ཐོབ་ཐང་དངུལ་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐོབ་ཐང་དངུལ་འཛིན་ནི་འཛིན་ཤོག་བདག་གིར་འཛིན་མཁན་ལ་དབང་ཆ་ངེས་ཅན་ལག་ལེན་གྱི་ཐོབ་ཐང་ལྡན་པའི་དངུལ་འཛིན་ལ་ཟེར་བ་ཡིན། དཔེར་ན། རླངས་འཁོར་པ་སེ་དང་གནམ་གྲུའི་པ་སེ། དངོས་བཅོལ་དཔང་ཡིག་ལ་སོགས་པ་ལྟ་བུ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
资格证券
ཕྱི་ཡིག་གི་མིང་།
The securities qualification certificate(SAC)
1 ངོ་སྤྲོད།

དངུལ་འཛིན་ལས་གཉེར་མི་སྣའི་ཐོབ་ཐང་རྒྱུགས་ལེན་ནི་ཀྲུང་གོ་དངུལ་འཛིན་ལས་རིགས་མཐུན་ཚོགས་ཀྱིས་རྩ་འཛུགས་འགན་ལེན་གྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞི་ཡིན་ལ། དངུལ་འཛིན་ཐོབ་ཐང་དཔང་ཡིག་ནི་དངུལ་འཛིན་ལས་རིགས་སུ་ཞུགས་པའི་དགོས་ངེས་ཀྱི་དཔང་ཡིག་ཅིག་ཡིན་པར་མ་ཟད། དངུལ་ཁང་ངམ་དངུལ་ཁང་མ་ཡིན་པའི་དངུལ་རྩའི་ལས་ཁུངས་དང་ཚོང་ཞུགས་ཀུང་སི། ཁེ་ལས་ཚོགས་པ་ཆེན་པོ། ནོར་སྲིད་དཔལ་འབྱོར་སྨྱན་སྦྱོར། སྲིད་གཞུང་གི་དཔལ་འབྱོར་སྡེ་ཁག་ཏུ་ཞུགས་པའི་དཔྱད་གཞི་གལ་ཆེན་ཡིན་པ་རེད། དེའི་རྐྱེན་གྱིས་དངུལ་འཛིན་ལས་གཉེར་མི་སྣ་ཐོབ་ཐང་རྒྱུགས་ལེན་དུ་ཞུགས་པ་ནི་དངུལ་འཛིན་ལས་རིགས་ཀྱི་ལས་ཀ་གཉེར་བའི་འགག་སྒོ་དང་པོ་ཡིན། ཡང་དེ་དང་དུས་མཉམ་དུ་དངུལ་འཛིན་ལས་གཉེར་ཐོབ་ཐང་དཔང་ཡིག་ནི་དངུལ་འཛིན་ལས་རིགས་ཀྱི་ནང་ཞུགས་དཔང་ཡིག་ཏུ་འབོད་པ་ཡིན།

བཟོ་ཚོང་དོ་དམ་དང་ཚོང་རའི་ཚོང་གཉེར། རྩིས་གཉེར་རིག་པ། ནོར་དོན་དོ་དམ་སོགས་ཀྱི་ཆེད་ལས་ཀྱིས་ཕན་ཚུན་རམ་འདེགས་དང་མཐུན་འགྲིག་ངང་གོང་དུ་འཕེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གླིང་ཡིན་ཞིང་། ཚོང་དོན་དངོས་སྒྲུབ་ཀྱི་སྦྱོང་རྡར་ལྟེ་གནས་དང་ནོར་དོན་དོ་དམ་དངོས་སྒྲུབ་ཀྱི་སྦྱོང་རྡར་ཁང་། ཁེ་ལས་ཚོང་གཉེར་དང་སྐྱེལ་འདྲེན་གྱི་ཚོད་ལྟ་ཁང་དང་དངོས་སྒྲུབ་སྦྱོང་རྡར་རྟེན་གཞི་སོགས་ཚོད་ལྟ་ཁང་བརྒྱད་ཡོད་པ་རེད།

2 ཁྱད་ཆོས།

སྤྱིར་བཏང་དུ་མི་སུ་ཡིས་དངུལ་འཛིན་འདིའི་རིགས་བདག་གིར་བཟུང་བ་ཡིན་ན། མི་དེ་ནི་ཁེ་དབང་འཛིན་མཁན་ངོ་མར་གཏན་འཁེལ་བྱས་ཆོག་ཅིང་། དབང་ཆ་ལག་བསྟར་བྱས་ཆོག་པ་ཡིན། དེ་ཡང་འགན་འཁུར་མཁན་གྱི་འོས་འགན་ལག་བསྟར་བྱས་རྗེས་འགན་ཅི་ཡང་འཁུར་མི་དགོས། དེའི་རྐྱེན་གྱིས་འགན་མེད་དངུལ་འཛིན་དུ་འབོད་པ་ཡིན་མོད། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་འོག  ཁེ་དབང་འཛིན་མཁན་ངོ་མས་དངུལ་འཛིན་བདག་གིར་བཟུང་མེད་པའི་དབང་དུ་བཏང་ཡང་། གལ་ཏེ་བྱེད་ཐབས་གཞན་པའི་སྒོ་ནས་དེའི་སྐོར་གྱི་དབང་ཆ་མངའ་བའི་བདེན་དཔང་བྱ་ཐུབ་པ་ཡིན་ན། སྔར་བཞིན་དབང་ཆ་ལག་བསྟར་བྱས་ཆོག་ལ། འགན་འཁུར་མཁན་གྱིས་ཀྱང་སྔར་བཞིན་འོས་འགན་ལག་བསྟར་བྱས་ཆོག་པ་ཡིན། ཡང་གལ་ཏེ་རླངས་འཁོར་བཅོལ་ཉར་གྱི་དཔང་ཡིག་བདག་གིར་བཟུང་བ་ཡིན་ན། དཔང་ཡིག་བོར་བ་སོགས་ཀྱི་དབང་དུ་བྱས་ཚེ། རླངས་འཁོར་གྱི་བདག་པོས་རླངས་འཁོར་ལག་འཁྱེར་དང་ཐོབ་ཐང་དཔང་ཡིག་གཉིས་ལ་བརྟེན་ནས་རླངས་འཁོར་བླངས་ཆོག་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-30

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།