ཀྲུང་གོ་དངུལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་དངུལ་ཁང་།
ཀྲུང་གོ་དངུལ་ཁང་གི་མིང་སྤྱི་ལ་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཟེར་བ་ཡིན་ཞིང་། བསྡུས་མིང་ལBOC ཟེར། དེ་ཡི་སྤྱི་ཁྱབ་དངུལ་ཁང་ནི་པེ་ཅིང་ཧྥུ་ཞིང་མོན་སྲང་ལམ་ཆེན་མོའི་སྒོ་རྟགས1པ་རུ་ཡོད། དེ་ནི་རྒྱལ་ཁབ་ལ་དབང་བའི་དངུལ་ཁང་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན། དེ་ཡང་ཀྲུང་གོ་དངུལ་ཁང་གི་ལས་བགོས་ཁྱབ་ཁོངས་ནི་ཚོང་ལས་དངུལ་ཁང་དང་མ་དངུལ་གཏོང་བའི་དངུལ་ཁང་། ཉེན་འགོག མཁའ་འགྲུལ་བོགས་མ་གཏོང་ལེན་བཅས་ཡིན་ལ། དེ་ཡི་མངའ་ཞབས་སུ་ཀྲུང་གོ་དངུལ་ཁང་ཉེན་འགོག་སོགས་མ་རྐང་ཚོད་འཛིན་གྱི་དངུལ་རྩའི་ལས་ཁུངས་མང་བོ་ཡོད་པ་དང་། འཛམ་གླིང་ཡོངས་སུ་མི་སྒེར་དང་ཀུང་སི་ལ་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国银行
ཕྱི་ཡིག་གི་མིང་།
Bank of China
གསར་གཏོད་དུས་ཚོད།
སྤྱི་ལོ1912ལོའི་ཟླ2པའི་ཚེས5ཉིན།
ཚོང་གཉེར་ཁྱབ་ཁོངས།
ཚོང་ལས་དངུལ་ཁང་དང་མ་དངུལ་གཏོང་བའིདངུལ་ཁང་། ཉེན་འགོག མཁའ་འགྲུལ།
ཀུང་སིའི་ངོ་བོ།
རྒྱལ་ཁབ་ལ་དབང་བའི་མ་དངུལ་སྒེར་གཏོང་གི་ཚོང་ལས་དངུལ་ཁང་།
1 ངོ་སྤྲོད།

ཀྲུང་གོ་དངུལ་ཁང་ནི་སྤྱི་ལོ1912ལོར། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཆོག་མཆན་བཀོད་པ་ལྟར་ཧྲང་ཧའེ་རུ་བཙུགས། དེ་ནི་ཀྲུང་གོའི་ལོ་རྒྱུས་སུ་རྒྱུན་ཆེས་རིང་བའི་དངུལ་ཁང་གི་གྲས་ཤིག་ཡིན་ཞིང་། སྤྱི་ལོ1912-1928ལོའི་བར་དུ། ཀྲུང་གོ་དངུལ་ཁང་གིས་ཀྲུང་དབྱང་དངུལ་ཁང་གི་འོས་འགན་ལག་བསྟར་བྱས་ནས། རྒྱལ་མཛོད་ལས་ཚབ་དང་གཞུང་དངུལ་གཏོང་ལེན། ཤོག་སྒོར་འགྲེམ་སྤེལ་སོགས་ཀྱི་བྱ་བར་འགན་འཁུར་བ་ཡིན་ལ། སྤྱི་ལོ1928-1942ལོའི་བར་དུ། ཀྲུང་གོ་དངུལ་ཁང་ནི་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་དངུལ་འགྲུལ་གཏོང་ལེན་གྱི་རྒྱལ་སྤྱིའི་དངུལ་ཁང་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྔོན་ཐོན་གྱི་ཉམས་མྱོང་བསྡུ་ལེན་གྱིས་ཀྲུང་གོའི་དངུལ་རྩའི་སྡེ་ནས་ཆེས་ཐོག་མར་རྒྱལ་སྤྱིའི་ཚོང་རར་འགྲིམས་པའི་དངུལ་ཁང་ཡིན། ཡང་སྤྱི་ལོ1942-1949ལོའི་བར་དུ། ཀྲུང་གོ་དངུལ་ཁང་ནི་རྒྱལ་སྤྱིའི་ཚོང་གཉེར་ཆེད་ལས་ཀྱི་དངུལ་ཁང་ཡིན་པའི་ཆ་ནས། སྲིད་གཞུང་གི་ཕྱི་རྒྱལ་དངུལ་གཏོང་ལེན་གྱི་འགན་གཙོ་བོ་ཁུར་ཏེ། ཕྱི་རྒྱལ་གྱི་ཚོང་གཉེར་འཕེལ་རྒྱས་སུ་གཏང་དགོས་པར་མ་ཟད། དངུལ་བུན་དང་མ་དངུལ་གཏོང་བར་འབྲེལ་བའི་བྱ་བ་བསྒྲུབ་དགོས་པ་ཡིན།

ཀྲུང་གོ་དངུལ་ཁང་ནི་ཀྲུང་གོའི་རྒྱལ་སྤྱི་ཅན་དང་སྣ་མང་ཅན་གྱི་ཚད་ཆེས་མཐོ་བའི་དངུལ་ཁང་ཡིན་པའི་ཆ་ནས། ཀྲུང་གོའི་ནང་ལོགས་ས་ཁུལ་དང་ཞང་ཀང་། ཨའོ་མོན། ཐའེ་ཝན་སོགས་དང་རྒྱལ་ཁབ37ལྷག་ལ་ཕྱོགས་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། དེ་ཡིས་གཙོ་བོ་ཚོང་ལས་དངུལ་ཁང་གི་ལས་སྒོ་གཉེར་བཞིན་ཡོད་ཅིང་། དེ་ལ་ཀུང་སིའི་དངུལ་རྩའི་ལས་སྒོ་དང་མི་སྒེར་དངུལ་རྩའི་ལས་སྒོ། དངུལ་རྩ་ཚོང་རའི་ལས་སྒོ་སོགས་ལས་སྒོ་སྣ་མང་འདུ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-06

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།