ཞའོ་ཧྲི་ཇ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞའོ་ཧྲི་ཇ་ལོ།
དབྱི་ཁྲང་ཞའོ་ཧྲི་ཚོགས་པ་ཡིས་ཇ་ལོའི་ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་དང་ཚན་རིག་ཞིབ་འཇུག་གཞི་གཅིག་ཏུ་སྦྲེལ་ཏེ། ཞིང་ལས་ཐོན་རྫས་བརྒལ་བ་དང་། ཇ་ལོ་ལས་སྣོན་ཞིབ་ཚགས། ཚོང་དོན། དངོས་ཟོག་འཁོར་རྒྱུག མཚན་རྟགས་ཇུས་འགོད་ཁྱབ་ཁོངས་མང་པོ་གཞི་གཅིག་ཏུ་འདུས་པ། མ་དངུལ་ཚང་མ་དང་མ་རྐང་ཚོད་འཛིན་ཀུང་ཟི་ཆུང་བ16དང་། མ་རྐང་བཞག་ཡོད་པའི་ཀུང་ཟི་ཆུང་བ8ལྡན་པའི་ཧ་ཅང་ཆེ་བའི་དམངས་གཉེར་ཁེ་ལས་ཚོགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萧氏茶叶
ཁོངས་གཏོགས།
དབྱི་ཁྲང་ཞའོ་ཧྲི་ཚོགས་པ།
འབྲེལ་བ།
ཇ་ལོའི་ཐོན་སྐྱེད་དང་ལས་སྣོན།
གནས་ཡུལ།
ཧུའུ་པེའི་མིང་དུ་གྲགས་པའི་ཇ་ཡི་ཡུལ།
1 ངོ་སྤྲོད།

དབྱི་ཁྲང་ཞའོ་ཧྲི་ཚོགས་པ་ཡིས་ཇ་ལོའི་ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་དང་ཚན་རིག་ཞིབ་འཇུག་གཞི་གཅིག་ཏུ་སྦྲེལ་ཏེ། ཞིང་ལས་ཐོན་རྫས་བརྒལ་བ་དང་།  ཇ་ལོ་ལས་སྣོན་ཞིབ་ཚགས།  ཚོང་དོན།  དངོས་ཟོག་འཁོར་རྒྱུག  མཚན་རྟགས་ཇུས་འགོད་ཁྱབ་ཁོངས་མང་པོ་གཞི་གཅིག་ཏུ་འདུས་པ།   མ་དངུལ་ཚང་མ་དང་མ་རྐང་ཚོད་འཛིན་ཀུང་ཟི་ཆུང་བ16དང་།   མ་རྐང་བཞག་ཡོད་པའི་ཀུང་ཟི་ཆུང་བ8ལྡན་པའི་ཧ་ཅང་ཆེ་བའི་དམངས་གཉེར་ཁེ་ལས་ཚོགས་པ་ཞིག་ཡིན།

ཚོགས་པ་འདི་ནི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཞིག་ཡིན་པ་དང་།  ཀྲུང་གོའི་ཚོང་རྟགས་གྲགས་ཅན་གཅིག་དང་ཧུའུ་པེ་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་གཉིས་ཡོད།  ཁེ་ལས་ལག་རྩལ་ལྟེ་གནས་ནི་རྒྱལ་ཁབ་གྱི་ཇ་ལོ་ལས་སྣོན་ལག་རྩལ་ཞིབ་འཇུག་གསར་སྤེལ་ཡན་ལག་ལྟེ་གནས་སུ་ཁག་ཐེག་བྱས།

2 ཁེ་ལས་གཟེངས་རྟགས།

སྤྱི་ལོ2006ལོར།  ཧུའུ་པེ་ཇ་ལོ་ལས་རིགས་ཀྱི་ཨང་རིམ་ཉི་ཤུའི་གྲས་ཐོབ།

སྤྱི་ལོ2007ལོར།  ཇ་རིགས་གཅིག་ལ་རྒྱལ་ཡོངས་ཇ་ལྗང་གསེར་གྱི་བྱ་དགའ་དང་རིགས་གཅིག་ལ་དངུལ་གྱི་བྱ་དགའ་ཐོབ།  གཞན་ཀྲུང་གོའི་ཇ་ལོ་ལས་རིགས་གྲགས་ཆེ་བའི་ཁེ་ལས་བརྒྱའི་ཁྲོད་ཀྱི་ཨང་ཉེར་ལྔ་ཐོབ་པ་སོགས་གཟེངས་རྟགས་མི་ཉུང་བ་བླངས་ཡོད།

3 ཁོངས་གཏོགས་ཁེ་ལས།

དབྱི་ཁྲང་ཞའོ་ཧྲི་མཚན་རྟགས་ཇུས་འགོད་ཚད་ཡོད་ཀུང་སི།

དབྱི་ཁྲང་ཞའོ་ཧྲི་ལྗང་མདོག་ཟས་རིགས་ཚད་ཡོད་ཀུང་སི།

ཧུའུ་པེ་ཞའོ་ཧྲི་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི།

ཧུའུ་པེ་ཞའོ་ཧྲི་ཇ་ལས་རིགས་མ་རྐང་ཚད་ཡོད་ཀུང་སི།

ཧུའུ་པེའི་རི་བོ་མཐོན་པོའི་མུ་ཏིག་སྐྱེ་ཁམས་ཞིང་ལས་ཚད་ཡོད་ཀུང་སི།

ཧུའུ་པེ་འགག་ཁུག་གི་སྐྱེ་ཁམས་ཞིང་ལས་ཚད་ཡོད་ཀུང་སི། 

བརྡ་འགྲེལ་གདོང་འཛར།

ཚན་རིག ཇ་རིགས། ཞའོ་ཧྲི་ཇ་ལོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།