ཀྲུང་ཇ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཇ།
ཀྲུང་གོའི་ཇ་ཡིས་གོ་ལའི་མིའི་བདེ་འཇགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཀྲུང་གོའི་ཇ་ཡི་མེས་པོ་ནི་ཧྲེན་ནུང་ཡིན་ཞིང་། དེ་ནི་འཛམ་གླིང་གི་ཇ་ཡི་མེས་པོའང་ཡིན། ཀྲུང་གོའི་ཇ་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ལ། དེས་བདེ་ཐང་སྐྱེད་པ་དང་དགའ་སྤྲོ་སྟེར་བ། འཆམ་མཐུན་གྱི་ལུས་སེམས་སྐྱེད་པ། བདེ་ཐང་གི་འདུ་ཤེས་དང་ཇའི་རིག་གནས་ལ་འགུག་ནུས་ཀྱི་མཛེས་བ་མང་དུ་བསྐྲུན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中茶
ཕྱི་ཡིག་གི་མིང་།
Tea certificate for delivery
1 ངོ་སྤྲོད།

ཀྲུང་གོའི་ཇ་ཡིས་གོ་ལའི་མིའི་བདེ་འཇགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། ཀྲུང་གོའི་ཇ་ཡི་མེས་པོ་ནི་ཧྲེན་ནུང་ཡིན་ཞིང་། དེ་ནི་འཛམ་གླིང་གི་ཇ་ཡི་མེས་པོའང་ཡིན། ཀྲུང་གོའི་ཇ་འཛམ་གླིང་ཡོངས་ལ་ཁྱབ་ཡོད་ལ།   དེས་བདེ་ཐང་སྐྱེད་པ་དང་དགའ་སྤྲོ་སྟེར་བ།  འཆམ་མཐུན་གྱི་ལུས་སེམས་སྐྱེད་པ། བདེ་ཐང་གི་འདུ་ཤེས་དང་ཇའི་རིག་གནས་ལ་འགུག་ནུས་ཀྱི་མཛེས་བ་མང་དུ་བསྐྲུན་ཡོད།

2 མིང་གྲགས་ཅན་གྱི་ཇ་བཅུ།

ཀྲུང་གོའི་མིང་དུ་གྲགས་པའི་ཇ་བཅུ་ནི་ཧང་ཀྲོའུ་ཞི་ཧུའུ་ལུང་ཅིང་དང་ཅང་སུའུ་སུའུ་ཀྲོའུ་ཏུང་ཐིང་པི་ལུའོ་ཁྲུན།   ཐའེ་ཕིང་ཧོང་ཧྲན་མའོ་ཧྥེང་།  ཨན་ཞི་ཐིའེ་ཀོན་དབྱིན།  ཅུན་ཧྲན་དངུལ་ཁབ།  ཕོ་འར་ཇ།  ལུའུ་ཧྲན་ཡུན་ཝུའུ།  ཞིན་དབྱང་མའོ་ཅན།  ཆི་མོན་ཇ་དམར།  ལིའུ་ཨན་ཀྭ་ཕེན་བཅས་ཡིན།

3 ཁ་དོག་དབྱེ་བ།

ཇ་ལྗང་།  ཇ་འདི་བསྙལ་བ་མིན་པར་ཐད་ཀར་སླ་ང་ཚ་བའི་ནང་དུ་བརྔོས་ནས་དེའི་ལྗང་མདོག་གི་ཁྱད་ཆོས་རྒྱུན་འཁྱོངས་བྱ་བ་ཡིན།

ཇ་དམར།   ཇ་ལྗང་དང་ཇ་དམར་གཉིས་མི་འདྲ་བར་དེ་ནི་སྙོལ་ཚད་མཐོ་བའི་ཇ་རིགས་ཤིག་ཡིན།

ཇ་ནག   ཇ་དེ་ནི་གནའ་ནས་ད་བར་ཡུན་ནན་ན་དམིགས་བསལ་དུ་ཡོད་པའི་མིང་གྲགས་ཅན་གྱི་ཇ་ཞིག་ཡིན།

ཇ་སྔོན།   ཝུའུ་ལུང་ཇ་ནི་ཇ་སྔོན་ཡིན་ཞིང་།  དེ་ནི་ཇ་དམར་དང་ཇ་ལྗང་གཉིས་ཀྱི་བར་དུ་གནས་པའི་ཕྱེད་ཀ་ཙམ་སྙོལ་བའི་ཇ་རིགས་ཤིག་ཡིན།

ཇ་སེར།  མིང་དུ་གྲགས་པའི་ཅུན་ཧྲན་དངུལ་ཁབ་ནི་ཇ་སེར་གྱི་ཁོངས་སུ་གཏོགས་ཤིང་།  ཇ་སེར་གྱི་བཟོ་ཐབས་ཇ་ལྗང་དང་ཅུང་འདྲ་བ་ཡིན།

ཇ་དཀར།   ཇ་དཀར་ནི་གཞི་རྩའི་ཐོག་ཉི་མར་སྐམ་ནས་བཟོས་བ་ཡིན་པ་དང་། ཇ་དཀར་དང་ཇ་སེར་གྱི་ཕྱིའི་དབྱིབས་དང་དྲི་ཞིམ།   བྲོ་བ་སོགས་ཧ་ཅང་བཟང་བ་ཡིན།

4 ཇའི་བཟའ་ཆས།

ཇའི་བཟའ་ཆས་ནི་ཇ་འདུས་པའི་ཟས་རིགས་ཀྱི་སྤྱི་མིང་ཡིན་ཞིང་།  རིགས་གཙོ་བོ་བཞིར་དབྱེ་ཆོག་ལ།  དེ་དག་ནི་ཇའི་བཏུང་ཆུ་དང་ཇའི་ཁུ་བ།   ཇའི་ཏན་ཞིམ།  ཇའི་ཀ་ར་བཅས་ཡིན།


བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཇ་རིགས། ཀྲུང་ཇ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།