གནམ་གྲུའི་པ་སེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་གྲུའི་པ་སེ།
གནམ་གྲུའི་པ་སེ་ནི་མི་རྣམས་གནམ་གྲུར་སྡོད་བྱའི་དངོས་དཔང་རིགས་ཤིག་ཡིན་ཞིང་། དེ་ལ་མིང་དངོས་བཀོལ་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། གནམ་གྲུའི་པ་སེ་མངག་ཉོ་མཁན་གྱིས་མཁའ་འགྲུལ་ཀུང་སིའམ་ལས་ཚབ་པ་སེ་འཚོང་སར་གནམ་གྲུར་སྡོད་མཁན་གྱི་མིང་དངོས་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། རྒྱལ་གྲོལ་ལམ་ཡིག་ཨང་གྲངས་སམ་ཀང་ཨའོ་ཐའེ་གསུམ་གྱི་ལམ་ཡིག་ཨང་རྟགས་བཅས་འདོན་སྤྲོད་བྱ་དགོས་པ་ཡིན། གཞན་གནམ་གྲུའི་པ་སེ་ལ་དམིགས་བསལ་གཟིགས་སྐྱོང་གནམ་གྲུའི་པ་སེ་དང་བར་བརྒྱུད་གནམ་གྲུའི་པ་སེ། གློག་རྡུལ་པ་སེ་བཅས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
机票
ཕྱི་ཡིག་གི་མིང་།
Flight Ticket
ནུས་པ།
གནམ་གྲུར་སྡོད་བྱའི་དངོས་དཔང་རིགས་ཤིག
1 ངོ་སྤྲོད།

གནམ་གྲུའི་པ་སེ་ནི་མི་རྣམས་གནམ་གྲུར་སྡོད་བྱའི་དངོས་དཔང་རིགས་ཤིག་ཡིན་ཞིང་། དེ་ལ་མིང་དངོས་བཀོལ་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། གནམ་གྲུའི་པ་སེ་མངག་ཉོ་མཁན་གྱིས་མཁའ་འགྲུལ་ཀུང་སིའམ་ལས་ཚབ་པ་སེ་འཚོང་སར་གནམ་གྲུར་སྡོད་མཁན་གྱི་མིང་དངོས་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས། རྒྱལ་གྲོལ་ལམ་ཡིག་ཨང་གྲངས་སམ་ཀང་ཨའོ་ཐའེ་གསུམ་གྱི་ལམ་ཡིག་ཨང་རྟགས་བཅས་འདོན་སྤྲོད་བྱ་དགོས་པ་ཡིན། གཞན་གནམ་གྲུའི་པ་སེ་ལ་དམིགས་བསལ་གཟིགས་སྐྱོང་གནམ་གྲུའི་པ་སེ་དང་བར་བརྒྱུད་གནམ་གྲུའི་པ་སེ། གློག་རྡུལ་པ་སེ་བཅས་ཡོད་པ་ཡིན།

སྤྱི་ལོ2013ལོར། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས། རྒྱལ་ནང་གི་མཁའ་འགྲུལ་སྐྱེལ་འདྲེན་གྱི་པ་སེའི་རིན་གོང་འཕར་ཚད་ཀྱི་ཚོད་འཛིན་མེད་པར་བཏང་ལ། མཁའ་འགྲུལ་ཀུང་སིས་ཚོང་རའི་འདོན་སྤྲོད་དང་དགོས་མཁོ་ཡི་གནས་ཚུལ་ལྟར་པ་སེའི་རིན་གོང་གཏན་འཁེལ་བྱས་ཆོག

