ཀྲུང་གོ་ཞིང་ལས་དངུལ་ཁང་།

ཀྲུང་གོ་ཞིང་ལས་དངུལ་ཁང་ནི་ཀྲུང་གོའི་ཚོང་ཞུགས་དངུལ་ཁང་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་དངུལ་ཁང་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན། དེ་ནི་ཆེས་ཐོག་མར་སྤྱི་ལོ1951ལོར་བཙུགས་པ་དང་། ཀྲུང་གོ་གསར་བ་བཙུགས་པའི་ཚུན་གྱི་རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཐོག་མ་ཡིན་ཏེ། ཀྲུང་གོའི་དངུལ་རྩའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། དེ་ཡི་སྤྱི་ཁྱབ་དངུལ་ཁང་ནི་པེ་ཅིང་དུ་བཙུགས་ཡོད་པ་ཡིན། དེ་ཡང་ལོ་ངོ་མང་བོའི་རིང་ལ། ཀྲུང་གོ་ཞིང་ལས་དངུལ་ཁང་ནི་འཛམ་གླིང་གི་ཁེ་ལས་ལྔ་བརྒྱའི་གྲས་ཡིན་པ་དང་། འཛམ་གླིང་གི་དངུལ་ཁང་སྟོང་གི་གྲས་ནས་ཨང་བདུན་པ་ཡིན། ཡང་སྤྱི་ལོ2009ལོར། ཀྲུང་གོ་ཞིང་ལས་དངུལ་ཁང་ནི་རྒྱལ་ཁབ་ལ་དབང་བའི་མ་དངུལ་སྒེར་གཏོང་གི་ཚོང་ལས་དངུལ་ཁང་གིས་དེང་རབས་ཅན་གྱི་མ་རྐང་ལམ་ལུགས་ཚོང་ལས་དངུལ་ཁང་དུ་བསྒྱུར།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-29
གསར་སྤེལ་མཁན། :ལྕགས་མོ་རྒྱལ།