་ལེན་འཛིན་ཤོག

དངུལ་ལེན་འཛིན་ཤོག་ནི་དངུལ་འཛིན་བཅོལ་དངུལ་གྱི་ལས་སྒོའི་དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་གཞན་དག་ལ་མངག་བཅོལ་ལྟར། དེ་ཡིས་འཛིན་ཤོག་མཐོང་བའི་སྐབས་སུ་དངུལ་འཇལ་སྤྲོད་ཀྱི་དངུལ་གྲངས་ལེན་མཁན་ནམ་དངུལ་འཛིན་བདག་གིར་འཛིན་མཁན་ལ་འཛིན་ཤོག་སྟེར་མཁན་གྱིས་ཆོག་མཆན་བཀོད་ནས་སྤྲད་པའི་དངུལ་འཛིན་ལ་གོ་བ་ཡིན།

རིགས་དབྱེ།  

དངུལ་ལོར་དངུལ་འཛིན།

དངུལ་ལོར་དངུལ་འཛིན་ནི་རང་སྟེང་ནས་དངུལ་འཛིན་བདག་གིར་འཛིན་མཁན་ལ་ཐོབ་པའི་དངུལ་ལོར་ལེན་དབང་གི་རིན་ལྡན་དངུལ་འཛིན་ལ་གོ་བ་ཡིན། དེ་ལ་རིགས་ཆེན་པོ་གཉིས་ཡོད་པ་ཡིན་ཏེ། གཅིག་ནི་ཚོང་ལས་དངུལ་འཛིན་ཡིན་ལ། དེ་ལ་ཡང་ཚོང་ལས་སྐུར་བྱང་དང་ཚོང་ལས་དངུལ་འགྲུལ་འཛིན་ཤོག་དང་ཚོང་ལས་བདེན་དཔང་ཡིག་འཛིན་གཉིས་འདུ་བ་ཡིན། ཅིག་ཤོས་ནི་དངུལ་ཁང་དངུལ་འཛིན་ཡིན་ཞིང་། དེར་དངུལ་ཁང་དངུལ་འགྲུལ་འཛིན་ཤོག་དང་དངུལ་ཁང་བདེན་དཔང་ཡིག་འཛིན། དངུལ་ལེན་འཛིན་ཤོག་བཅས་འདུ་བ་ཡིན།

རིགས་དབྱེ།  

དངུལ་སྤྲོད་དམ་བཅའི་དངུལ་འགྲུལ་འཛིན་ཤོག

དངུལ་སྤྲོད་དམ་བཅའི་དངུལ་འགྲུལ་འཛིན་ཤོག་ནི་དངུལ་སྤྲོད་དམ་བཅའི་འགྲོ་ལུགས་བསྒྲུབས་པའི་འཛིན་ཤོག་ལ་གོ་བ་ཡིན་ཞིང་། དེ་ནི་བརྗེ་རེས་ཀྱི་བྱེད་སྒོའི་ཁྲོད་ཚོང་ཟོག་ཕྱིར་འཚོང་མཁན་གྱིས་ཚོང་ཟོག་ཉོ་མཁན་གྱི་ལག་ནས་ཚོང་ཟོག་གི་རིན་དངུལ་ལེན་ཆེད། ཆོག་མཆན་བཀོད་ནས་སྤྲད་པའི་དངུལ་འགྲུལ་འཛིན་ཤོག་ལ་གོ་བ་ཡིན།

རིགས་དབྱེ།  

དངོས་དཔང་དངུལ་འཛིན།

དངོས་དཔང་དངུལ་འཛིན་ནི་དཔང་ཡིག་བདག་གིར་འཛིན་མཁན་དེ་སྒེར་དབང་ག་གེ་མོའི་ཁྲིམས་མཐུན་གྱི་ཁེ་དབང་མི་སྣ་ཡིན་པར་གཏན་ཁེལ་དང་། དཔང་ཡིག་བདག་གིར་འཛིན་མཁན་གྱིས་ལས་འགན་ལག་བསྟར་བྱས་པར་བདེན་དཔང་གི་ཕན་ནུས་རང་བཞིན་ལྡན་པའི་ཡིག་ཐོག་གི་བདེན་དཔང་ཡིག་ཆ་ཡིན།

རིགས་དབྱེ།  

དུས་བཀག་འཛིན་ཤོག

དུས་བཀག་འཛིན་ཤོག་ནི་གཏན་འཁེལ་གྱི་དུས་ཚོད་ལ་ཐོན་པ་ན། ད་གཟོད་ཚོང་ཟོག་གམ་དངུལ་ལོར་བླངས་ཆོག་པའི་འཛིན་ཤོག་ལ་གོ་བ་ཡིན།

རིགས་དབྱེ།