2 དབྱེ་བ།

མཁའ་འགྲུལ་ཀུང་སིའི་པ་སེའི་རིན་གོང་ནི་སྤྱིར་བཏང་དུ་གྲུ་ཤག་རབ་དང་གྲུ་ཤག་འབྲིང་། གོང་བདེ་གྲུ་ཤག  རིན་གོང་ཆེད་བཅག་གྲུ་ཤག་བཅས་ཡིན་ལ། གྲུ་ཤག་སོ་སོའི་ནང་གི་མགྲོན་པོའི་ལོངས་སྤྱོད་ཀྱི་ཐོབ་ཐང་འདྲ་བ་མ་ཡིན། དེ་ཡང་རིན་གོང་ཆེད་བཅག་དང་གྲུ་ཤག་འབྲིང་གི་ལོངས་སྤྱོད་ཀྱི་ཐོབ་ཐང་འདྲ་བ་ཡིན་ཞིང་། ཐམས་ཅད་རྒྱུན་ལྡན་གྱི་འདུག་སྟེགས་ཡིན་པ་དང་། གོང་བདེ་གྲུ་ཤག་ལ་མཚོན་ན་ཕྱེད་ཉལ་ཚུལ་གྱི་འདུག་སྟེགས་ཡིན། ཡང་གྲུ་ཤག་རབ་ཀྱི་ལོངས་སྤྱོད་ཀྱི་ཐོབ་ཐང་ནི་ཆེས་མཐོ་བར་མ་ཟད། རིན་གོང་ཡང་ཆེས་མཐོ་ཤོས་ཡིན། དེ་ནི་རྒྱུན་ལྡན་གྱི་གོང་བདེ་གྲུ་ཤག་གི་རིན་གོང་གི་ལྡབ་གཅིག་ལྷག་ཡིན།

3 མཉམ་འཇོག་བྱ་ཡུལ།

སྐུ་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཀྱི་བྱ་ཆེད། དྲ་ཐོག་ཏུ་གནམ་གྲུའི་པ་སེ་མངག་ཉོ་ལ་གོམས་པར་བྱ་བ་དང་། དྲ་ཚིགས་ཀྱི་ངོས་སུ་བཟོ་ཚོང་ཅུས་ཀྱིས་གནང་བའི་དྲ་ཐོག་གློག་རྡུལ་མཚོན་རྟགས་དང་གློག་འཕྲིན་གཙོ་གཉེར་སྡེ་ཁག་གིས་གནང་བའིICPདཔང་ཡིག་ཨང་རྟགས། རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱིས་གནང་བའི་རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱི་ལག་འཁྱེར་ཨང་རྟགས་བཅས་ཀྱི་ཆ་རྐྱེན་འཛོམ་མིན་ལ་ངེས་པར་དུ་བལྟ་དགོས།

པ་སེའི་རིན་གོང་ཡང་དག་བཙལ་བར་ཁག་ཐེག་བྱ་ཆེད། རིན་གོང་འདྲི་བའི་སྐབས་སུ་འགྲོ་འོང་གི་ཟླ་ཚེས་ཡང་དག་པར་བཤད་དགོས་པ་ཡིན།

མཁའ་འགྲུལ་ཀུང་སིས་རྒྱུན་པར་རིན་གོང་བྲིན་འཚོང་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཕྱིར་སྒྲོག་བྱ་བ་ཡིན་པས། དུས་རྒྱུན་ཆ་འཕྲིན་གསར་བའི་ཚན་པར་མཉམ་འཇོག་བྱ་དགོས།

སྔོན་ལ་གནམ་གྲུའི་འདུག་སྟེགས་གཏན་འཁེལ་བྱས་པ་ཡིན་ན། འདུག་སྟེགས་ལག་ཏུ་མི་ཡོང་བར་སེམས་ཚེགས་བྱ་མི་དགོས་ལ། སྔོན་ལ་འདུག་སྟེགས་གཏན་འཁེལ་བྱས་པར་རིན་མི་ལེན།

རིན་གོང་སྟབས་བདེ་ཡིན་པ་ཕལ་ཆེར་གྱི་ཆ་རྐྱེན་ལ་ཚད་བཀག་ཡོད་པས་མཉམ་འཇོག་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།