ཀྲུང་དབྱང་དངུལ་ཁང་།

ཀྲུང་གོའི་ཆེས་ཐོག་མའི་ཀྲུང་དབྱང་དངུལ་ཁང་ནི། སྤྱི་ལོ1905ལོའི་ཟླ8པར། པེ་ཅིང་དུ་ལས་གཉེར་བྱས་པ་ཡིན་ལ། དེ་ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་གཞུང་གཉེར་ཚོང་བས་མཉམ་སྒྲུབ་ཀྱི་དངུལ་ཁང་ཡིན་པ་དང་། ནུབ་གླིང་གི་རྒྱལ་ཁབ་དག་གི་ཀྲུང་དབྱང་དངུལ་ཁང་ལ་དཔེ་བྱས་ནས་བཙུགས་པ་ཡིན།
སྤྱི་ལོ1928ལོའི་ཟླ11པའི་ཚེས1ཉིན། ཀྲུང་དབྱང་དངུལ་ཁང་ནི་ཁྲིམས་ལྟར་རྒྱལ་ཁབ་དངུལ་ཁང་དུ་གཏན་འབེབ་བྱས་ཤིང་། ཀྲུང་དབྱང་དངུལ་ཁང་གི་ལས་འགན་ལག་བསྟར་བྱས།
སྤྱི་ལོ1948ལོའི་ཟླ12པའི་ཚེས1ཉིན། ཀྲུང་གོ་མི་དམངས་དངུལ་ཁང་ཧྲི་ཅ་ཀྲོང་དུ་བཙུགས་པ་དང་དངོས་སུ་ཁྱབ་སྒྲོག་བྱས། ཡང་སྤྱི་ལོ1998ལོའི་ཟླ10བར། ཀྲུང་གོ་མི་དམངས་དངུལ་ཁང་དང་དེ་ཡི་ཡན་ལག་ལས་ཁུངས་ནི་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་བསྐྱར་སྒྲིག་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་དངུལ་ཁང་གི་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་མེད་པར་བཟོས་ཤིང་། རྒྱལ་ཡོངས་སུ་ཞིང་ཆེན་བརྒལ་བ་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར9ལྷག་གི་རིམ་པ་དང་པོའི་ཡན་ལག་དངུལ་ཁང་བཙུགས།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-12-29
གསར་སྤེལ་མཁན། :ལྕགས་མོ་རྒྱལ།