པའེ་ཏ་ཧྥེ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའེ་ཏ་ཧྥེ་ལི།
པའེ་ཏ་ཧྥེ་ལི་ནི་སྤྱི་ལོ1839ལོར་འགོ་ཚུགས་པའི་སུའེ་ཙེར་གྱི་ཆུ་ཚོད་འཁོར་ལོའི་ཚོང་རྟགས་གྲགས་ཅན་ཞིག་ཡིན་ལ། འཛམ་གླིང་གི་ཆུ་ཚོད་འཁོར་ལོ་གྲགས་ཅན་བཅུ་ཡི་དང་པོར་བགྲངས་པ་ཡིན། དེ་ནི་སུའེ་ཙེར་གྱི་སྒེར་ཚུགས་ཀྱི་ཆུ་ཚོད་འཁོར་ལོའི་ཚོང་རའི་གྲས་ཤིག་ཡིན་ཞིང་། འགོ་ནས་མཇུག་བར་དུ་རང་གིས་ཐོན་སྐྱེད་བྱས་པ་རེད། ཆུ་ཚོད་འཁོར་ལོ་ལ་དགའ་བ་དང་སྐུ་དྲག་མཚོན་རྟགས་ནི་པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོ་ཞིག་ལོངས་སུ་ སྤྱད་རྒྱུ་དེ་རེད། དེ་ཡང་སྐུ་ཞབས་པའེ་ཏ(Antoine Norbert de Patek) དང་ཧྥེ་ལི(Jean-Adrien Philippe) གཉིས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་ཆེད་ལས་ནུས་རྩལ་ལ་བརྟེན་ནས། སྤུས་ལེགས་ཀྱི་གསར་གཏོད་སྲོལ་རྒྱུན་རྒྱུན་འཛིན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
百达翡丽
ཕྱི་ཡིག་གི་མིང་།
PATEK PHILIPPE
གསར་གཏོད་དུས་ཚོད།
སྤྱི་ལོ1839ལོ།
གསར་གཏོད་མཁན།
Antoine Norbert de Patek Jean-Adrien Philippe
ཁོངས་གཏོགས་ལས་རིགས།
ཆུ་ཚོད་འཁོར་ལོ།
རྒྱལ་ཁབ།
སུའེ་ཙེར།
1 མཚམས་སྦྱོར།

པའེ་ཏ་ཧྥེ་ལི་ནི་སྤྱི་ལོ1839ལོར་གསར་དུ་བཙུགས་པ་དང་། རི་ནེ་ཝ་ཡི་མཇུག་མཐའི་སྒེར་ཚུགས་ཀྱི་ཆུ་ཚོད་འཁོར་ལོའི་ཚོང་ར་ཞིག་ཡིན་པའི་ཆ་ནས། པའེ་ཏ་ཧྥེ་ལི་ཡི་ཇུས་འགོད་དང་ཐོན་སྐྱེད། སྒྲིག་སྦྱོར་ལ་སོགས་པའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད། ཕྱོགས་ཡོངས་ཀྱི་གསར་གཏོད་རང་དབང་རོལ་མྱོང་བྱས་ནས། འཛམ་གླིང་གི་ཆེད་མཁས་པ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་འཛམ་གླིང་གི་ཆུ་ཚོད་འཁོར་ལོའི་ཕུལ་བྱུང་བརྩམས་ཆོས་ཞིག་གསར་བཟོ་བྱས།

2 ལོ་རྒྱུས།

སྤྱི་ལོ1839ལོར། པའེ་ཏ་ཧྥེ་ལི་ཐོན་སྐྱེད་བཟོ་གྲྭ་གསར་དུ་བཙུགས།

སྤྱི་ལོ1844ལོར། Patekཕ་རི་སིར་ཧྥ་རན་སེའི་ཆུ་ཚོད་འཁོར་ལོ་བཟོ་མཁནJean-Adrien Philippeལ་འཕྲད་ནས། རང་ཉིད་ཀྱི་གསར་གཏོད་བསམ་བློ་དེ་ཁོ་ལ་ངོ་སྤྲོད་བྱས།

སྤྱི་ལོ1845ལོར།  Patek & Cie ཀུང་ཟི་བཙུགས།

སྤྱི་ལོ1851ལོར། སྐུ་ཞབསPhilippeཔའེ་ཏའི་ཀུང་ཟི་རུ་ཐོན་པ་དང་། ཀུང་ཟིའི་མིང་ནི Patek Philippe & Cie རུ་བརྗེས། སྤྱི་ལོ1901ལོར། ཀུང་ཟི་མིང་སླར་ཡང Ancienne Manufacture d’Horlogerie Patek Philippe & Cie, S.A.རུ་བརྗེས།

སྤྱི་ལོ1865ལོར། སུའེ་ཙེར་གྱི་ལག་འདོགས་ཆུ་ཚོད་འཁོར་ལོ་ཐོག་མ་གསར་དུ་བཟོས།

སྤྱི་ལོ1999ལོར། ཨ་རི་ནས་པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོ་ཞིག་ཨ་སྒོར1100ཡི་རིན་གོང་གིས་ཕྱིར་འཚོང་བྱས་ལ། དེ་ནི་ད་ལྟའི་བར་དུ་འཛམ་གླིང་སྟེང་གི་རིན་གོང་ཆེས་མཐོ་བའི་ཆུ་ཚོད་དུ་གྱུར།

སྤྱི་ལོ2005ལོར།  པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོ་ཀྲུང་གོ་རུ་ཐོག་མར་ཚོང་རར་བཀྲམས་པ་དང་། ཧྲང་ཧའེ་རུ་པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོའི་ཆེད་འཚོང་ཁང་ཐོག་མ་བཙུགས།

སྤྱི་ལོ2008ལོར། པེ་ཅིང་དུ་པའེ་ཏ་ཧྥེ་ལིའི་ཆུ་ཚོད་འཁོར་ལོའི་ཆེད་འཚོང་ཁང་གཉིས་པ་བཙུགས།

3 རིག་གནས།

ལོ་ངོ་བརྒྱ་ཡི་རིང་ལ། པའེ་ཏ་ཧྥེ་ལི་ཡིས་མཚན་ཉིད་རིག་པའི་ཉིང་བཅུད་ལ་ཡིད་ཆེས་ཀྱིས། གྲངས་ཚད་ལས་རྒྱུ་སྤུས་གཙིགས་སུ་བཟུང་ནས། བཟོ་བསྐྲུན་ཞིབ་ཚགས་དང་ལས་ཀ་དལ་མོར་བསྒྲུབ་པའི་རྩ་དོན་གཉེར་ཡོད། དཀྱིལ་སྙིང་གི་དམིགས་བྱ་གཅིག་ཡོད་ལ། དེ་ནི་ཕུན་སུམ་ཚོགས་པ་ཞིག་ཡོང་བར་རེ་སྙེག་བྱེད་བཞིན་ཡོད། དེ་བས་ཚད་ཡོད་ཐོན་རྫས་ཐོན་སྐྱེད་བྱེད་པ་དང་། ལོ་རེའི་ཐོན་སྐྱེད་ཁྲི་ལྔ་ལ་སླེབས་ཡོད། གཞན་འཛམ་གླིང་གི་རྩེར་སོན་པའི་ཚོང་ཁང་གྲགས་ཅན་ལ་མ་གཏོགས་ཕྱིར་འཚོང་བྱེད་བཞིན་མེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།