ཇ་ལྗང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇ་ལྗང་།
ཇ་ལྗང་ནི་ཀྲུང་གོའི་ཇ་རིགས་གཙོ་བོའི་ནང་གསེས་ཤིག་ཡིན་ལ། ཇ་སྡོང་གི་ལོ་མ་གསར་བའམ་མྱུ་གུ་འབུས་བ་དེ་སྐྱུར་བསྙལ་མ་བརྒྱུད་པར་སྔོ་སྐམ་དང་བཟོ་བཅོས། སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གསར་བཟོ་བྱས་པའི་བཏུང་ཇ་ལ་གོ །ཇ་ཡི་ཐོན་རྫས་བཟོ་དུས་སུ་ལྗང་མདོག་གི་རྣམ་པའི་བསྐྲུན་ཡོད། དུས་རྒྱུན་ཇ་ལྗང་འཐུང་ན་འབྲས་སྐྲན་ནད་འགོག་ཐུབ་པ་དང་ཚོ་བྱང་ངེས། དུ་བ་འཐེན་པའི་མི་ལ་མཚོན་ནའང་ཉི་ཀོ་ཏིང་གི་གནོད་པ་ཇེ་ཆུང་དུ་འགྲོ་བར་ཕན། ཇ་འདི་ལ་འཚོ་བཅུད་ཀྱི་གྲུབ་ཆ་མོད་པོ་ཞིག་འདུས་ཡོད་པ་དང་། ཇ་ལྗང་གི་གྲུབ་ཆ་དེ་ཚོས་དུག་སེལ་དང་ན་རྒས་འགོག་པ་སོགས་བྱེད་ཐུབ། སྨན་བཅོས་བྱེད་པའི་དམིགས་བསལ་གྱི་ཕན་འབྲས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
绿茶
ཕྱི་ཡིག་གི་མིང་།
Green Tea
མིང་གཞན།
ཁུའུ་མིང་།
རྒྱུ་ཆ་གཙོ་བོ།
ཇ་ལོ་དང་ཇ་སོན་ཡིན།
ཞོར་སྐྱོན་ངན་པ།
ཚད་ལས་བརྒལ་བར་འཐུང་ན་གཉིད་ཆག་པ་ཡིན།
གྲགས་ཆེ་བའི་རིགས།
པི་ལུའོ་ཁྲུན་དང་ཞི་ཧུའུ་ལུང་ཅིང་། མེང་ཏིང་བདུད་རྩི་སོགས་ཡོད།
1 ངོ་སྤྲོད།

ཇ་ལྗང་ནི་ཀྲུང་གོའི་ཇ་རིགས་གཙོ་བོའི་ནང་གསེས་ཤིག་ཡིན་ལ།  ཇ་སྡོང་གི་ལོ་མ་གསར་བའམ་མྱུ་གུ་འབུས་བ་དེ་སྐྱུར་བསྙལ་མ་བརྒྱུད་པར་སྔོ་སྐམ་དང་བཟོ་བཅོས།  སྲོ་སྐམ་སོགས་བཟོ་རྩལ་བརྒྱུད་ནས་གསར་བཟོ་བྱས་པའི་བཏུང་ཇ་ལ་གོ །ཇ་ཡི་ཐོན་རྫས་བཟོ་དུས་སུ་ལྗང་མདོག་གི་རྣམ་པའི་བསྐྲུན་ཡོད། དུས་རྒྱུན་ཇ་ལྗང་འཐུང་ན་སྐྲན་ནད་འགོག་ཐུབ་པ་དང་ཚོ་བྱང་ངེས།  དུ་བ་འཐེན་པའི་མི་ལ་མཚོན་ནའང་ཉི་ཀོ་ཏིང་གི་གནོད་པ་ཇེ་ཆུང་དུ་འགྲོ་བར་ཕན།  ཇ་འདི་ལ་འཚོ་བཅུད་ཀྱི་གྲུབ་ཆ་མོད་པོ་ཞིག་འདུས་ཡོད་པ་དང་། ཇ་ལྗང་གི་གྲུབ་ཆ་དེ་ཚོས་དུག་སེལ་དང་ན་རྒས་འགོག་པ་སོགས་བྱེད་ཐུབ། སྨན་བཅོས་བྱེད་པའི་དམིགས་བསལ་གྱི་ཕན་འབྲས་ལྡན།

