པའོ་ཕོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཕོ།
པའོ་ཕོ(Blancpain)ནི་སྤྱི་ལོ1735ལོར་ཡ་ཁོ•པའོ་ཕོ(Jehan-Jacques Blancpain)ཡིས་གསར་གཏོད་བྱས་པ་ཡིན་ལ། ད་ལྟའི་བར་ལོ་ངོ300ལྷག་གི་ལོ་རྒྱུས་ལྡན། དེ་ནི་སུའེ་ཙེར་གྱི་ལོ་རྒྱུས་སྟེང་དུས་ཡུན་ཆེས་རིང་བའི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཡིན་ལ། འཛམ་གླིང་སྟེང་དུ་ཆེས་ཐོག་མར་ཐོ་འགོད་བྱས་པའི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཀྱང་ཡིན། པའོ་ཕོ(Blancpain)ནི་རྙོག་འཛིང་ཅན་གྱི་འཕྲུལ་ཆས་ཆུ་ཚོད་འཁོར་ལོའི་གྲས་ཡིན་ལ། འཛམ་གླིང་སྟེང་དུ་ཚང་མ་རང་བདག་གིས་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ། གསར་བཟོ། སྒྲིག་སྦྱོར་སོགས་བྱས་ནས་ཕྱིར་འཚོང་བྱེད་པའི་ལག་འདོགས་ཆུ་ཚོད་འཁོར་ལོའི་ཚོང་རྟགས་ཤིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宝珀
ཕྱི་ཡིག་གི་མིང་།
Blancpain
གསར་གཏོད་དུས་ཚོད།
སྤྱི་ལོ1735ལོ།
སྤྱི་ཁྱབ་ཀུང་ཟི།
སུའེ་ཙེར་གྱི་ཀྲུའུ་ལུའོ་རི་རྒྱུད།
ཚོང་རྟགས་ཁྱད་ཆོས།
མཐོ་རིམ་འཕྲུལ་ཆས་ལག་འདོགས་ཆུ་ཚོད་ཁོ་ན་ཐོན་སྐྱེད་བྱེད་པ།
1 ངོ་སྤྲོད།

པའོ་ཕོ(Blancpain)ཡིས་འཕྲུལ་ཆས་ཆུ་ཚོད་འཁོར་ལོའི་གསར་བཟོ་ལས་རིགས་ཀྱི་མིས་བཟོས་གསར་བཟོ་ཐབས་ལམ་ལ་བརྩི་བཀུར་བྱེད་པ་དང་། མིས་བཟོས་འཕྲུལ་ཆས་ཀྱི་ཆུ་ཚོད་འཁོར་ལོའི་ཐོན་སྐྱེད་ལ་རྒྱུན་འཁྱོངས་བྱེད་པ་ཡིན། གསར་གཏོད་མཁནJehan-Jacques Blancpainནས་འགོ་བཙུགས་ཏེ། པའོ་ཕོ(Blancpain)རེ་རེ་མིས་བཟོས་ལ་བརྟེན་ནས་གསར་བཟོ་བྱས་པ་ཡིན་ལ། ཐོན་རྫས་སོ་སོའི་སྟེང་དུ་ཨང་རྟགས་དང་མིང་ཐོ་འགོད་པ་དང་། སྲོལ་རྒྱུན་ནས་བྱུང་བའི་ཐོན་རྫས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་ཡིན། པའོ་ཕོ(Blancpain)ཡིས་སྤྲོ་སྐྱིད་ཀྱི་འཚོ་བའི་ཐབས་ལམ་མཁོ་སྤྲོད་བྱེད་པ་སྟེ། ཆགས་སྡང་དང་སྒྱུ་རྩལ། རིག་གནས་ཀྱི་ཉིང་བཅུད་སོགས་མཉམ་དུ་བསྲེས་ནས་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཆེས་གལ་ཆེ་བའི་རེ་སྙེག་ཅིག་བསྩལ་བ་ཡིན།

2 ལོ་རྒྱུས།

སྤྱི་ལོ1735ལོར།  སུའེ་ཙེར་གྱི་ ཡ་ཁོ·པའོ་ཕོ(Jehan-Jacques Blancpain)ཡིས་ཆུ་ཚོད་འཁོར་ལོའི་བཟོ་གྲྭ་གསར་དུ་བཙུགས་པ་དང་། འཛམ་གླིང་སྟེང་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་ལག་འདོགས་ཆུ་ཚོད་འཁོར་ལོ་གསར་དུ་བཟོས།

སྤྱི་ལོ1926ལོར། པའོ་ཕོ(Blancpain)དབྱིན་ཇིའི་ཆུ་ཚོད་འཁོར་ལོ་བཟོ་མཁན་གྱི་ཆེད་ལས་མི་སྣJohn Harwoodདང་མཉམ་འབྲེལ་བྱས་ནས། ལག་འདོགས་ཆུ་ཚོད་འཁོར་ལོ་ཞིག་གསར་དུ་བཟོས་པར་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

སྤྱི་ལོ1983ལོར། སུའེ་ཙེར་གྱི་ཆུ་ཚོད་འཁོར་ལོའི་ལས་རིགས་ལ་མཚོན་ན། ལོ་རབས70བ་ནི་ཆེས་དཀའ་ཁག་ཆེ་བའི་དུས་ཞིག་ཡིན་ལ། དཀར་གོང་ཆུ་ཚོད་འཁོར་ལོ་འབོར་ཆེན་ཚོང་རར་བཀྲམ་པ་ཡིས། འཕྲུལ་ཆས་ཆུ་ཚོད་འཁོར་ལོའི་ཐོན་ལས་བསྣུབ་ལ་ཁད་བྱས།

སྤྱི་ལོ1991ལོར། བྱེད་ནུས་ཆེས་རྙོག་འཛིང་ཅན་གྱི་ཆུ་ཚོད་འཁོར་ལོ་གསར་བཟོ་བྱས།

སྤྱི་ལོ2008ལོར། ལག་འདོགས་ཆུ་ཚོད་འཁོར་ལོའི་རྒྱབ་ཕྱོགས་སུ1735དང乾隆BLANCPAINབཅས་ཀྱི་ཡིག་རྟགས་བཀོད་པ་དང་ཞབས་ངོས་སུ་གནའ་བོའི་ཕོ་བྲང་གི་རི་མོ་བཀོད་ཡོད་པར་མ་ཟད། མཐའ་འཁོར་དུ་གནའ་བོའི་སྤུས་ལེགས་ཀྱི་ཀྲུང་ཧྭ་རྫ་གཡམ་གྱིས་བརྒྱན་ཡོད། དེ་བས་གནའ་བོའི་ཕོ་བྲང་གི་དངོས་མང་བཤམ་སྟོན་ཁང་བཙུགས་ཚུན་ལ་ཆེས་ཐོག་མར་སྡུད་ཉར་བྱས་པའི་དེང་རབས་ལག་འདོགས་ཆུ་ཚོད་དུ་གྱུར།

སྤྱི་ལོ2012ལོར། པའོ་ཕོ(Blancpain)ཡིས་ཚོང་རྟགས་ལོ་རྒྱུས་སྟེང་ཀྲུང་གོའི་སྲོལ་རྒྱུན་གྱི་ལོ་ཐོ་ཡོད་པའི་ལག་འདོགས་ཆུ་ཚོད་ཐོག་མ་གསར་གཏོད་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།