2 ལོ་རྒྱུས་ཀྱི་འཕེལ་རྒྱས།

ཡི་གེར་འཁོད་པའི་ལོ་རྒྱུས་གཞིར་བཟུང་ནས་བལྟས་ན།  མེང་ཏིང་རི་བོ་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་ཡིག་ཐོག་ཏུ་བཀོད་པའི་མིས་བཟོས་ཇ་ལོ་མ་འདེབས་འཛུགས་བྱས་པའི་ཆེས་སྔ་བའི་ས་གནས་ཤིག་རེད།  ཇ་ལྗང་ཆེས་ཐོག་མར་པ་ཏི་ནས་དར་བ་ཡིན།  ཇ་དར་བའི་ལོ་རྒྱུས་སུ་བལྟས་ན་ཇ་ལྗང་ཐོག་མར་བཟོ་མཁན་ནི་ལིའུ་ཞུན་ཡིན་པ་དང་།  གོང་མ་ཀྲུའུ་ཡུན་ཀྲང་ནི་ཆེས་ཐོག་མར་ཁྱབ་གདལ་དུ་གཏོང་མཁན་ཡིན།  དབྱང་ལོའུ་ཏུང་ནི་ཆེས་ཐོག་མའི་ཇ་ལྗང་བཟོ་སའི་གནས་ཡིན།

3 རྒྱུ་སྤུས་ཀྱི་ཁྱད་གཤིས།

ཇ་ལྗང་ནི་སྐྱུར་མ་བསྙལ་བའི་ཇ་ཡིན་ཞིང་། དེའི་ཁྱད་གཤིས་ཀྱིས་ལོ་མའི་ཁྲོད་ཀྱི་རང་བྱུང་དངོས་པོ་མང་པོ་སོར་བཞག་བྱས་པ་ཐག་གཅོད་བྱ་བ་ཡིན།   དེའི་ནང་དུ་གྲུབ་ཆ་ཧ་ཅང་མང་བས་ལོ་མ་སྔོན་པོ་ཅན་གྱི་ཁུ་བ་དང་བྲོ་བ་འདུ་བྲལ་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་གྲུབ་པ་ཡིན།   དེ་ལ་ན་རྒས་འགོག་པ་དང་འབྲས་སྐྲན་ནད་འགོག་པ།   ངན་སྐྲན་འགོག་པ།   ནད་འབུ་སེལ་བ། གཉན་ཁ་འཇོམས་པ་སོགས་ཚང་མར་དམིགས་པའི་ཕན་ཡོན་ལྡན།

4 རིགས་གཙོ་བོ།

ཇ་ལྗང་ལ་པི་ལུའོ་ཁྲུན་དང་ཞི་ཧུའུ་ལུང་ཅིང་།   མེང་ཏིང་བདུད་རྩི།  གྲིའི་ལོ་མ།  ཉི་འོད་ཇ་ལྗང་།  དབང་པོ་ལག་པའི་ཇ་སོགས་མང་པོ་ཡོད།

5 རིན་ཐང་གི་ཕན་ནུས།

ཇ་ལྗང་དེ་རང་རྒྱལ་གྱི་རྩེར་སོན་གྱི་བཏུང་བྱར་བདམས་ཡོད། དེང་རབས་ཚན་རིག་ཞིབ་འཇུག་འབོར་ཆེན་གྱིས་ཇ་དེ་ལ་མིའི་ལུས་ཕུང་བདེ་ཐང་ལ་འབྲེལ་བ་ཟབ་མོ་ཡོད་པའི་སྐྱེ་དངོས་རྫས་འགྱུར་གྱི་གྲུབ་ཆ་གཙོ་བོ་ཡོད་པ་བདེན་དཔང་བྱས་ཡོད་ལ།  དེ་མིན་དུག་སེལ་དང་ནད་སེལ་ནུས་པ་ལྡན་ཞིང་། རྩིབ་འཕྲོ་ནད་དང་སྙིང་ཀླད་པའི་ཁྲག་རྩའི་ནད། འབྲས་སྐྲན་སོགས་ནད་རིགས་དང་སྨན་ལུགས་ངེས་ཅན་གྱི་ནུས་བ་ལྡན། ན་རྒས་འགོག་པ་དང་འབྲས་སྐྲན་ནད་འགོག་པ། མཛེས་བཟོ་ངོ་གདོང་གསོ་བ། བློ་རིག་ཇེ་གསལ་དུ་འགྲོ་བ། མིག་སྐྱིབ་གསལ་བར་བྱེད་པ།  གཅིན་འབེབ་ཀྱི་ནད་དང་སོ་ནད་སོགས་ཕྱོགས་གང་མང་ལའང་ཕན་པ་ཡིན།


བརྡ་འགྲེལ་གདོང་འཛར།

ཚོང་རྟགས། ཇ་རིགས། ཇ་ལྗང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།